Video Overview
The prominent artist and art historian Tenpa Rabten, professor emeritus from Tibet University in Lhasa, gives a lecture on the brushes and paints involved in the creation of a tangka.
- Lhasa
- Ü
- བརྟན་པ་རབ་བརྟན་
- བརྟན་པ་རབ་བརྟནའདི་ལ་མཐིང་ཟེར་གྱི་རེད་མཐིང་། ཚོན་འདིའི་མིང་ལ་མཐིང་ཟེར། མཐིང་འདི་བོད་མཐིང་། བོད་ཀྱི་མཐིང་འདི། བོད་མཐིང་འདི་གང་ནས་དོན་༿ཐོན་༾ཀྱི་ཡོའོ་རེད་༿ཡོད་རེད་༾ཟེར་ན། དོན་ས་འདི་སྙེ་མོ་ནས་དོན་གྱི་རེད། སྙེ་མོ།
- བརྟན་པ་རབ་བརྟནསྙེ་མོ་ནས། ཨོའོ་་་ དོན་ནི་འདིའི། ཐིང་འདི། ཨོའོ་་་ལས་སྣོན་གང་འདྲས་བྱེད་དགོས་རེད་ཟེར་ན། ཨ་ནི་་་ཁོ། ཨོའོ་་་མཐིང་འདི་སྔན་༿སྔོན་༾ལ་ཨ་ལས། ཨན་་་ས་དང་སྔན་༿སྔོན་༾ལ་ཁོ་འདུག་ཟེ་ཞིབ་ཞིབ་གཅིག་བཟོས་བྱས། བརྡུང་བྱས། ཞིབ་ཞིབ་འདུག་ཟེ་རོབ་ཙམ་ཆགས་སོང་ན། ཨ་ནི་་་ས། ས་དང་གད་སྙིགས་རྦད་དེ་མར་བཤོ་རྒྱུ་རེད།
- བརྟན་པ་རབ་བརྟནཨ་ནི་་་ཁོ་རང་གཅིག་པོ་ཁ་གཙང་དུ་དབྱེ་ཕྱེ་ནས། དབྱེ་ཕྱེ་ནས། ཨ་ནི་་་གཞུག་གུར་༿རྗེས་ལ་༾སྒོག་ཏིང་༿གཏུན་ཡང་འབྲི་སྲོལ་ཡོད་༾ནང་དུ་དབུར་བྱས་འདུག་ཟེ། བཟོ་གྱི་ཡོའོ་རེད་༿ཡོད་རེད།༾ ད་འདི་ཚོ་བོད་ཚོན་བཟོ་སྟངས་མང་ཆེ་བ་ད་ག་རེད། གཅིག་པ་རེད། འདི་ལ་མཐིང་ཟེར་གྱི་ཡོའོ་རེད།༿ཡོད་རེད་༾ འདི་ལ་ནམ་མཁའི་སྔོ་སངས་ཟེར། རྒྱུ་ཆ་གཅིག་ནས་བཏོན་པ་རེད། འདི་ཏོག་ཙམ་སྐྱ་བ་ཡོའོ་རེད་༿ཡོད་རེད་༾ ཚོས་འདི་ཁ་ཏོག་ཙམ་དཀར་ར༿བ་༾ཡོའོ་རེད་༿ཡོད་རེད་༾འདི་ལས། འདིས་གནམ་བཟོ་ཡས་རེད། ནམ་མཁའི་སྔོ་སངས་ཟེར་དུས་སྒང་ནས། འདི་འདྲས་གཅིག་རེད།
- བརྟན་པ་རབ་བརྟནའདི་ལ་མཐིང་ཟེར་གྱི་ཡོའོ་རེད།༿ཡོད་རེད་༾ འདི་ལ་ནམ་མཁའི་སྔོ་སངས་ཟེར། རྒྱུ་ཆ་གཅིག་ནས་བཏོན་པ་རེད། འདི་ཏོག་ཙམ་སྐྱ་བ་ཡོའོ་རེད་༿ཡོད་རེད་༾ ཚོས་འདི་ཁ་ཏོག་ཙམ་དཀར་ར༿བ་༾ཡོའོ་རེད་༿ཡོད་རེད་༾འདི་ལས། འདིས་གནམ་བཟོ་ཡས་རེད། ནམ་མཁའི་སྔོ་སངས་ཟེར་དུས་སྒང་ནས། འདི་འདྲས་གཅིག་རེད།
