Video Overview
Lumo Tsering from Chuma in Repgong tells a story, two parents kick their children out and later become beggars themselves.
- གནའ་གནའ་ཞིག་ལ་ས་ཆ་ཞིག་ན་རྒད་པོ་རྒན་མོ་གཉིས་ཡོད།
- ཁྱིམ་ཚང་གི་ཆ་རྐྱེན་མི་བཟང་བ་ཞིག་རེད།
- ཁོ་གཉིས་ལ་བུ་དང་བུ་མོ་གཉིས་ཡོད་གི
- ཉིན་ཞིག་ལ་རྒད་པོ་ཡིས་རྒན་མོ།
- བྱིས་པ་གན་གཉིས་པོ་མེད་རྒྱུ་ན།
- ངེད་གཉིས་ལ་འོ་མ་དཀར་ཡོལ་གང་རེ་ཡོད་ཀི།
- བྱ་བོ་སྒོང་བ་གཉིས་རེ་ཡོད་ཀི།
- ངེད་གཉིས་ཁ་ཉུང་ན་བཟང་གི་ཟེར།
- བྱིས་པ་གན་གཉིས་གཞན་ཞིག་ལ་སྟེར་ཟེར།
- རྒད་པོ་བྱིས་པ་གཉིས་ཀ་མ་སྟེར།
- ངས་བྱིས་པ་གཉིས་ཀ་བློས་གཏོང་མི་ཐུབ་གི་སྙིང་རྗེ་ཟེར།
- ཉིན་ཞིག་རྒན་མོ་ཁྱོད་ཅིག་ལ་སོང་ཟེར་ནས་འགྲོ་རུ་བཅུག་ནས།
- ལས་ཀ་ལ་འགྲོ་རུ་བཅུག་ནས།
- རྒད་པོ་ཡིས་བྱིས་པ་གཉིས་ཀ་ཁྲིད་ནས་སོང་སྟེ།
- ཡར་ལ་རི་ཞིག་ལ་ཁ་ལ་ཕུད་ནས།
- ཁྱོད་གཉིས་ཀྱིས་འདི་ནས་གྲོ་མ་བརྐོས་ནས་སྡོད།
- ཨ་ཕས་ཁྱོད་གཉིས་ལ་ཕྱི་དྲོའི་དུས་ལ།
- ཁང་བའི་ཀླད་ལ་བལྟས་ནས་སྡོད་དང་།
- ཀླད་ནས་ལག་གཡུག་བྱེད་ཟེར།
- དེ་དུས་ཁྱེད་གཉིས་ཡུལ་ལ་ཤོག་ཟེར།
- ཡ་ཟེར་ནས་བྱིས་པ་གཉིས་ཀྱིས་གྲོ་མ་བརྐོས་ནས་བསྡད་པས།
- ཨ་ཕ་ཡིས་ལག་གཡུག་མ་བྱས་པ་རེད།
- དེ་ནས་ཕྱི་དྲོ་ཉི་མ་ནུབ་དུས།
- ཕུ་ཐུང་འདྲ་བ་ཞིག་གཡུག་བཞིན་ཡོད་གི་འདོད་ནས།
- བྱིས་པ་གཉིས་ཀྱིས་ཨ་ཕས་ངེད་གཉིས་ལ་འབོད་བཞིན་ཡོད་གི་ཟེར་ནས།
- གྲོ་མ་འཁུར་ནས་རྒྱུགས་ནས་ཡོང་དུས།
- ཨ་ཕ་དང་ཨ་མ་གཉིས་ཡུལ་ན་མེད།
- དེ་ནས་ཡུལ་ལ་ཡོང་ནས་བལྟས་དུས།
- ཁང་ཀླད་ན་ཕུ་ཐུང་གཡུག་རྒྱུ་ཞིག་བཅོས་ཡོད།
- ཨ་ཕ་ཨ་མ་གཉིས་གང་ལ་བུད་སོང་འདོད་དེ།
