Video Overview
Dorjé from Chakor village in Repgong tells the story of a man went on pilgrimage from Lhasa to India, later became a business leader.
འདིར་སྐྱེས་པ་ཞིག་ལྷ་ས་ནས་རྒྱ་གར་ལ་མཇལ་དུ་འགྲོ་སྐབས་ལམ་བར་དུ་དུངཙེ་གཅིག་རྙེད་ནས་དེའི་བདག་པོས་ཁོ་རང་ཚོང་དཔོན་ལ་བཞག་པའི་གཏམ་རྒྱུད་བརྗོད་ཡོད།
འདིར་སྐྱེས་པ་ཞིག་གནས་མཇལ་བ་དག་དང་མཉམ་དུ་ལྷ་ས་ནས་རྒྱ་གར་ལ་འགྲོ་སྐབས། ལམ་བར་གྱི་གྲོ་ཁ་མེད་པས་གྲོགས་པོ་རྣམས་ལ། ཕར་ལ་འགྲོ་སྐབས་ཁྱོད་ཚོས་ང་ལ་རོགས་རེ་བྱོས་དང་རྒྱ་གར་ལ་ཐོན་རྗེས་ངའི་སྲིང་མོ་རྒྱལ་བོ་ཞིག་གི་བཙུན་མོ་ཡིན་པས་ཕྱིར་ཡོང་གི་ལམ་རྒྱགས་ངས་གྲ་སྒྲིག་བྱེད་ཟེར་ནས། སྲིང་མོ་དེ་རྙེད་སྐབས་ངོས་ལེན་མ་བྱས་པས་ཕྱིར་འོང་། ལམ་བར་དུ་སྐྱེས་པ་དེས་དོང་ཙེ་གཅིག་རྙེད་པ་དང་དེའི་བདག་པོས་ཁོ་རང་ཚོང་དཔོན་ལ་བསྐོས། ལོ་གཉིས་ཙམ་ལ་ཚོང་རྒྱག་ཏུ་སོང་ཡང་ཁོས་གཅིག་ཀྱང་མ་བཙོང་བར་ཕྱིར་འོང་། རེད་ཀྱང་བདག་པོས་སྔར་བཞིན་འཁང་ར་གཅིག་ཀྱང་མེད་པར་སྟོན་མོ་སོགས་བྱས། ཕྱིར་ལོའང་ཚོང་ལ་སོང་ནས་གཅིག་ཀྱང་མ་བཙོང་། ཡིན་ཡང་ཁོའི་རྡོ་ཕ་བོང་ཞིག་ལས་གསེར་མང་པོ་རྙེད་ནས་བདག་པོ་ལ་སྤྲད་རྗེས་ཡང་སྟོན་མོ་བྱས་པ་ཡིན། སྐབས་དེར་སྲིང་མོས་ཀྱང་རང་གི་ཕུ་བོ་བཙལ་ཏུ་ཡོང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
讲述了一个男人跟一群人去拉萨到印度朝拜,在回来的路上捡到了一枚铜币,而铜币的主人让他当商人的故事。
讲述了一个男人跟一群人去拉萨到印度朝拜,由于他没有干粮跟朋友们说,在朝拜的路上他们帮助他,等到了印度我向他的妹妹要点粮食当回来的食物,但是等找到妹妹时没认他。在回来的路上的路上捡到了一枚铜币,而铜币的主人让他当商人。然后让他去卖东西,结果一个都没能卖出去。第二年还是一样,但是他在一个磐石里捡到了很多金子。他如实地告诉了主人,最后他的妹妹也来认这个哥哥了。
- Lhasa
- འདི་ནས་ལྷ་སའི་ཕྱོགས་ལ་འགྲོ་བའི་དབུས་ས་དག་ཡོད་ལ།
- དབུས་ས་དེའི་ནང་དུ་བུ་ཞིག་གི་སྲིང་མོ་སྔོན་ལ་ལྷ་སར་སོང་ནས།