- བརྟན་པ་རབ་བརྟནའདི་ལ་སྤང་མ་ཟེར་གྱི་རེད། ལྗང་ཁུ་འདི་རེད། སྤང་མ། འདིས་ས་གཞི་སྤང་མ་ཟེར་གྱི་ཡོའོ་རེད་༿ཡོད་རེད།༾ ད་ས་བཟོ་ཡས་ཀྱི། ད་འདི་འདི་འདྲས་ས་གཞི།
- བརྟན་པ་རབ་བརྟནཨོའོ་་་ ད་ཚོས་སོ་སོ་ངས་ངོ་སྤྲོད་ཞུས་ཨཱ། གཙོ་བོ་འདི། ད་འདི་ལ་ཐིང་། འདི་ལ་ནམ་མཁའི་སྔོ་སངས་། འདི་ལ་སྤང་མ། འདི་ལ་ས་གཞི་སྤང་མ་ཟེར། མིང་། ཨོའོ་་་ འདི་འདྲས་རེད།
- བརྟན་པ་རབ་བརྟནའདི་ལ་སྤྲིན་པའི་སྔོ་སིལ་ཟེར་གྱི་རེད། སྤྲིན་པའི་སྔོ་སིལ་ཟེར་གྱི་རེད། འདི་ལ། ཚོས་འདི་ལ། འོ་་་ འདི་ལ་སྔོ་སིལ་ཡང་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ འདི་ལ་མཚལ་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ མཚལ། འོ་་་ མཚལ་བྱས། འདི་ལ་ལི་ཁྲི་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ འོ་་་ལི་ཁྲི།
- བརྟན་པ་རབ་བརྟནཨོ་་་ འདི་ལ་ཇ་ཁ་ཟེར་གྱི་ཡོའོ་རེད༿ཡོད་རེད་།༾ ཇ་ཁ་ཟེར་ཉན་༿མཁན་༾གྱི་ཚོས་འདི་ང་ཚོས་འདྲེས་སྦྱོར་བྱས། བྱས་ནས་བཟོས་བཞག་པའི་ཚོས་རེད། འདི། ཚོས་འདི་འདྲེས་སྦྱོར་བྱས་ནས་བཟོས་པ་གཅིག་རེད།
- བརྟན་པ་རབ་བརྟནའདིའི་རྒྱུ་ཆ་འདི། ཨོའོ་་་ཚོས་དཀར་རག་བྱས། ཨོའོ་་་ ལི་ཁྲི་འདི་བྱས། ཨོའོ་་་དེ་ནས་སེར་པོ་འདི་བྱས། སེར་པོ་དེའི་སེར་པོ་འདི་བྱས། དེ་ནས་སྤང་མ་ཏོག་ཙམ་བཀྲེས་༿བསྲེས་༾དེ་ནས་སྣག་ཚ་ཏོག་ཙམ་བཀྲེས་༿བསྲེས་༾འོ་་་ འདུག་ཟེ་བྱས་ནས་འདྲེས་སྦྱོར་བྱས་ནས་བཟོས་པ་རེད།ད་འདི།
- བརྟན་པ་རབ་བརྟནཇ་ཁ་མདོག་ཟེར་ན། འདི་ལ། ཇ། ང་རང་ཚོའི་ཇ་འཐུང་ཡས་ཀྱི་ཇའི་མདོག་འདྲ་པོ་ཡོད་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ ད། འདི་ལ་ཇ་ཁ་ཟེར། ད་ཚོས་འདི་ཚོ་ག་རེ་རེད་ཟེར་ན། རྩ་བའི་ཚོས་རེད་པཱ། ཁོ་འདྲེས་སྦྱོར་བྱས་ཡོའོ་༿ཡོད་༾མ་རེད། ཁོ་རང་རང་རེད། འདི་ཚོ་འགང་ག་༿ཚང་མ་༾མཁྱེན་སོང་ངམ།
