03 Nov 2014
4 min 47 sec
Video Overview
Creators:
Tibetan & Himalayan Library
Jikmé Yeshé from Sonak village in Tsekhok tells the legend of a feud between Sonak and Konak villages.
བརྙན་ཐུང་འདིར་སོ་ནག་དང་ཁོ་ནག་ཞེས་པ་གཉིས་བར་གྱི་གཟུ་བཤད་སྐབས་ཀྱི་རྣམ་པ་བརྗོད་པའི་ས་གནས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་གཏམ་རྒྱུད་ཅིག་ཡིན།
བརྙན་ཐུང་འདིར་སོ་ནག་དང་ཁོ་ནག་ཞེས་པ་གཉིས་བར་གྱི་གཟུ་བཤད་སྐབས་ཀྱི་རྣམ་པ་བརྗོད་ཡོད་དེ། ཁོ་ནག་གིས་སྔོན་ལ་ཁྱིམ་ཚང་ཞིག་གི་སྐྱེས་མ་བསད་པ་དང་རྗེས་ནས་ཡང་གླང་རྒན་བསད། དེ་ཡང་སོ་ནག་གིས་ཨ་ལགས་གཙང་བྱུང་ཞེས་པ་ཞིག་བཟུང་མྱོང་བས་རྒད་པོ་ཞིག་གིས་ཁོ་ལ་བསྙེན་སྡིགས་བྱས་པ་དང་། མཇུག་མཐར་སོ་ནག་བོན་ཕྲུག་དང་ཁོའི་ཇ་མ་གཉིས་ཀྱིས་སྨྲ་སྒོ་ལ་བསྟེན་ནས་ཁོ་ཚོ་ལས་རྒྱལ་བའི་ངག་རྒྱུན་ཅིག་བརྗོད་ཡོད།
讲述了一个叫索纳和靠纳的人物裁判时的场景,是一段具有地方历史性的传说。
这段视频讲述了一个叫索纳和靠纳的人物裁判时的场景,是一段具有地方历史性的传说。靠纳杀害了某位男子的妻子还有一头牛 ,索纳曾经拘捕果一位活佛。在裁判中索纳笨知和他的茶房因为伶牙俐齿赢得了当时的裁判会。
- Sonag
- Tsekhok
- ང་ཚོའི་བོན་པོ་འདི་ན་རྐེན་པ་ཁྱ་ལུ་ཞེས་པ་ཞིག་ཡོད།
- དེའི་རྒན་མོ་ཁོ་ནག་གི་ཇག་པས་བསད།
- དེ་ནས་གླང་རྒན་ཞིག་བསད།
- དེས་རྗེས་ནས་སོ་ནག་དང་ཁོ་ནག་གཉིས་ཀྱིས།
- དོན་དག་བཤད་རྒྱུ་ཟེར་ནས་ཚོགས་པ་ཡིན།
- སྐབས་དེར་ཁོ་ནག་གི།
- གན་ཡོད་པ་རེད།
- དེ་ཡིད་ལ་མི་ཡོང་།
- ཁོ་ནག་གི་སྙིད་ནག་སྐུ་ལོ་ཡོད་པ་དང་།
- སྙིད་ནག་སྐུ་ལོ་ནི་ལོ་བརྒྱ་བཅུ་ཙམ་ཡིན་པ་དང་།
- གས་ཕུལ་སེར་པོ་ཞིག་གྱོན་ནས་ཡོང་ཡོད་པ་དང་།
- དེ་ནས་སོ་ནས་གཡས་ཕྱོགས་སུ་ཙོག་དང་ཁོ་ནག་གཡོན་ཕྱོགས་སུ་ཙོག་ནས།
