14 Dec 2016
4 min 5 sec
Video Overview
Creators:
Dönkho, Jamyang Gyatso
This song talks about a broken relationship between two partners.
གླུ་འདི་ནི་ཕོ་མོའི་བར་གྱི་བརྩེ་དུང་ལ་གས་ཁ་བྱུང་བའི་གནས་ཚུལ་བརྗོད་པ་ཞིག་རེད།
གླུ་འདི་ནི་རོགས་འཐེན་གྱི་ཁོངས་སུ་འདུ་ལ། བྱེ་བྲག་ཏུ་དབྱེ་ན་རོགས་འཐེན་གྱི་འགལ་བའི་ཁོངས་སུ་གཏོག་པ་རེད། དེ་ཡང་གཙོ་བོ་ན་ཆུང་ཕོ་མོ་གཉིས་ཀྱི་བརྩེ་དུང་ལ་གས་ཁ་ཤོར་ཏེ་མ་འགྲིག་པའི་གནས་ཚུལ་བརྗོད་པ་ཞིག་རེད། གླུ་འདིའི་གནས་ཚུལ་རག་ཙམ་བརྗོད་ན། ན་ཆུང་ཕོ་མོ་གཉིས་མ་འགྲིག་པའི་གནས་ཚུལ་བརྗོད་པ་ཞིག་ཡིན་ལ། ཚིག་གི་བརྗོད་པའི་ངོས་ནས་བལྟས་ན་དཔེ་དོན་ཟུང་འབྲེལ་དུ་བྱས་པ་ཞིག་རེད།
这首歌主要讲述了一对男女之间有缘无份的爱情故事。
这是一首情歌,讲述了一对男女之间有缘无份的爱情故事。歌曲运用暗喻和明喻的手法描述了男孩和女孩的爱情是如何一步一步走向结束的过程。
- ད་བྲག་དམར་ལྷ་རིའི་རྩེ་མོ་ནས།
- རྟ་འདོ་བས་འཚེར་ལང་བྱེད་ཀི་མོ།།
- རྟ་འདོ་བ་ཡར་ཡར་འགྲོ་གི་མོ།།
- འདི་ཡར་ཡར་རྐྱང་ལ་འདྲེས་ཀི་མོ།།
- རྟ་འདོ་བའི་བྱང་ལམབརྗེད་ནི་རེད།།
- རྫ་ནགས་རི་རི་བོའི་རྩེ་མོ་ནས།
- འབྲུ་ཐུལ་ལུས་ངུར་དུར་བྱེད་ཀི་མོ།།
- འབྲི་ཐུལ་ལུ་ཡར་ཡར་འགྲོ་གི་གོ།།
- འབྲི་ཐུལ་ལུས་བེའུ་བརྗེད་ནི་རེད།།
- ད་བྲག་དམར་ལྷ་རིའི་རྩེ་མོ་ནས།
- རྟ་འདོ་བའི་འཚེར་ལང་བྱེད་ཀི་མོ།།
- མཐུར་བཟུང་ནས་འཛིན་དུ་སོང་བ་ན།།
- རྟ་འདོ་བ་ཡར་ཡར་འགྲོ་གི་མོ།།
- འདི་ཡར་ཡར་རྐྱང་ལ་འདྲེས་ཀི་མོ།།
- རྟ་འདོ་བས་བྱང་ལམ་བརྗེད་ནི་རེད།།
- འདིའི་བྲག་དམར་ལྷ་རིའི་རྩེ་མོ་ནས།
- འབྲུ་ཐུལ་ལུས་ངུར་དུར་བྱེད་ཀི་མོ།།
- ཟེའུ་བཟུང་ནས་བཞོ་རུ་སོང་བ་ན།།