- བརྟན་པ་རབ་བརྟནཨོ་་་ ཡང་ཚོས་འདི་ཚོ་ག་རེ་རེད་ཟེར་ན། སྔོ་སིལ་ཟེར་ཡས་འདི་ཚོ་སྔོ་སངས་ནང་ལ་དཀར་རག་བཀྲེས་༿བསྲེས་༾པ་རེད་པཱ་ལ། ཡང་དཀར་པོ་བཀྲེས་༿བསྲེས་༾དགོས་རེད། ཡང་འདི། འདྲེས་སྦྱོར་བྱས་ཀྱོག་༿པ་༾རེད། འདི་ཚོ།
- བརྟན་པ་རབ་བརྟནའདྲེས་སྦྱོར་བྱས་པའི་ཚོན་བྱ་ནི། ཚོན་འདི་ཚོ་འགང་ག་༿ཚང་མ་༾ལོགས་ཡན་ལག་ཚོན་ཟེར་གྱི་རེད་པཱ་ལ། ལགས་འོང་། ཨན་་་རྩ་བའི་ཚོན་ཟེར་ཉན་༿མཁན་༾དེ་ཁོ། ཨན་་་ ཚོན། ག་རེ་ཟེར་དགོས་རེད། འདྲེས་སྦྱོར་བྱེད་མ་དགོས་པའི་རིགས་དེ་རྩ་བའི་ཚོན་ཟེར་གྱི་རེད། ང་ཚོས།
- བརྟན་པ་རབ་བརྟནཨན་་་འདྲེས་སྦྱོར་མང་པོ་བྱས་པའི་ཚོན་དེ་ཚོ་ནི་ཡན་ལག་ཚོན་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ ཡན་ལག་གི་ཚོན་སྒང་ལ་ཉིང་ལག་གི་ཚོན་ཡོའོ་རེད་༿ཡོད་རེད་༾པཱ། བྱས་ཙང་འདི་འདྲས་ཟེར་བྱས་བྱས་ནི་ཚོན་ལའི་༿ལ་ཡང་༾སྣེ་ཁ་མང་པོ་ཡོའོ་རེད༿ཡོད་རེད།༾ ཨན་་་ ཨེ་༿འདི་༾འདྲས་རེད།
- བརྟན་པ་རབ་བརྟནབྱས་ཙང་ང་ཚོ་རྗེས་མ་ནས་ག་རེ་རེད་ཟེར་ན། ཚོས་ཀྱི་སྐོར་ལ། ད་འདི་མིང་ལ་ནག་སྲེ་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ ད་འདིའི། འདི་སྣག་ཚ་དང་དཀར་རག་བཀྲེས་༿བསྲེས་༾ཀྱོག་རེད། དཀར་རག་འདི་ག་ནས་འདོན་༿ཐོན་༾གྱི་ཡོའོ་རེད་༿ཡོད་རེད་༾ཟེར་ན།
- བརྟན་པ་རབ་བརྟནགཙང་རིན་སྤུངས་ཟེར་ཉན་༿མཁན་༾འདི་ནས་དོན་གྱི་ཡོའོ་རེད༿ཡོད་རེད།༾ འོ་་་ཚོས་འདི་དོན་ས་འདི། ད། འདི་སེར་པོ་འདི་བ་བླ་རེད་པཱ་ལ། བ་བླ་ཟེར་ཉན་༿མཁན་༾འདི་ག་ནས་དོན་གྱི་ཡོའོ་རེད་༿ཡོད་རེད་༾ཟེར་ན། ཁམས་ནས་དོན་གྱི་ཡོའོ་རེད༿ཡོད་རེད།༾ ཁམས། ཁམས་ཁུལ་ནས་དོན་གྱི་ཡོའོ་རེད༿ཡོད་རེད།༾
- བརྟན་པ་རབ་བརྟནཨོའོ་་་ད་འདི་ཚོ་ནི་དེ་ནི་སྤང་སྐྱ་རེད། སྤང་སྐྱ་ཟེར་ན། ད་འདི་ལྗང་གུ་འདི་དཀར་དཀར་པོ་ཆགས་པ་དེ་སྤང་སྐྱ་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ དེ་ནི་ཡང་ཁོ་སྐྱ་རུ་གཏང་བ་རེད་པཱ། འདི་ལ་མཚལ་སྨུག་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ མཚལ་སྨུག་ཟེར་ཉན་༿མཁན་༾སྣག་ཚ་འདི།འདི།མཚལ་འདིའི་ནང་ལ་སྣག་ཚ་བྱས་ཀྱོག་༿པ་༾རེད།