- བླ་མ་དཔོན་པོ་སོགས་དཀྱིས་སུ་ཙོག་ནས།
- སོ་ནག་གིས་གཏམ་བཤད་ནས།
- བོན་པོ་འོན་པ་ཞེས་པ་ཞིག་ཡོད་པ་དེ་ཡོད་པ་དང་།
- ཁོ་ནག་གི་སྙིད་ནག་སྐུ་ལོ་ཞེས་པ་དེ་ཡོད།
- དེ་ནི་ལོ་བརྒྱ་བཅུ་ཙམ་ཡིན་པ་དང་།
- གས་ཕུལ་སེར་བོ་ཞིག་གྱོན་ཏེ་ཡོང་པ་དང་།
- མིག་བཙུམས་ཏེ་མ་ཎི་འདོན་ནས།
- འདི་ལྟར་ཙན་དན་ཕྲེང་བ་ཞིག་འཕེན་བཞིན་བསྡད་ཡོད་ཟེར།
- དེ་ནས་བར་སྐབས་ཤིག་ལ་ཙན་དག་ཕྲེང་བ་དེ་ཕུ་བཏབ་ནས་ལག་མགོར་སྐོན་རྗེས།
- ལོ་ལོན་ནས་མིག་ཤ་གཉིས་ཀས་མིག་གཉིས་བཀབ་འདུག་པའི་ཉམས་འགྱུར་བསྟན་ནས།
- འདི་ལྟར་མིག་སྐྱི་ནས་བཟུང་སྟེ་ཡར་མར་ལ་བལྟས་ནས།
- ཡ་ད་ཚང་མ་ཐོན་ཡོད་ག
- ཐོན་ཡོད་གི་ཅེས་པ་ན།
- འདི་ལྟར་བཤད་ཟེར།
- སྔོན་ལ་ཨ་ལགས་གཙང་བྱུང་ཟེར་བ་དེ་སོ་ནག་གིས་བཟུང་བ་དང་།
- ཁོ་གཉིས་བར་གྱི་འབྲེལ་བ་མི་བཟང་།
- ད་ཐེངས་ཡང་ས་ཕྱོགས་དང་སྡེ་བ་གཅིག་པའི་དབང་གིས།
- དེའི་དོན་དག་བཤད་མཁན་དུ་གྱུར།
- བསྟོད་མི་ཤེས་པ་ཞིག་གི་བསྟོད་པ་ལས་སྨད་ཤེས་པ་ཞིག་གིས་སྨད་ན་བཟང་ཞེས་པ་ལྟར།
- སོ་ནག་ལ་བླ་མ་གཙང་བྱུང་བཙོན་ན་བཟུང་བ་དེ།
- སོ་ནག་གིས་ཁྲི་ཐོག་གི་བླ་མ་བཙོན་ན་བཟུང་སྲིད།
- དེ་ཡིན་ན་གཙོ་ནོ། ཐུབ་ནོ། ཆེ་ནོ། གཉེན་ནོ་ཞེས་གཉེན་སྡུགས་བྱས་པ་དང་།
- དེ་ནས་སོ་ནག་བོན་ཕྲུག་གིས་གཅིག་ཡིན་ན་ཁྱོད་ནི་སྙིད་ནག་སྐུ་ལོ་རེད།
- ཁྱོད་ཉན་རྣ་བ་སངས་རྒྱས་རེད།
- ཁྱོད་གསུམ་ཕོ་ལོ་བརྒྱ་བཅུ་རེད།
- ཁྱོད་གསེས་ཡོད་པའི་ས་གཞི་སྐལ་ཡོད་ནི་རེད།
- བྱ་ཁུ་བྱུག་ཀྱང་གནམ་ས་སོ་ཡོད་ནི་རེད།
- ངས་སྡུག་ཞོར་གྱི་བླ་མ་བཟུང་ནི་ཡིན།
- ངས་དུང་ཆེན་ནང་གི་ཆུ་བླངས།
- ངས་འཁར་ངའི་ནང་དུ་ཕྱེ་རྫིས།
- ངས་བྱ་རྫས་གདོན་རྫས་བྱ་འཆའ་འཆའ་བྱས་ན།
