Video Overview
Jikko from Meshül village in Tsekhok tells the story of Norgo Jigser of Tsekhok.
བརྙན་ཐུང་འདིར་ནོར་མགོ་འཇིགས་སྲིད་ཀྱི་བྱུང་བ་དང་དེའི་མི་ཚེའི་ལོ་རྒྱུས་དངོས་དེ་བརྗོད་ཡོད།
བརྙན་ཐུང་འདིར་ནོར་མགོ་འཇིགས་སྲིད་ཀྱི་བྱུང་བ་དང་ཁོའི་མི་ཚེའི་ལོ་རྒྱུས་བརྗོད་ཡོད་ལ། ནོར་མགོ་འཇིགས་སྲིད་ནར་སོན་རྗེས་ག་ས་གང་ལ་ཇག་ཏུ་སོང་བ་དང་། རྗེས་ནས་བོན་རྒྱ་ནས་ཆུང་མ་བླངས་བས་རིམ་བཞིན་ཕྱུག་པོར་གྱུར། དེ་ནས་རང་སྡེ་བ་ནས་ཡང་ཆུན་མ་ཞིག་ཀྱང་བླངས་བ་རེད། ཁོ་ནི་ག་གང་ས་ཇག་ལ་སོང་བས་ཁོས་མིང་ནི་མདོ་སྨད་ཡུལ་གྲགས་སོང་བ་དང་། རྗེས་ནས་བཙན་མོ་སྡེ་བའི་སྐྱེས་པ་ཞིག་དང་འཛིང་རེས་བྱས་པས་དེའི་ཁྲོད་ནས་ཤི་སོང་བའི་གཏམ་རྒྱུད་བརྗོད་ཡོད། སྐབས་དེའི་སྤྱི་ཚོགས་ནང་སྐྱེས་པ་སུ་ཞིག་འཛིང་རེས་བྱེད་པར་མཁས་ཞིང་འཕྲོག་བཅོམ་ལ་མཁས་ན་དེ་ནི་དཔའ་བོའི་གྲས་སུ་གཏོགས་པ་དང་ནོར་མགོ་འཇིགས་སྲིད་ཀྱང་སྐབས་དེའི་དཔའ་བོའི་གྲས་ཡིན། དེ་ལས་ནོར་མགོ་ཞེས་པ་ནི་ས་མིང་ཞིག་སྟེ་དམེ་ཤུལ་ཚོ་ཆེན་དགུ་ལས་ཚོགས་བཟང་ཚོ་ལྔའི་ཡ་གྱལ་ཅིག་ཡིན་ནོ།
本段视频讲述了诺果久赛的人生,是属于当地的真实的历史。
这段视频讲述了诺果久赛的的出身环境和他的人生。自从诺果久赛长大后他就开始到处打劫,他在文加村娶了一位妻子之后生活慢慢富裕起来了,之后又在本村了娶了个小妾。由于去各处打劫他的名气很大,之后跟一位赞毛村的男子发生冲突而丢了性命。当时只要善于争斗或打劫人们就会称他为英雄,而诺果久赛正是这样的英雄,其中诺果是麦秀村的一个地名。
- Tsekhok
- Meshül Ngakkhang
- Golok Nomadic Area
- Lhasa
- Dowa Böngya Gönpa
- ནོར་མགོ་འཇིགས་སྲིད་ཟེར་བ་ནི་དམེ་ཤུལ་ནོར་མགོ་ཚང་གི་རེད།
- བླ་མ་གཙང་ཟེར་བ་ཞིག་ཡོད།
- ངས་གོ་ཐོས་ལྟར་ཡིན་པ་ལས་ཁོ་ཐག་ཡིན་པ་མི་ཤེས།
- གོ་ཐོས་ལྟར་ན་བླ་རྒན་ཡིན་དུས་མག་པ་བཞག་པ་དང་།