- བཙལ་དུས་ཨ་ཕ་ཨ་མ་གཉིས་ཀ་མ་རྙེད་པ་རེད།
- མ་རྙེད་པར་བྱིས་པ་གཉིས་ཀ་ངུས་ནས།
- བྱིས་པས་ཨ་ཅེ་ང་སྐྲག་གི་ཟེར།
- དགོང་མོ་དེ་ནས་བསྡད་དེ།
- བྱིས་པ་གཉིས་ཀར་ཁ་གསོ་ཐབས་མེད་པར་ལྟོགས་ནས།
- ཁོ་གཉིས་ལྡོམ་ནས་ས་ཆ་ཞིག་ལ་སོང་ནས།
- ཨ་ཅེ་ཨ་ཅེ་འདི་ན་ལ་ཙེ་ཞིག་ཡོད་གི
- ཁྱེར་ཤོག་དང་དགོས་བའི་ཉིན་དང་དུས་ཡོད།
- ཡང་ཕ་རོལ་ལ་སོང་ནས་ཨ་ཅེ་ཨ་ཅེ་འདི་ན་ཕྱི་ལྤགས་ཤིག་ཡོད།
- ཁྱེར་ཤོག་དང་དགོས་བའི་ཉིན་དང་དུས་ཡོད།
- ཨ་ཅེ་ཨ་ཅེ་འདི་ན་བརྡལ་རིལ་ཞིག་ཡོད་གི
- ཁྱེར་ཤོག་དང་དགོས་བའི་ཉིན་དང་དུས་ཡོད།
- དེ་ནས་ཕ་རོལ་ལ་སོང་ནས་ཨ་ཅེ་ཨ་ཅེ་འདི་ན་རྐང་རྡུང་ཞིག་ཡོད་གི
- ཁྱེར་ཤོག་དང་དགོས་བའི་ཉིན་དང་དུས་ཡོད།
- ཁོ་གཉིས་ཀྱིས་དེ་ཚང་མ་ཁྱེར་ནས་ཕ་རོལ་ཐག་རིང་ཞིག་ལ་སོང་ནས།
- ཁང་བ་ཁང་ཆེན་ཞིག་ལ་ཐུག
- དེའི་ནང་ལ་སོང་ནས་སྒོ་ཕྱེ་སྟེ་ཟ་མ་སློང་ཟེར་དུས།
- ནང་ན་བཤད་རྒྱུ་གྲགས་རྒྱུ་གཅིག་ཀྱང་མེད་པ་རེད།
- ནང་ན་ཅིག་གི་རྗེས་ཤིག་ཡོད།
- ཨ་ཅེ་ཡིས་ངེད་གཉིས་འདི་ནས་གཞའ་ནས་འདུག
- མི་ཞིག་ཡོད་པ་ཁོ་ཐག་རེད་ཟེར་ནས།
- ཁོ་གཉིས་གནམ་གྱི་གཤག་སྲུབས་ནས་གཞའ་ནས་བསྡད།
- ཕྱི་དྲོ་འདྲེ་མོ་མ་བུ་གཉིས་ཐོན་པ་རེད།
- ཐོན་དུས་ཁོ་གཉིས་དེ་ནས་བསྡད་ནས།
- གཅིག་གིས་ཨ་མ་ཨ་མ་ངེད་གཉིས་གི་ཁྱིམ་ལ་མི་ངོ་ལེབ་ལེབ་ཅིག་གི་རྗེས་ཡོད་གི
- བུ་མོ་ཁྱོད་ཀྱིས་བླུན་བཤད་རྒྱག་གི་མ་འདུག་སྟེ་མི་ངོ་ལེབ་ལེབ་ཁྱོད་རེད་ལ་ང་ཡང་རེད་ཟེར།
- དེ་ནས་ཅུང་ཙམ་བསྡད་ནས་ངེད་ཚང་གི་ཁྱིམ་ན་མི་དྲི་དྲོ་བ་རེད།
- མི་ཁྱོད་ཡང་རེད་ལ་ང་ཡང་ཡིན་པས་ཁྱོད་ཀྱིས་བླུན་བཤད་རྒྱག་གི་མ་འདུག
- དེ་ནས་ཅུང་ཙམ་བསྡད་པས།