- བརྟན་པ་རབ་བརྟནད་མཚལ་འདི་སྔ་མོ་ཡིན་ན་སྔ་མོ་ང་ཚོ་མཚལ་གྱི་རྒྱུ་ཆ་ཞིག་ཡོའོ་རེད་༿ཡོད་རེད་༾པཱ། མཚལ་གྱི་རྒྱུ་ཆ་འདི་ལྷོ་བྲག་སྨན་རྩའི་ཟེར་བྱས་བྱས་ལྷོ་བྲག་ནས་དོན་༿ཐོན་༾གྱི་རེད། ལྷོ་བྲག་སྨན་ཐང་ནས་དོན་ཡོའོ་རེད་༿ཡོད་རེད་༾དེ་དུས་ཕྱིར་ཡོའོ་༿ཡོད་༾མ་རེད། འདི།
- བརྟན་པ་རབ་བརྟནམཚལ་ཁ་བཀག་ཟེར་ཡས་གཅིག་ཡོའོ་རེད༿ཡོད་རེད།༾ བྱས་ཙང་།ཨན་་་མང་ཆེའི་རྒྱུ་ཆ་འདི་ང་རང་ཚོའི་མེས་རྒྱལ་ནང་ཁུལ་དང་། ཨན་་་ རྒྱ་གར། འདི་འདྲས་ནས་ཨ་ནི་་་ཚུར་འདི་བྱེད་དགོས་རེད། ང་ཚོས་ཨོའོ་་་ མཚལ་དབུར་ཡས་ཀྱི་རྒྱུ་གཅིག་ཡོའོ་རེད་༿ཡོད་རེད་༾པཱ་མི། མཚལ་དབུར་ཡས་ཀྱི་རྒྱུ་ཆ་འདི།ཨོའོ་་་ དེང་སང་།ཨོའོ་་་མ་ནས། ཁྲེན་ཏུའུ་དང་ཅིག་དག་ལ་མངག་བྱས་ཉོ་གྱི་ཡོད།
- བརྟན་པ་རབ་བརྟནཨོའོ་་་ཡང་།ད་ལི་ཁྲི་འདི་ཡའིཨི༼ཡང་༽ང་རང་ཚོའི་ཡང་མེས་རྒྱལ་ནང་ཁུལ་ནས་དོན་ཀྱོག་༿ཐོན་པའི་༾ལི་ཁྲི་རེད། སྔ་མོ་ཡིན་ན་རྒྱ་གར་ནས་འཁྱེར་ཡོང་གི་ཡོའོ་རེད༿ཡོད་རེད།༾ དེང་སང་ཡང་། ཨོའོ་་་ མེས་རྒྱལ་ནང་ཁུལ་ནས་ཡར་འཁྱེར་ཡོང་གི་ཡོའོ་རེད༿ཡོད་རེད།༾ ལི་ཁྲི་འདི། ལགས་རེད།
- བརྟན་པ་རབ་བརྟནད་ཡང་འདི་ང་ཚོ་བོད་ཀྱི་ཚོན་རེད། བོད་ཚོན་ལི་ཁྲི་རེད། འདི།འདི་གཉིས་གཉིས་གཅིག་པ་མ་རེད། ཡིན་ཡས་བྱས་ན། འདི་ལ། བོད་ཚོན་ལི་ཁྲི་འདི་མདོངས་རོས་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ འདིའི་ཚོས་འདི། འདི་ང་ཚོ་བོད་ནས་དོན་ཀྱོག་༿ཐོན་པའི་༾འདི་ཁམས་ཁུལ་ནས་དོན་༿ཐོན་༾གྱི་རེད། ཡང་འདི།
- བརྟན་པ་རབ་བརྟནའདི་དང་སེར་པོ་འདི་གཉིས། འདི་དང་འདི་ཁམས་ཁུལ་ནས་དོན་གྱི་རེད་རྡོ་ཙོག་རེད། འདི་གཉིས་གཉིས། འདི་ཚོ་འགང་ག་༿ཚང་མ་༾རྡོ་ཙོག་རེད། རྡོས་བཟོས་བཞག་ཀྱོག་༿བཞག་པ་༾རེད།