- མག་པར་ཡོང་བ་དང་།
- བླ་རྒན་དེའི་བུ་ནི་བན་ལོག་ཀླུའི་མགོ་རེད།
- བན་ལོག་ཀླུའི་མགོ་ནི་བུ་བླ་མ་དོན་འགྲུབ་ཡིན།
- བླ་མ་དོན་འགྲུབ་ཀྱི་བུ་ནི་ནོར་མགོ་འཇིགས་སྲིད་དང་ནོར་མགོ་གབ་ལོག
- ནོར་མགོ་ཟུར་རྒྱལ། ནོར་མགོ་རུ་ལོ་རྒྱལ་བཅས་བུ་བཞི་ཡོད།
- སྐབས་དེར་ནོར་མགོ་བན་ལོག་ཀླུའི་མགོ་ནི་འཁྱམ་པ་ཞིག་ཡིན།
- རྗེས་ནས་འཇིགས་སྲིད་རིམ་བཞིན་ནར་སོན་པ་ན
- ཇག་མགོ་དམག་མགོ་བསྡུས་ནས་ཡར་བུད་པ་དང་།
- དེ་ནས་བོན་རྒྱ་ནས་ཆུང་མ་ཞིག་བླངས་པ་དང་།
- མི་རྐྱང་བྱས་ནས་ལ་ལུང་ལ་འཁྱམས་ནས་བསྡད།
- དེའི་སྐབས་སུ་མིང་ལ་ཅོ་ལོ་རྒྱལ་བཏགས། གཅིག་ཀྱང་མེད་པ་འདྲ།
- བོན་རྒྱ་ནས་ཆུང་མ་ཞིག་བླངས་པ་དང་མིང་ལ་མཚོ་རྒྱལ་ཟེར་བ་རེད།
- དེ་བླངས་པ་ནས་བཟུང་རིམ་བཞིན་ཕྱུག་པོར་གྱུར་བར་བཤད།
- དེ་ནས་ཇག་མགོ་དམག་མགོ་བྱས་ཏེ
- སོག་པོ་དང་ཨ་མཆོག་གི་ཕྱོགས་སོགས་ཁ་ཟས་བྱས།
- དེ་དཔེ་མི་སྲིད་པ་ཞིག་སྐྱེས་ནས་དེ་འདྲ་ཞིག་རེད་།
- མི་ངར་བ་ཞིག་སྐྱེས།
- སྐྱེས་པ་དེ་འདྲ་ཞིག་རེད།
- དེའི་རྗེས་ནས་དམེ་ཤུལ་གྱི་ནང་ནས་ཆུང་མ་ཞིག་བླངས།
- ཆུང་མ་ཞིག་བླངས།
- དེའི་རྗེས་ནས་ནོར་མགོ་ཨ་ཁུ་ཚང་ཞེས་རྩིབས་ས་ཞིག་གིས་རྩིས་བྱས་ནས།
- བོན་རྒྱ་ནས་བླངས་པའི་ཆེན་མ་ནི་མར་གྱི་བཀར་དོ་ཞིག་ཡར་ལ་སྐྱོར་འདྲ་བ་ཞིག་རེད་ལ།
- ཆུན་མ་ནི་དེ་ཁ་ཕྱེ་ནས་རྫོགས་པ་དང་འདྲ་བར་མི་བཟང་བར་བཤད།
- དེ་ནས་ནོར་མགོ་འཇིགས་སྲིད་ནི་ས་གྲགས་གནམ་གྲགས་སུ་གྱུར་ནས་མདོ་སྨད་ལ་གྲགས།
- མགོ་ལོག་ཕྱོགས་ནས་ལྷ་སའི་ལམ་དང་།
- གང་དུ་སོང་ནའང་མིང་གྲགས་ཆེ།
- བུ་རྟགས་བཞག་ཡོད་པ་དང་། དཔའ་རྟགས་ཡོད་པ་རེད།
- དེ་རྗེས་ཨ་མཆོག་གི་ཕྱོགས་སུ་སོང་བ་དང་།
- ཁེར་རྒྱུགས་བྱས་ནས་མི་གསད་པ་སོགས་སུའང་འདུས།
