Video Overview
དབྱངས་རྟ་འདི་བུད་མེད་རྣམས་ཀྱིས་བླངས་ན་ཡག གླུ་དང་རྩེད་རིག་ལེན་པ་ནི་མི་ལ་དགའ་བ་སྐྱེད་པ་དང་དགེ་བ་ཡིན་པས་རྒྱུན་དུ་ལེན་དགོས་པ་བསྟན་ཡོད།
- ཨ་ཤེད།
- གླུ་ལེན་ན་ལྷ་ཡུལ་ཁམས་ལ་ལེན། ༼ཡ་འགྲོ་འགྲོ།༽
- ལྷ་ཚངས་པ་དཀར་པོ་བཞུགས་ས་རེད།
- ཨ་ཤེད།
- ལྷ་ཕྲུག་མང་པོ་རྩེ་ས་རེད།༼ཡ་འགྲོ་འགྲོ།༽
- ལྷ་ལྷ་མོ་མང་པོ་བསུ་ས་རེད།
- ཨ་ཤེད།
- གླུ་ལེན་ན་ཀླུ་ཡུལ་ཁམས་ལ་ལེན།༼ཡ་འགྲོ་འགྲོ།༽
- ཀླུ་རྒྱལ་གཙུག་ན་བཞུགས་ས་རེད།
- ཨ་ཤེད།
- ཀླུ་ཕྲུག་མང་པོ་རྩེ་ས་རེད།༼ཡ་འགྲོ་འགྲོ།༽
- ཀླུ་ཀླུ་མོ་མང་པོ་བསུ་ས་རེད།
- ཨ་ཤེད།
- གླུ་ལེན་ན་ཁྲོམ་པའི་གྲལ་ལ་ལེན།༼ཡ་འགྲོ་འགྲོ།༽
- ནང་ཨ་ཁུ་འདི་རུ་བཞུགས་ས་རེད།
- ཨ་ཤེད།
- མ་སྲུ་མང་པོ་བསུ་ས་རེད།