- བརྟན་པ་རབ་བརྟནའོ་་་ འདི་ནི་ཡང་སྤང་མ་ཟེར་ཡས་འདི་ཡའི་༿ཡང་༾བོད་ཚོན་སྤང་མའི་གྲས་རེད། ཡང་འདི། ལགས་འོང་། འདི། སྤང་མའི་གྲས་རེད། འདི་ཡའི་༿ཡང་༾བོད་ཚོན་རེད། འདི་བོད་ཚོན། ཨོའོ་་་བོད། འདི་ཡའི་༿ཡང་༾བོད་ཚོན་ཅིག་རེད། ཁ་ནག་པོ་འདི། བོད་ཚོན། ཨོའོ་་་འདི་འདྲས་རེད།
- བརྟན་པ་རབ་བརྟནད།ཚོས་འདི་དང་འདི་འདྲ་བ་མང་པོ་ཞེ་པོ་ཅིག་ཡོའོ་རེད༿ཡོད་རེད།༾ ག་རེ་རེད་ཟེར་ན། ད་འདི་ཕར་ལ། ཨོའོ་་་ སྔོཨོ། འདི་ནི་སྔོ་སངས་ཟེར་ཉན་༿མཁན་༾འདི་རེད། སྔོ་སངས་ཟེར་ན་ཆུ་ལ་གཏོང་ཡས་ཀྱི་ཆུ།ཆུའི་མདོག་ཁ་རེད། ད་འདི། འདི་འདྲས་ཟེ་བྱས་བྱས་ཚོས། འདི་འདྲས་ཟེར། ལགས། ཡོའོ་རེད།༿ཡོད་རེད་༾
- བརྟན་པ་རབ་བརྟནད། འདི་ནི། ཨན་་་ ངང་པ་ཟེར་ཉན་༿མཁན་༾འདི། ས་ངང་པ། འདི་དང་འདི་ཚོ་ཆ་རེད། འདི་གཉིས་གཉིས་ད་ཆ་རེད། འདི་གཉིས་གཉིས། ས་ངང་པ་ཟེར། ད་ང་ཚོ་བོད་རང་ནས་འཕན་པོ་ནས་དོན་གྱི་རེད། ས་དེ། འདི། འདི། ང་ཚོ་འཕན་པོ། འཕན་ཡུལ་ནས་དོན་གྱི་རེད།
- བརྟན་པ་རབ་བརྟནའཕན་པོའི། ས་ཨ་་་ ངང་པ་འདི་ད། ཨོའོ་་་ བྲག་ཡེར་པ་ལ་ཡའི་༿ཡང་༾ཡོའོ་རེད༿ཡོད་རེད།༾ ང་ཚོའི་འདི་འཕན་པོ་ནས་འཁྱེར་ཡོང་ཀྱོག་༿ཡོང་པ་༾རེད། ངའི་འདི་ཡང་འཕན་པོ་ནས་འཁྱེར་ཡོང་ཀྱོག་༿ཡོང་པ་༾རེད། འདི་འདྲས་ཅིག་རེད། ད་དེ་བཞིན་རྒྱ་ཚོས་རམས་མདངས་རྒྱག་ཡས་དེ་ཚོ་ནི་མང་ཆེ་བ་ཅིག ཨོའོ་་་ ཁ་ཅིག་ནི་ང་ཚོས།ཡང་།ཨོའོ་་་ མེས་རྒྱལ་ནང་ཁུལ་ནས་དོན་པའི་ཧྲང་ཧད་ནས་དོན་པའི་ཚོན་ཁ་ཤས་བེད་སྤྱོད་གཏང་གི་ཡོད། མདངས་རྒྱག་ཡས།
- བརྟན་པ་རབ་བརྟནད།ཨ་་་ ང་ཚོ་བོད་རང་ནས་བཟོས་པ་འདི་འདྲས་རྒྱ་ཚོས་ཟེར་ཉན་༿མཁན་༾འདྲ་པོ་ད་ག་ནང་བཞིན་རམས་ཟེར་ཉན་༿མཁན་༾འདྲ་པོདེ་ཚོ་ང་ཚོ་བོད་རང་ནས། དེ་རམས་ཡའི་༿ཡང་༾ཕྱིས་སུ་ད། ཨོའོ་་་ ང་ཚོ། རྒྱུ་ཆ་འདི་བལ་ཡུལ་ནས་ཚུར་ཉོ་གི་ཡོའོ་རེད༿ཡོད་རེད།༾
- བརྟན་པ་རབ་བརྟནབལ་ཡུལ་ནས་ཉོས་ང་ཚོས་བཟོ་ཀྱི་ཡོའོ་རེད༿ཡོད་རེད།༾ ཡིན་ནའི་བསླབ་གྲྭ་༿སློབ་གྲྭ་༾ནས། འོ་འདི་འདྲས་ལ་བྱས་ཙང་ད། ཚོས་སྐོར་འདི། སྔོན་ལ་ངོ་སྤྲོད་མདོར་བསྡུས་འདི་འདྲས་ཤིག་རེད། ལ་འོང་།