- བཙན་མོ་འབྲུག་རྩེ་ཟེར་བ་ཞིག་ཡོད་པ་དང་།
- སྟོང་བྱའི་ཝ་ལོ་ཞེས་པ་དང་མ་འགྲིག་པ་དེ་ལ་ཁག་བཞག་ནས་ས་འདབས་ཞིག་བཟུང་བ་ཡིན།
- དེར་བསྙོན་འཛུགས་བྱས་ནས་གཏོང་ཁ་མ་ཉན་མར་རྒྱུ་ནོར་མང་པོ་ཞིག་བླངས།
- རྒྱུ་ནོར་མང་པོ་ཞིག་བླངས།
- དེའི་སྤུན་ནི་བཙན་མོ་སྤྱི་ཏོ་རེད།
- བཙན་མོ་སྤྱི་ཏོ་ནི་ཧ་ཅང་བློ་རྒོད་ཞིག་ཡིན།
- དེའི་རྗེས་ནས་རྫོང་བོན་དོན་ནག་གི་ཨ་ཕའང་ནོར་མགོས་བསད།
- ནོར་མགོ་གབ་ལོག་སྟེ་ནོར་མགོ་འཇིགས་སྲིད་ཀྱི་སྤུན་གྱིས་བསད།
- རྗེས་ནས་རྫོང་བོན་དོན་ནག་སོགས་ཀྱིས་མགོ་བསྡུས་ནས།
- འཇིགས་སྲིད་བཙན་མོ་ལ་ཡོང་བ་དེ།
- ཁོ་ཚོས་གསོད་པར་གྲ་སྒྲིག་བྱས།
- དེའི་སྐབས་དེར་ནོར་མགོ་ཨ་ཁུ་ཁམས་པ་ཚང་གིས།
- ཁོས་རྨི་ལམ་ཞིག་རྨིས་པ་དང་།
- ཨ་མྱེས་གཉན་རི་ཚང་གི་འཁོར་དང་བཅས་པ་ཁོའི་ཁང་བ་ནང་དུ་ཡོད།
- ཕེབས་པ་དང་མཉམ་དུ་གསེར་གཞི་ཚང་མར་ཆར་ཤ་རྒྱུགས་སོང་།
- མཆོད་མེ་སྒྲོན་པ་དང་འདྲ།
- ད་ཐེངས་གབ་ལོག་དང་འཇིགས་སྲིད་གསོད་སྲིད།
- གབ་ལོག་ལ་གདུགས་དཀར་ཁྲི་ཞིག་འདོན་དགོས། བཏོན་ཚེ་སྐྱོན་མི་འདུག
- མ་བཏོན་ཚེ་གསོད་སྲིད།
- འཇིགས་སྲིད་ལ་བསང་བྱེ་བ་ཞིག་ཕུལ་དགོས།
- བསང་བྱེ་བ་ཞིག་ཕུལ་ཚེ་མི་གསོད་གི
- མ་ཕུལ་ཚེ་གསོད་སྲིད་ཅེས་ཟེར།
- ངས་གདུགས་དཀར་ཁྲི་བོ་དེ་འདོན་ཐུབ།
- བསང་བྱེ་བ་དེ་ཕུལ་ཐུབ་རྒྱུ་མ་རེད་ཟེར།
- དམེ་ཤུལ་གྱི་དགོན་པ་དེ་སྔོན་ལ་གནས་དེ་ན་མེད།
- དེའི་གོང་གི་ལུང་བ་ཞིག་ན་ཡོད་པ་འདྲ།
- དེའི་ཁ་གྲངས་ལངས་ནས། གདུགས་དཀར་དེར་བསྟད་པ་དང་།
- བསང་བྱེ་བ་དེ་ངས་ཕུལ་བ་བརྗེད་སོང་། སྤྱིར་ཡིན་ན་ནས་བརྒྱ་ཡོད་པ་དེ་ཕུལ་ཆོག
- ངའི་དྲན་པ་སླུས་སོང་།
- དེ་ནས་ཨ་མྱེས་གཉེན་ཚང་འཁོར་དང་བཅས་ཏེ་འདུན་བྱེད་ཞོར་དང་བུད་སོང་།