- མི་ངོ་ལེབ་ལེབ་ཁྱོད་རེད་ལ་ང་ཡང་རེད་ཟེར།
- མི་དྲི་ཁྱོད་ལ་ཡང་དྲོ་བ་རེད་ལ་ང་ཡང་དྲོ་བ་རེད།
- ཁྱོད་ཀྱིས་བླུན་བཤད་རྒྱག་གི་མ་འདུག་གཅིག་ཀྱང་ཡོད་ནི་མ་རེད་ཟེར།
- དགོང་མོ་མ་བུ་གཉིས་ཀྱིས་དགོང་ཇ་འཐུང་ནས་ཉལ།
- གནམ་གྱི་གཤག་སྲུབས་ནས་གཞའ་ནས་བསྡད།
- ཁོ་གཉིས་ལ་ཤག་ཤག་གི་སྒྲ་གྲགས་པས།
- ཨ་རོད་ཁྱོད་ཅི་ཞིག་ཡིན་ཟེར།
- དེ་ནས་རྐང་རྡུང་ཅུང་ཙམ་བུས།
- དེ་ནས་ཅུང་ཙམ་བསྡད་ནས་ཨ་རོད་ཁྱོད་ཀྱི་མགོ་སྲིངས་དང་ཟེར།
- ཕྱི་བའི་པགས་པ་བསྲིང་།
- གན་ཅི་ཞིག་ཡིན་ནམ་སྐྲག་ནི་ཞིག་རེད་ཟེར།
- དེ་ནས་ཅུང་ཙམ་བསྡད་ནས་ཨ་རོད་ཁྱོད་ཀྱི་ལག་པ་སྲིངས་དང་ཟེར།
- བརྡལ་རིལ་བསྲིང་བས་གན་ཅི་ཞིག་ཡིན་ནམ་སྐྲག་ནི་ཞིག་རེད་ཟེར།
- དེ་ནས་ཅུང་ཙམ་བསྡད་ནས་ཨ་རོད་ཁྱོད་ཀྱི་ཁ་གྲགས་དང་ཟེར།
- རྐང་རྡུང་བུས་པས་སྐྲག་ནི་ཞིག་རེད།
- དེ་ནས་ཅུང་ཙམ་བསྡད་ནས་ཁྱོད་ཀྱིས་མིག་གིས་ལྟོས་དང་ཟེར།
- ལྭ་ཙེ་ནང་ནས་བལྟས།
- གན་ཅི་ཞིག་ཡིན་ནམ་སྐྲག་ནི་ཞིག་རེད་ཅེས་བཤད་དེ།
- སོང་ནས་ཨ་མ་ཨ་མ་ང་ཉལ་རྒྱུ་སྐྲག་གི
- སླ་ང་ནང་ལ་སོང་ནས་ཉལ་རྒྱུ།
- སླ་ང་མ་ལ་མེ་ལོང་ནང་ནས་ཉལ་རྒྱུ།
- གཞིས་ཁང་གྲ་བཞའ་གྲུ་བཞི་ནང་ནས་ཉལ་རྒྱུར་སྐྲག་གི་ཟེར་ནས།
- ཁོ་མ་བུ་གཉིས་སླ་ང་མེ་ལོང་ནང་ལ་སོང་ནས་ཉལ།
- དེ་ནས་ཨ་ཅེ་དང་བུ་གཉིས་འཇབ་ནས་སོང་སྟེ།
- དེ་ན་རྡོ་རིལ་ཆེན་པོ་ཞིག་ཡོད།
- དེས་སླ་ངའི་ཁབ་ལེབ་མནན་ནས་སླ་ངའི་འོག་ཏུ་མེ་བུས།
- ཨ་ཚ་ཨ་ཚ་ཟེར་ནས་མ་བུ་གཉིས་ཀྱིས་འུར་བརྒྱབ་ནས།
- ཨ་ཚ་ངེད་གཉིས་ཐོང་ཟེར་ནས་འུར་རྒྱབ་པས།
- འུར་བརྒྱ་ཐམ་པ་བཏབ་ནའང་ནམ་གང་བོར་མེ་བུས་ནས་བསྡད།
- བུ་མོ་དང་བུ་དེ་གཉིས་ཀས།
- ཕྱི་ཉིན་ནངས་མོར་ནམ་ལངས་ནས་སླ་ངའི་ཁ་ཕྱེ་དུས།