- བརྟན་པ་རབ་བརྟནཨོའོ་་་འདི་བྱས། ད།ལག་ཆ་ལག་ཆ་བཞག་ན། ད་སྔ་མ་ཡིན་ན་ང་ཚོ་བོད་ཀྱི་པིར་ཡོའོ་རེད་༿ཡོད་རེད་༾དེ། ངའི་འདི་ལ་བོད་ཀྱི་པིར་ཁྱོན་ནས་༿རྩ་བ་༾མེད།ད། ཨན་་་ང་རང་ཚོ་བོད། བོད་པས། བོད།བོད་རིགས་ཀྱིས་བཟོས་བཞག་པའི་པིར་གཅིག་ཡའི་༿ཀྱང་༾ཡོའོ་༿ཡོད་༾མ་རེད།ད། ངའི་འདའི་༿འདི་ལ་༾འགང་ག་༿ཚང་མ་༾ད། སྟབས་བདེ་པོ་བྱས་ནི་ད།ཚང་མ་ལོགས་ཉོས་བཞག་ཀྱོག་༿བཞག་པ་༾ཤ་སྟག་རེད།
- བརྟན་པ་རབ་བརྟནཁྱེད་རང་ཚོ་གཟིགས་ཨ་་་ ད།ངས་ཡང་པིར་འདི་གྱད་༿འདི་ཚོ་༾ངོ་སྤྲོད་ཅིག་ཞུས། ལགས་སོ། གའི་༿གང་ཡང་༾བྱེད་ཀྱི་མ་རེད་ད་གར་བཞག་བཞག་གནང་ན་འགྲིག་ཀྱི་རེད། འོ་་་ངས་ངོ་སྤྲོད་ཅིག་ཞུས། རེད་པཱ། འོ། ད་འདིའི་ནང་གི་བཅད་པིར་ག་པར་འདུག བཅད་པིར།
- བརྟན་པ་རབ་བརྟནད།པིར་འདི་གྱད་༿འདི་ཚོ་༾འདི། ཨན་་་ སྔ་མ་ང་རང་ཚོ་རང་གིས་རང་སྟོབས་རང་སྤེལ་བྱས་བྱས་༿ནས་༾བཟོ་ཀྱི་ཡོའོ་རེད༿ཡོད་རེད།༾ རི་མོ་འབྲི་མཁན་སོ་སོས་བཟོ་དགོས་རེད། ད་ག་རེད། ང་རང་ཚོའི་བོད་པའི་ཨམ་ཆི་༿སྨན་པ་༾དང་ཆ་རེད། སོ་སོའི་སྨན་སོ་སོས་བཟོས། སོ་སོས། སོ་སོས་རྩ་བལྟས། སོ་སོས་སྨན་བཟོས། སོ་སོས་སྨན་སྟེར་འགང་ག་༿ཚང་མ་༾བྱེད་ཀྱི་རེད་པཱ་ལགས།
- བརྟན་པ་རབ་བརྟནང་ཚོ་རི་མོ་འབྲི་མཁན་ཡིན་ནའི་༿ཡང་༾སྔ་མ་ཡིན་ན་སོ་སོའི་པིར་སོ་སོས་བཟོས། སོ་སོའི་ཚོན་སོ་སོས། ཨན་་་འདུས་སྦྱོར་བྱས། སོ་སོའི་ཐང་ཀ་སོ་སོས་འདི། ཆ་ཚང་བ་ཁོ་རང་བསླབ་དགོས་རེད།ད། ད་འདི་འདྲས་ཆ་ཚང་ཤེས་པ། ད།མི་ག་ཚད་༿ཚོད་༾བསྡད་ཡོའོ་རེད༿ཡོད་རེད།༾
- བརྟན་པ་རབ་བརྟནཨོའོ་་་ ད།མི་གཅིག་གཉིས། གསུམ་ཙམ་ཅིག་བསྡད་ཨ་ཡོད། འདི་མ་གཏོགས་བསྡད་མིན་འདུག ལྷ་སར་རེད་ད་ལ་ཡང་། ལུང་པ་གཞན་དག་ལ་ཡང་། བོད་ལྗོངས་ས་ཁུལ་གཞན་དག་ལ་ཡ་ཡོད། ཡོད། ཡོད་སྲིད་ཀྱི་རེད་པཱ་ལ། དེ་མིན་ད། ཡོད་་་་། ཡོད་ད་ཡོད་མི། ཞེ་དྲག་ཡོང་གི་རེད་པཱ།