- དེའི་ཕྱིར་ཉིན་བསད་པ་ཡིན། ལམ་ནས་སྒུག་བསྡད་པ་ཡིན།
- དེ་ནས་ཡོང་སྐབས་རྟས་ཐེ་ཚོམ་བཟུང་ནས་མི་ཡོང་བར།
- ཐུར་འགྲས་སྒང་གསུམ་ཟེར་བ་དེ་ན་ནགས་ལམ་གཅིག་ཡོད།
- བཙན་མོ་སྤྱི་ཏོ་ཅན་ནི་ལག་འགུལ་ནས་སྔོན་ལ་སོང་ཡོད་པ་དང་།
- གང་ལ་སོང་ན་དེ་རྒྱུགས་ཆོག་པ་དང་།
- ཕན་ཚུན་ཕར་ཚུར་གཡས་གཡོན་ནས་བསྡད།
- ཕར་ལ་འགྲོ་ན་འདིར་ལྡིང་བ་དང་འདིར་ཡོང་ན་འདི་ནས་སྒུག་པ་རེད།
- རྟ་མི་འགྲོ་བར་ཀུ་ཞིག་བཏབ་ནས་རྟ་ལྕགས་ཀྱིས་བརྒྱབ་ཏེ།
- སྐྲ་གཡས་གཡོན་ལ་བླངས་པས་གཟོད་རྟ་བུད་སོང་།
- ཧོ་ཞི་ཁྲིད་ཡོད་པ་ཧོ་ཞི་ཁ་བློས་དང་ཟེར།
- གབ་ལོག་གིས་ཁ་ལེན་པའི་སྐབས་སུ་སྔ་གཞུགས་ཤོར་ནས་འཇིགས་སྲིད་ར་མགོར་ཐོན་དུས།
- བཙན་མོ་སྤྱི་ཏོས་ལྟ་དུས་གྲོགས་པོ་ཚང་མས་བོའུ་ཡི་མཆུ་ཏོ་འདར་བཞིན་ཡོད་ཟེར།
- ད་མི་ཐུབ་ཀི
- ངས་བརྒྱག་རག་བར་དུ་ཁྱོད་ཚོས་གཅིག་གིས་ཀྱང་བརྒྱག་ཟེར་ནས།
- ཟུར་དུ་འདུག་པའི་སྐབས་སུ་བོའུ་བརྒྱབ་ཏེ་གཤུ་ནི་ཕར་ལ་ཕུགས།
- ཐང་ལ་ལྷུང་རྗེས་སྡོང་རྩ་ཞིག་ལ་སྦས་རྗེས།
- བཙན་མོའི་ནང་དུ་ཁྲོ་ལ་ཟེར་བ་ཞིག་ཡོད་པ་ཡར་བླངས་ཏེ།
- མ་རིག་ནི་ཚང་མ་ཡར་བླངས་བ་རེད་ཟེར།
- ཡར་བླངས་མ་ཐག་བོའུ་ཁ་གྲག་པ་ན་རྩམ་ཁུག་ལ་ཁུང་བུ་ཞིག་གཏད་ཡོད་ཟེར།
- དེའི་སྐབས་སུ་ཡང་བསྐྱར་ཚད་ནས་འདུག་པ་ན་བཙན་མོ་སྤྱོ་ཏོ་མ་འགུལ་མ་འགུལ་ཡུབ་ནས་སྡོད་ཟེར་ནས།
- ཁོ་འགྲམ་ནས་ལྡིང་དེ་སྔོན་ལ་རྒྱུགས་པས་བསད་པ་རེད།
- གསོད་རྒྱུ་དེ་དོན་དག་ཆེན་པོ་ཞིག་གི་དོན་མ་རེད།
- ཁོ་ལ་མཚོན་ན་ཡང་ཞེ་འགྱེ་སོང་ཡོད་པ་རེད།
- ཁོ་ཡང་གང་ལྟར་ཚར་དགོས་ནི་རེད།
- དེ་མ་གཏོགས་ནོར་མགོ་ཨ་ཁུ་ཚང་གིས་བྱ་བ་གང་ལ་གྲ་སྒྲིག་བྱས་ཡོད་མོད།
- འོན་ཀྱང་ཁོས་ལས་དབང་འདི་རྫོགས་སོང་བ་རེད།