- རྗེས་ནས་རྒྱ་གར་གྱི་རྒྱལ་བོ་ཞིག་གི་བཙུན་མོར་བྱས་པ་ཡིན།
- དེ་ནས་ཁོས་དབུས་རོགས་ཚོར་ད་ཐེངས་ཁོ་ལ་བྲོའང་ཁྱེར་རྒྱུར་མེད་པས།
- ཁྱོད་ཚོས་ད་ཐེངས་འགྲོ་སྐབས་ང་ལ་བྲོ་སྣོན་ཞིག་བྱས་དང་།
- ཕྱིར་ཡོང་སྐབས་ངའི་སྲིང་མོ་རྒྱ་གར་གྱི་རྒྱལ་པོ་དེའི་བཙུན་མོ་རེད།
- ཕྱིར་ཡོང་སྐབས་ཀྱི་བྲོ་ལ་འདང་རྒྱག་མེད་ཅེས་བཤད།
- ཆོག་གི་ཟེར་ནས་ཚང་མ་འགྲོགས་ནས་ལྷ་སར་མཇལ་བ་དང་།
- དེ་ནས་རྒྱ་གར་ལ་སོང་བ་དང་།
- འདྲི་ཞོར་དུ་སོང་བ་ན།
- རྒྱལ་བོ་དེ་ཚང་ལ་ཐུག
- དེ་ནས་ལྷས་ལ་སོང་ནས་ཁྱོད་ཀྱིས་ང་རང་ཤེས་སམ།
- ང་ནི་ཁྱོད་ཀྱི་ནུ་བོ་ཡིན་ཞེས་བཤད་པ་ན།
- མོ་རང་ཅུང་ཙམ་ངོ་ཚ་ནས་ང་ལ་ནུ་བོ་ལ་སོགས་པ་མེད་ཅེས་བཤད།
- ནུ་བོ་ལ་ཁ་ཡ་མ་བྱས་པ་མེད།
- ཁོ་རང་ཡང་གྲོགས་པོ་ཚོར་ངོ་ཚ་ནས།
- གྲོགས་པོ་ཚོས་ཁྱོད་རང་ངོ་ཚ་དགོས་ནི་མ་རེད།
- མི་ཟེར་བ་ང་ཚོས་ཤེས་ནི་མ་རེད།
- མ་གཅིག་གི་ཁོག་བརྒྱུད་ནའང་ཁྱོད་ལ་འདང་ཆེ་བ་ཞིག་ཡིན་ན།
- དེ་འདྲ་ཡིན་མོད། དེ་འདྲ་མིན་པའང་ཡོད་སྲིད་པ་རེད།
- ཁྱོད་ངོ་ཚ་དགོས་དོན་མེད།
- ང་ཚོ་ཡར་ལ་ཅི་ལྟར་ཡོང་བ་ཕྱིར་ལའང་དེ་ལྟར་འགྲོ
- ཁྱོད་ཀྱིས་དེ་ལ་སེམས་ཆུང་ཆུང་འཛིན་མི་དགོས་ཞེས་ནས།
- ངས་ཁྱོད་ཚོར་ཡར་ལ་ལན་འཆག་བཟོས་ནས།
- མར་ལ་ལན་འཇག་བཟོས་ནས་ཁྱོད་ཚོ་ལ་འོས་མེད་བྱས་སོང་།
- ངས་འདི་འདྲ་ཞིག་ཡིན་པ་མ་འདོད་ཅེས་བཤད།
- དེར་སྐྱོན་མེད་གི་ཞེས་བཤད་ནས།
- ཁོ་ཚོ་མཉམ་དུ་འགྲོགས་ནས་འགྲོ་སྐབས།
- རྒྱལ་བོ་ཞིག་གི་ཚོང་དཔོན་ངར་བ་ཞིག་ཡོད་པ་དེ་ཤི་སོང་བ་རེད།
- དེའི་རྗེས་ནས་ཁོས་ཚོང་དཔོན་ཞིག་དགོས་བསམས་ནས་རྩད་བཅད་ཀྱང་མ་རྙེད།
- གསེར་ནག་གི་དོང་ཙེ་གཅིག་ལམ་ནང་དུ་འཕངས་ནས།
- དེ་སུས་རྙེད་ན་དེ་ནི་ཁོའི་ཚོང་དཔོན་ཡིན།
- ཞེས་བཤད་པ་ན་དོང་ཙེ་དེ་སྲིང་མོའི་ཁ་ཡ་མ་བྱས་པའི་བུ་དེས་རྙེད་པ་རེད།
- རྙེད་པའི་སྐབས་དེ་ལ་ཕ་གི་ན་དོང་ཙེ་འཕེན་མཁན་དེའི་ལྟས་བསྡད་ཡོད་པས།