- ང་བྱ་ཕྲུག་གདོན་ཕྲུག་ཙོང་སྐྱེས་སྐྱེས་བྱེད་གི་དེ་ལྟར་བཤད་པ་ཡིན།
- སྐབས་དེར་བོན་པོ་འོན་པ་དེས་ཀྱང་བཤད་པ་མཚམས་ཆད།
- བཤད་རྒྱུ་མེད་པར་གྱུར་།
- མེད་པའི་སྐབས་དེར།
- གྲག་ཏོ་ཟེར་བ་དེ་ཇ་མ་བྱེད་དུ་ཁྲིད་ཡོང་ཡོད་པ་དེ་མི་མེད་པོ་ཞིག་ཡིན།
- ཕྱིར་རུ་ཙོག་ཡོད་པ་དང་ཁོའི་པུས་མོའང་རལ་ཡོད།
- མི་ཚང་མ་དཀྱིལ་ཀྲུང་བྱས་ཏེ་ཙོག་ཡོད།
- ཁོས་ལྭ་བ་རལ་ཡོད་པས་དཀྱིལ་ཀྲུང་བྱས་ཏེ་ཙོག་ཐབས་མེད།
- སྐབས་དེར་སྤྱིར་ནས་འཚོ་བའི་ཆ་རྐྱེན་ཞན་པ་རེད།
- ཁོ་ནི་ཇ་མ་བྱེད་པར་ཁྲིད་པ་མ་གཏོགས་གཏམ་བཤད་པར་ཁྲིད་ནི་མིན།
- སྐབས་དེར།
- བླ་མ་དཔོན་པོ་ངས་ཁོ་ནག་གི་བཅོས་ནོ་ལས་ནོ་བཤད་ན་ཉི་མ་གསུམ་ལ་བཤད་པ་ཕར་ཞོག
- ཞག་མ་བདུན་ལ་བཏོན་ནས་མི་ཚར།
- ཨ་བླ་མ་དཔོན་པོ་ཞེས་དཀྱིས་སུ་བཞེངས་པ་ན།
- སེམས་ཅན་གྱིས་བལྟས་འདུག་པར་བཤད།
- སྐབས་དེར་བོན་པོའི་རྐེན་པ་ཁྱ་ལུའི་རྒན་པོ་བསད་པའི་རྒྱུ་མཚན་བཤད་ནས།
- གླིང་གེ་སེར་རྒྱལ་བོའི་ཇ་མ།
- རྒྱ་སྒོ་འོག་གི་ཁྱི་ལོག
- དཔའ་སྲིད་སུམ་ཅུའི་སྲི་མོ།
- འབྲི་མོ་ནང་གི་འདྲེ་མོ།
- ངའི་གསེར་བཟོ་ཡུལ་ན་གསེར་དུམ་ཡོད་ནོ་གསེར་མོ་མཚོ་གང་ལ་བུད་སོང་།
- དོན་སྒོ་མོ་བཏགས་ཏེ་གནས་ལ་བུད་སོང་ངམ།
- མིག་ཁྱིམ་ལ་ཤར་ནས་ཕྱིར་ཡོང་མེད་ག
- དེ་ལྟར་བཤད་པས་རྐེན་པ་ཁྱ་ལུ་ཞེས་པའི་རྒད་པོ་དེས་ཨ་ཡོ་ཤེ་ཞེས་བཤད་ཟེར།
- བ་རྒན་ཞིག་བསད་པ་དེ་ལ་ང་ཚོའི་ཁྱུང་སྐོར་བརྒྱ་ཡི་ཨ་བ།
- ངུར་ན་ཞང་སྒྲ་གྲགས་ནོ།
- ངོ་ན་གཉེར་མ་ཅན་པོ།
- སྐེ་ན་འཐེན་མ་ཅན་པོ།
- ཅ་རོ་དུང་ར་ཅན་པོ།
- སོང་ན་རྨུག་པ་ཅན་པོ།
- དེ་ལྟར་བཤད་ནས་གླང་རྒན་ལའང་དེ་ལྟར་བསྟོད་པ་བྱས་པའི་བཤད་སྲོལ་ཡོད།