- བརྟན་པ་རབ་བརྟནད།ང་ཚོ་དགེ་ཕྲུག་གསར་པ་འདི་ཚོས་ཆ་ཚང་ཤེས་ཀྱི་ཡོའོ་༿ཡོད་༾མ་རེད། ད།འགང་ག་༿ཚང་མ་༾ལོགས་ཚོན་འགང་ག་༿ཚང་མ་༾ཉོས་བཞག ཉོས་ཆོག་ཆོག་ཡོའོ་ཡོད་༾རེད་པཱ་ལགས། ད་པིར་འདི་ཚོ་ཡའི་༿ཡང་༾ཉོས་ཆོག་ཆོག་ཡོའོ་རེད་༿ཡོད་རེད་༾པཱ། ད་ཐ་ན་ངས་ཡའི་༿ཀྱང་༾བཟོ་གི་༿ཡི་༾ཡོའོ་༿ཡོད་༾མ་རེད་པཱ་ལགས། ད།
- བརྟན་པ་རབ་བརྟནབེད་སྤྱོད་གཏང་། ཁོ་ཚོས་ཡའི་༿ཀྱང་༾བེད་སྤྱོད་གཏང་བྱས་འདི་བྱས་པ་རེད། བྱས་ཙང་པིར་འདིའི་མིང་ལ་བཅད་པིར་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ འདི་ལ། འདི་ལ་བཅད་པིར། པིར་འདིའི་མིང་ལ་བཅད་པིར་ཟེར། བཅད་པིར་ཟེར་དུས་ག་རེ་རེད།
- བརྟན་པ་རབ་བརྟནབཅད་རྒྱག་ཡས། ཕ་པོ་༿ཕྲ་པོ་༾རི་མོ་ཕ་པོ་༿ཕྲ་པོ་༾འབྲི་ཡས་དེ་རེད། འདི། རྩེ་འདི་ཕ་པོ་༿ཕྲ་མོ་འམ་རྣོ་པོ་༾ཞེ་པོ་ཡོའོ་རེད༿ཡོད་རེད།༾ འདི། འོ་་་ད།འདི་སྤྱན་བཟོ་ཡས་དང་འདི་ཚོ་རེད། པིར་འདི་བཅད་པིར་ཟེར།
- བརྟན་པ་རབ་བརྟནད།འདི་པིར། འདི་བཅད་པིར་འདི་ཏོག་ཙམ། ཏོག་ཙམ་སྦོམ་པ་ཡོའོ་ར།དབ༹ བཅད་པིར་སྦོམ་པ་འདི་ཚོས་ག་རེ་བྱེད་དགོས་རེད་ཟེར་ན། ན་བཟའི་བཅད་རྒྱག་ཡས་དང་ད་ག་ནང་བཞིན་གྱི་ད་འདི་ཕར་བྲག་ཀྱི་བཅད་རྒྱག་ཡས་འདི་འདྲས་རེད། བཅད་པིར་ཕྲ་བ་འདིས་སྤྱན་བཟོ་ཡས་དང་འདི་འདྲས་རེད།
- བརྟན་པ་རབ་བརྟནད།དཔེ་ཆ་བཞག་ན། ཨོའོ་་་ འདིའི་མིང་ལ་བྱུག་པིར་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ད། ཚོན་བྱུག་ཡས་འདི་ལ་བྱུག་པིར་ཟེར། ང་ཚོས་ཚོན་བྱུག བྱུག་དགོས་རེད་པཱ་ལགས། ཚོན་བྱུག་ཡས་ཀྱི་པིར་རེད།
- བརྟན་པ་རབ་བརྟནའོ་་་ ད།འདི་ཚོ། འོ་་་ ཡང་པིར་འདིའི་གྲས་འདི་འོ་་་ འོ་་་ ཆུང་ས་ལ་བྱུག་པིར་བྱས་ནའི་༿ན་ཡང་༾འགྲིག་གི་རེད། ཡང་དེ་ནས་མདངས་རྒྱག་ཡས་ཀྱི་པིར་ཡའི་༿ཡང་༾ད་ག་བྱས་ནའི་འགྲིག་གི་རེད། མདངས་པིར་ཟེར་བྱས་ཅུང་ཟད་ཕ་བ་༿ཕྲ་བ་༾ཡོའོ་རེད༿ཡོད་རེད།༾ ད།