- ཁྱོད་འདིར་ཤོག་དང་ཞེས་བཤད་པ་ན་ཁོ་རང་སྐྲག་ནས་ཕྱིར་འཕེན་ལ་ཁལ་བྱས།
- འདི་ལེན་མི་ཉན་པར་འདོད་ནས།
- ཁྱོད་སྐྱོན་མེད་འདིར་ཤོག་དང་ཞེས་བཤད་པ་ན།
- ཁོས་དོང་ཙེ་འདི་འདིར་འཕངས་ནས་ལོ་གསུམ་ཙམ་འགོར་ཡང་མི་གཅིག་གིས་ཀྱང་མ་རྙེད།
- ཁྱོད་ཚོང་དཔོན་བྱེད་དགོས་ཞེས་བཤད་པ་ན་ང་ཚོང་དཔོན་བྱེད་ཐུབ་པའི་མི་དེ་འདྲ་ཞིག་མིན།
- བྱ་བ་ལམ་ལ་འགྲོ་བའི་མི་ངར་བ་ཞིག་མིན།
- ཁྱོད་ཀྱིས་ཡང་བསྐྱར་ཕོངས་དང་ཞེས་བཤད་པ་ན།
- ཁྱོད་རང་ཉིད་ངར་བ་ཞིག་ཡིན་ཞེས་ངས་ཁྱོད་ཚོང་དཔོན་ལ་བསྐོས་པ་མིན།
- འདི་གནམ་གྱིས་བཀོད་སྒྲིག་བྱས་པ་ཡིན།
- ཁྱོད་ནི་ངའི་ཚོང་དཔོན་བྱེད་དགོས་ཞེས་བཤད་ནས་སྟོན་མོ་སོགས་བྱས།
- ཚོང་བ་དེས་ཁོའི་སྔོན་གྱི་ཚོང་དཔོན་ངར་བ་དེ་ཤི་བའི་རྗེས་སུ།
- ཡང་བསྐྱར་ཚོང་དཔོན་ངར་ཞིག་བཞག་འདུག་ཞེས་ག་ས་གང་དུ་གྲགས་ནས།
- ཁོའི་གྲོགས་པོ་རྣམས་ལའང་བྲོ་སྣོན་མང་པོ་ཞིག་བྱས་རྗེས།
- ལས་དབང་གིས་ཁོ་རང་འགྲོ་མི་ཐུབ་ཡང་།
- ཁོ་ཚོས་རང་ལ་རོགས་བྱས་མྱོང་བས་ཕན་ཐོགས་དགོས་བསམས་ནས།
- གྲོགས་པོ་ཚོ་ལའང་རྒྱལ་བོས་ཕན་མི་འདྲ་བ་ཞིག་བཏགས།
- དེ་ནས་ལོ་མང་པོ་ཞིག་ལ་ཚོང་མ་བརྒྱབ་པ་རེད།
- གྲུའི་ནང་དུ་རྒྱུ་ནོན་པ་མང་པོ་ཞིག་བརྩིགས་རྗེས་ཚོང་ལ་སོང་།
- ཕྱིའི་རྒྱ་མཚོ་ནང་དུ་གྲུ་བརྒྱབ་ནས།
- དེ་ནས་སོང་དུས།
- སེམས་ཅན་གྱིས་གྲུ་དེ་དག་བརྒྱབ་ནས་མཚོ་ཡི་འགྲམ་ལ་ཐོན་དུས།
- ཚོང་རྫས་རྣམས་ས་ཐོག་ཏུ་བླངས་ནས་ཡར་མར་ལ་བཙོང་དུ་སོང་།
- ཚོང་བ་གཞན་དག་གིས་བཙོང་ཚར་སོང་བ་རེད།
- ཁོས་ཁྲེ་ཙེ་གང་ཡང་བཙོང་མ་ཐུབ།
- དེ་ནས་གྲོགས་པ་ཚོས་ང་ཚོ་སྔ་ས་ནས་ལམ་ལ་ཆོས།
- ཁྱོད་རང་ཅི་བྱས་སོང་ངམ་ཞེས་དྲིས་པ་ན།
- ཁོས་བཙོང་མ་ཚར་ཐལ་ཞེས་བཤད།
- ཕྱིར་ཡོང་ནས་ཁོ་ཅི་འདྲ་འདྲའི་མི་ལས་ངན་ཞིག་རེད་འང་།
- མི་གཞན་དག་གིས་འདི་ལྟར་བཙོང་ཚར་སོང་།