- འབྲི་ཐུལ་ལུ་ཡར་ཡར་འགྲོ་གི་གོ།།
- འབྲི་ཐུལ་ལས་བེའུ་བརྗེད་ནི་རེད།།
- འདིའི་བྲག་དམར་ལྷ་རིའི་རྩེ་མོ་ནས།
- མ་བུ་ལོའི་ཚེ་རོགས་འགྲོ་གི་གོ།།
- དེའི་བྲག་དམར་ཆས་ཀི་རྟ་དེ་རེད།།
- རྟ་འདོ་བ་ཡར་ཡར་མ་སོང་ན།།
- མ་བུ་ལོའི་སེམས་ཁ་མི་བདེ་ཀི།།
- དེ་མས་ཀྱི་ཤར་ལུ་ཁྱོད་ཟེར་ནི།།
- ཁྱོད་ཡར་ལ་ཤོག་དང་ཁ་བརྡ་བྱེད།།
- ཁ་གདང་ནས་ཨ་ཞིག་མི་ཟེར་གི།།
- ཁྱོས་ཚིག་ཟུར་མིན་ན་མི་བྱེད་ཀི།།
- ཁྱོས་མིག་སྡང་མིན་ན་མི་བྱེད་ཀི།།
- ཁྱོས་ཆུང་མ་ལུ་ལོ་བརྗེད་ནི་རེད།།
- དེ་མི་དགོས་ཤར་ལུ་བུད་ད་སོང་།།
- འདིའི་ཞི་ལུ་ཞི་མོ་ཆ་མཉམ་རེད།།
- འདིའི་ཞི་ལི་མ་ལོའི་གཅེས་ཕྲུག་རེད།།
- འདིའི་ཞི་མོ་ཤར་ལོའི་ཚེ་རོགས་རེད།།
- ཚིག་དལ་འཇམ་ཞིག་ལ་ཤར་ལུར་གསལ།།
- འདི་ལག་ལ་གལ་མོ་ཆ་མཉམ་རེད།།
- འདི་ལག་མོ་གཅིག་གི་ལུག་ཡ་འདྲ།།
- འདི་ལག་ག་ཤར་ལུ་གྲོ་ཤ་རེད།།
- རྒྱལ་རླང་པ་འཁྱིལ་དུས་སྙིང་རེ་རྗེ།།
- འདིའི་ཐོ་རུ་ཐོར་མོ་མཉམ་སྐྱེས་རེད།།
- འདི་ཐོར་མོ་གཅིག་གི་རྟ་ཡ་འདྲ།།
- འདིའི་ཐོ་རུ་ཤར་ལུའི་ཇག་རྟ་རེད།།
- ལྕག་ཕྲ་མོས་མ་རྒྱག་ཤར་ལུ་མཁྱེན།།
- རྫ་གངས་དང་ཡུལ་གྱི་ས་མཚམས་ནས།།
- སྨིག་ལ་ལོང་ནང་ནས་ཆར་ཞིག་བབས།།
- ཆར་བསིལ་མས་ལྷོ་རླུང་བཀུག་གི་གོ།།
- ཁྱོད་ཞི་ལིའི་མགོ་ལྕོག་དུད་གི་གོ།།
- མ་བུ་ལོའི་སེམས་ཁམས་མི་དྭངས་ཀི།།
- དེ་མི་དྭངས་དགོས་བྱེད་མེད་ཀི་ར།།
- ཁོའི་རོགས་ལོ་ཁྱོད་ལ་སེམས་ནི་ཡིན།།
- ཁོ་རོགས་གསར་སྟོན་པའི་སྐུ་ཞིག་རེད།།
- མགོར་བཞག་ནས་འེ་མཛའ་ལྟ་གི་མོ།།
- ཁྱོད་རོགས་རྙིང་རྐང་འགོའི་ལྷམ་ཞིག་རེད།།
- རྡོར་བརྡར་ནས་འེ་ཐེད་ལྟ་གི་མོ།།
- དེ་མི་དགོས་ཤར་ལུ་བུད་ད་སོང་།།