- བརྟན་པ་རབ་བརྟནའོ་་་ མདངས་རྒྱག་ཡས་ཀྱི་པིར། རེད་དེ་ད། མདངས་པིར་འདི་ཚོ་ཟད་ཏོ་ཞེ་པོ་ཅིག་འདུག འདི། ད།མདངས། འདི་ཡའི་༿ཡང་༾བྱུག་པིར་རེད། བྱུག་པིར་བྱས། ད།འདི་གཉིས་གཉིས། པིར་ཁ་ལེབ་སོ་ལེབ་ཟེར་གྱི་རེད་འདི་ལ། སོ་ནང་བཞིན་ལེབ་ལེབ་ཡོད་བྱས་པ་རེད། འདི་ཡིན་ནའི་ཐང་ཀར་ཞེ་དྲག་རང་བེད་སྤྱོད་ཡོའོ་༿ཡོད་༾མ་རེད།
- བརྟན་པ་རབ་བརྟནབྱས་ཙང་ཤིང་ཚོན་ལ་བེད་སྤྱོད་མང་བ་གཏང་གི་རེད། དེ་ཡིན་ནའི་འོ།འདི་འདྲས་ཅིག་རེད། དེ་ཡང་།ང་ཚོ་སྣུམ་ཚོན་རི་མོ་བྲིས་ཡས་ཀྱི་ཨོ་་་ལག་ཆ་རེད། ཡིན་ཡས་འདི་ཡིན་ནའི་ང་ཚོས་དེང་སང་བེད་སྤྱོད་ཏོག་ཙམ་ཏོག་ཙམ་གཏང་གི་ཡོའོ་རེད༿ཡོད་རེད།༾ ད།ཡང་འདི་དེ་འདྲས་ཅིག་ལབ་པ་རེད།
- བརྟན་པ་རབ་བརྟནའོ་་་ པིར་འདི་ཡའི་༿ཡང་༾ཨན་་་རྩེ་དེ་མ་རྫོགས་གོང་ལ་མདངས་པིར་བྱས། བེད་སྤྱོད་ཞེ་དྲག་གཏང་ནས་རྩེ་དེ་རྫོགས་སོང་ན། ཨ་ནི་་་བྱུག་པིར་བྱེད་ཀྱི་ཡོའོ་རེད༿ཡོད་རེད།༾ འོ་ད་འདི་འདྲས་རེད། མདངས་པིར་ཟེར་དུས་མདངས་རྒྱག་ཡས་པིར་བྱས། བྱུག་པིར་ཟེར་དུས་ཚོན་བྱུག་ཡས་པིར་བྱས། བཅད་པིར་ཟེར་དུས་བཅད་རྒྱག་ཡས་པིར་བྱས། འོ་ད།འོ་འདི་འདྲས་ཟེར་རེད། ད་པིར་ལ་མི་འདྲ་བ་འོ་་་འདི་འདྲས་ཡོའོ་རེད༿ཡོད་རེད།༾ ད།
- བརྟན་པ་རབ་བརྟནད་དུང་ག་རེ་ཡོའོ་རེད་༿ཡོད་རེད་༾ཟེར་ན། ཕག་མདོ་ཡོའོ་རེད། ཕག་མདོ། ཕག་མདོ་ཟེར་ན་ཕག་པའི་ཟེ་ཡི་སྔོན་ལ་དེས་བཟོས་བཞག་པའི་སྦོམ་པོ་འདི་ག་ཙམ་འདི་འདྲས་ཡོའོ་རེད༿ཡོད་རེད།༾ སྔ་མོ་དེས་འདི་ཕར་རྩིག་པའི་ལྡེབས་ལ་བྱུག་ཡས་ཀྱི་ཚོས་གཞི་བྱུག་ཡས་ཀྱི་ཡོ་བྱད་ཅིག་རེད།
- བརྟན་པ་རབ་བརྟནརེད་དེ་དུས་ཕྱིས་ལ་དེ་ཚོ་ཡོའོ་༿ཡོད་༾མ་རེད་ད་ལག་ལེན། མིས་ཉོས་ཆོག་ཆོག་ཡོའོ་རེད་༿ཡོད་རེད་༾པཱ། ཁ་ལེབ་ལེབ་དེ་ཚོ་ཨོང་་་ཁོ་ཉོས་བྱས་བེད་སྤྱོད་གཏང་གི་ཡོའོ་རེད༿ཡོད་རེད།༾ད། ཨོའོ་་་ཨེ་༿འདི་༾འདྲས་རེད་ད། ད་ལག་ཆ་མི་འདྲ་བ་ཁ་ཤས་འདི་འདྲས་ཡོའོ་རེད༿ཡོད་རེད།༾ འོ་་་རྒྱུ་མཚན་འདྲ་པོ་འོ་་་ཞུས་ན་འདི་འདྲས་འདྲ་ཅིག་རེད། ད། ལག་ཆའི་སྐོར་ལ་འདི་འདྲས་འདྲ་ཅིག ཚོན་སྐོར་འདི་འདྲས་འདྲ་ཅིག་རེད། དེ་མཁྱེན་སོང་ང་། ངས་མདོར་བསྡུས་འདྲ་ཅིག་ཞུས་ན།