- དེ་ནས་གཅིག་ཀྱང་མ་བཙོང་བར།
- ཕར་ལ་སོང་བའི་ཚོང་བ་ཕྱིར་ལམ་ལ་ལངས།
- དེ་ནས་ཕྱིར་ཡོང་།
- ཕྱིར་ཐོན་སྐབས་ཚོང་བ་བསུ་མཁན་རྣམས་ཀྱིས།
- རྒྱལ་པོ་དེས་ཚོང་དཔོན་ལས་འགྲུབ་ཞིག་བཞག་ཡོད་ནི་ཟེར་ནས།
- ཚང་མས་སྔོན་གྱི་ཚོང་བ་དག་གིས་གནས་ཚུལ་འདྲི་བ་ལས་ཁོའི་གནས་ཚུལ་དྲིས་པ་ན།
- དེའི་རས་ཁྲེ་ཙེ་གང་ཡང་བཙོང་མ་ཐུབ་ཟེར།
- དེ་ནས་ཕྱིར་ཡོང་ནས་རྒྱལ་བོ་ལ་ངས་སྔོན་ལ་ཁྱོད་ཇི་ལྟར་བཤད་དམ།
- ཁྱོད་ཀྱིས་ཡང་བསྐྱར་ཚོས་དཔོན་ཞིག་ཞོག་དང་།
- ངས་ཁྱོད་གནོད་བསྐྱལ་མེད་ཀྱང་ཁྱོས་རྒྱུ་རྫས་ཕྱིར་ལ་སྐོར་མ་ཐུབ་ཅེས་བཤད།
- དེར་སྐྱོན་མི་འདུག རྒྱལ་བོས་ད་རུང་དགའ་བའི་རྣམ་འགྱུར་ཞིག་བསྟན་ནས།
- ཚོང་ཆེན་པོ་ཞིག་རྒྱག་ཐུབ་ཚེ་ཁོའི་ལས་རེད།
- ཚོང་མ་བརྒྱབ་ནའང་ཁོ་རེད། ཁྱོད་ལ་རག་ལས་མེད།
- ཁྱོད་ཚོང་རྒྱག་ནོ་རེད། དེར་ཁྱོད་ལ་འགྱོད་པ་སྐྱེས་དགོས་དོན་མེད།
- དེར་སྐྱོན་མེད་གི་ཟེར་ནས་སྟོན་མོ་བྱས།
- ཁོས་ཚོང་མ་བརྒྱབ་རུང་ཚོང་བརྒྱབ་ཟིན་པ་དེ་འདྲ་ཞིག་དང་འདྲ་བར་སྟོན་མོ་བྱས།
- དེ་ནས་ཕྱིར་ལོ་ཡང་བསྐྱར་རྒྱུ་རྫས་སོགས་ཁ་སྣོན་བྱས་ནས་ལམ་ལ་བཅུག
- དེ་ནས་སྔོན་ལྟར་གྲུ་བརྒྱབ་ནས་མཚོའི་ཕ་རོལ་ལ་བུད་ནས།
- རྒྱུ་རྫས་སོགས་ས་ཐོག་ཏུ་བརྩིགས་ནས།
- ཡར་མར་ལ་ཚོང་རྒྱག་ཏུ་སོང་།
- བཙོང་ན་སེམས་ཅན་གྱིས་བཙོང་ཚར་སོང་བ་དང་ཁོས་ཡང་བཙོང་མ་ཐུབ།
- མ་ཐུབ་པར་ཁོས་བསམས་པར་ཁོ་འདྲ་འདྲའི་མི་ལས་ངན་ཞིག
- ན་ནིང་ཡོང་ནས་རས་ཁྲེ་ཙེ་གང་ཡང་བཙོང་མ་ཐུབ།
- ད་ཐེངས་ཀྱང་གཞན་གྱིས་བཙོང་ཚར་སོང་ཡང་ངས་བཙོང་མི་ཚར་བ་ཅི་ཡིན་ནམ་ཞེས་བསམས་ནས།
- ལག་ཆ་དབྱུག་པ་ཞིག་ཡོད་པ་དེས་ཕ་བོང་ཞིག་ལ་འདི་ལྟར་བརྒྱབ་པ་ན།
- ཕ་བོང་དེ་སྟོང་སྐད་གྲགས་གི་ཟེར།
- དེ་ཡ་མཚན་ཞིག་ཡིན་པ་ཁོ་ཐག་རེད།
- རྡོ་ལ་སྟོང་སྐད་གྲགས་རྒྱུ་མི་འདུག་བསམས་ནས།
- རྡོ་དེའི་སྟེང་དུ་ཡང་བསྐྱར་བརྒྱབ་པ་ན་ཕ་བོང་དེ་གས་པ་རེད།