- ལྷན་པ་གཉིས་ཀྱིས་ལོག་ཡོད།
- འདྲེ་མོ་མ་བུ་གཉིས།
- ཁོ་གཉིས་ཀྱིས་དེའི་ཤུལ་ནས་ཁང་བ་ནང་ལ་གཙང་སྦྲ་ཡག་པོ་ཞིག་བྱས་ནས།
- མཛོད་ཁང་གི་སྒོ་ཕྱེ་དུས་མི་རོ་རྟ་རོ་ཡིས་བཀང་ཡོད།
- མི་རོ་རྟ་རོ་ཚང་མ་མར་ལ་གཡུགས་ནས།
- ཟོག་ལུག་མང་པོ་ཡོད།
- ཟོག་ལུག་དེར་བདག་བྱས་ནས་ཁང་བ་ཁང་ཆེན་དེའི་ནང་ནས།
- འཚོ་བ་སྐྱིད་པོ་རོལ་ནས་བསྡད།
- བསྡད་པས་ཉིན་ཞིག་ལ་རྒད་པོ་རྒན་མོ་གཉིས།
- ལོ་ལོན་གཉིས་ཁོ་གཉིས་ཀྱི་སྒོ་ནང་ལ་ཟ་མ་སློང་དུ་ཐོན་པ་རེད།
- ཨ་རོགས་ཚང་ཟ་མ་ཞིག་སློང་ཟེར།
- དེ་ནས་ཟ་མ་སློང་དུ་ཡོང་ན་ཡར་ལ་ཤོག་ཟེར།
- དེ་ནས་སོང་ནས་བལྟས་དུས་ཨ་ཕ་དང་ཨ་མ་གཉིས་ཡིན་པ་རེད།
- ཨ་ཕ་དང་ཨ་མ་གཉིས་ཀྱིས་བྱིས་པ་གཉིས་ཡིན་པ་མ་ཤེས།
- ལོ་འགའ་འགོར་སོང་།
- དེ་ནས་ཁོ་གཉིས་ལ་ཇ་བླུགས།
- ཨ་ཕ་ཡི་དེའི་ནང་ལ་སྐྱག་རྡུལ་ཞིག་གི་ནང་ལ་རྟོལ་མ་དཀྲུགས་ནས་བྱིན།
- ཨ་མ་ཡི་དེའི་ནང་ལ་རྟོལ་མ་དཀྲུགས་ནས་ཇ་བླུགས།
- རྒན་མོ་འདི་ཅི་རེད།
- སྐྱག་དྲི་ཞིག་དྲོ་བ་རེད།
- རྒད་པོ་ཁྱོད་ཀྱིས་བླུན་བཤད་རྒྱག་གི་མ་འདུག
- ངས་འཐུང་ན་རྩམ་དྲི་དྲོ་གི
- ཞིམ་གི་འཐུང་ཟེར།
- དེ་མ་རེད་རྒན་མོ་ངས་བལྟས་ན་སྐྱག་དྲི་དྲོ་གི་ཟེར།
- ངས་བལྟས་ན་སྐྱག་དྲི་མི་དྲོ་གི
- ངོ་མས་ཞིམ་པས་འཐུང་དང་ངེད་གཉིས་ལ་བླུད་པ་ཤོད་དང་།
- དེ་ནས་རྒད་པོ་ཡིས།
- ངེད་གཉིས་ཁྱོད་གཉིས་ཀྱི་བུ་དང་བུ་མོ་གཉིས་པོ་ཡིན།
- ངས་ཁྱེད་གཉིས་བདའ་མ་བཏང་བ་ལ་ཁྱེད་གཉིས་དགའ་ནི་བྱོས་ཟེར།
- ཨ་མ་འདུག་ཏུ་བཅུག་ནས་ཨ་ཕ་བདའ་བ་རེད།
- ཨ་ཕ་ངུས་ནས་མིག་ཆུ་བཞུར་ཞོར་ཨ་ཕ་ལྡོམ་སོང་།
- མ་བུ་ཚོ་ཁང་བ་ནང་ནས་འཚོ་བ་སྐྱིད་པོ་རོལ་ནས་བསྡད།