- གས་པ་ན་གསེར་ནག་གི་གྱིག་རྩེ་མང་པོ་བརྩིགས་འདུག་ཟེར།
- དེ་ནས་ཁོས་ཡར་མར་ལ་བལྟས་ནས།
- རེམ་པར་གསེར་ནག་གི་གྱིག་རྩེ་དེ་དག་ནོན་པའི་ལྟེབ་ཅག་རེ་རེའི་ནང་དུ་བསྡུས་ནས།
- གཞན་གྱིས་མི་རིག་པར་བྱས་ནས་གྲུའི་ནང་དུ་བརྩིགས།
- བརྩིགས་རྗེས་དེ་ནས་བསྡད་པ་ན། གྲོགས་པོ་ཚང་མའང་ཐོན།
- ཁྱོས་ཅི་ཞིག་བྱས་སོང་ངམ་ཞེས་དྲིས་པ་ན། ངས་མི་ཚོང་གི
- ངས་སྔོན་ལ་རྒྱལ་བོ་ལ་ཁྱོད་ཀྱིས་ཡང་བསྐྱར་གསེར་ནག་གི་དོང་ཙེ་དེ་ཕོངས་དང་།
- ཁོ་དེ་འདྲའི་ལས་འགྲུབ་ཞིག་མིན་ཞེས་བཤད་ཀྱང་གོ་བ་མེད་གི
- ད་ལོ་རྒྱལ་བོར་ལ་ཕན་མ་ཐོགས་ཞེས་བཤད།
- ལས་འགྲུབ་བཞག་ཡོད་གི་ཞེས་བགད་ནས་འཕྱ་སྨོན་བྱས།
- དེ་ནས་ཕྱིར་རྒྱལ་སར་ཐོན།
- རྒྱལ་སར་ཐོན་ནས། ངས་ཁྱོད་སྔོན་ལ་གསེར་ནག་གི་དོང་ཙེ་དེ་ཡང་བསྐྱར་ཕོངས་དང་
- ཁོ་རང་མི་ལས་འགྲུབ་ཞིག་མིན་ཞེས་བཤད་ན་གོ་བ་མེད་གི
- ད་ལོའང་ངས་བཙོང་མ་ཐུབ་ཐལ་ཟེར།
- དེ་མ་ཚོང་ན་སྐྱོན་མེད་གི
- ཚོང་ཆེན་ཞིག་རྒྱག་ཐུབ་ཚེ་ངའི་ལས་རེད།
- ཚོང་བདག་ང་རེད།
- མ་བརྒྱབ་ནའང་ཁྱོད་ཚོང་རྒྱག་མཁན་རེད།
- དེར་སྐྱོན་མེད་གི་ཞེས་བཤད་ནས།
- རྒྱལ་བོར་འགྱོད་པ་ཉག་ཙམ་ཡང་མེད་པའི་རྣམ་འགྱུར་བསྟན་ནས།
- དེ་ནས་རྒྱལ་བོ་ལ་ངས་ཁྱོད་ཀྱི་རྒྱུ་རྫས་བཙོང་མ་ཐུབ་མོད།
- འདི་འདྲ་ཞིག་ལ་ཐུག་ནས་འདིའི་བར་ན་འདི་འདྲ་ཞིག་ཡོད་ཅེས་བཤད་པ་ན།
- རྒྱལ་བོས་རྒྱ་གར་གྱི་ཡུལ་ཁམས་དེར་བརྡ་བརྒྱབ་ནས་སྟོན་མོ་བྱས།
- ཁོས་ཚོང་དཔོན་གྱིས་འདི་ལྟར་ལས་འདི་འདྲ་ཞིག་འགྲུབ་སོང་ཞེས་ནས།
- སྲིང་མོ་དེ་ཡོང་ནས་རང་གི་མིང་པོ་ལ་ང་ཁྱོད་ཀྱི་སྲིང་མོ་ཡིན་ནི་རེད།
- སྐབས་དེར་ང་ནི་བུད་མེད་ཡིན་པས་ཅུང་ངོ་ཚ་ནས།
- ངའི་སྐྱེས་པ་དེ་འདྲའི་ཐོན་པོ་ཞིག་རེད།
- དེ་ན་བཟང་གི་ཞེས་བཤད་དེ།
- ཁྱོད་ཀྱང་སྐྱིད་ལ་ང་ཡང་སྐྱིད་ཞེས་དེ་ལྟར་བསྡད་པའི་བཤད་སྲོལ་ཡོད།