Video Overview
Tenpa Rabten gives a lecture on the preperation of the tangka cloth and the sketching of a tangka.
- Lhasa
- Ü
- བརྟན་པ་རབ་བརྟནག་རེ་རེད་ཟེར་ན། དང་པོ་རས་གཞི་འདི་གང་འདྲས་ཟེ་བཟོ་དགོས་རེད། འོང་། དང་པོ་རས་གཞི་འདི་གང་འདྲས་ཟེ་བཟོ་དགོས་རེད་ཟེར་ན། རས་འདི་ཡིན་གཅིག་མིན་གཅིག་སྲིང་བལ་གྱི་རས་གཅིག་དགོས་རེད། སྲིང་བལ་གྱི་རས། དཔེར་ན་ང་ཚོ་རས་གཞན་དག། རྫས་འགྱུར་གྱི་བཟོས་བཞག་པའི་རས་ཡོའོ་༿ཡོད་༾རེད་པཱ། དེ་འདྲས་ཀྱི་ཡོང་གི་མ་རེད། ག་རེ་རེད་ཟེར་ན། ཡིན་གཅིག་མིན་གཅིག་སྲིང་བལ་གྱི་རས་དགོས་རེད། དེ་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། སྲིང་བལ་གྱི་རས་འདི་ཡིན་ན་དུས་ཚོད་རྒྱུན་རིང་པོ་ག་ཚོད་ཕྱིན་ནའི། ཨ་ནི། ཁོ། འཕྲོ་བརླག་འགྲོ་གི་མ་རེད། ཁོའི་སྒང་གི་ཚོས་འདི་དང། ཁོ་ཏག་ཏག་བསྡད་ཐུབ་ཀྱི་ཡོའོ་རེད་༿ཡོད་རེད་༾།
- བརྟན་པ་རབ་བརྟནད་ཡང་དེ་མིན་གྱི་ང་ཚོས་དཔེར་ན། ཏི་ཆོའོ་ལན་༼རྒྱ་སྐད་ཡིན་ཞིང་དོན་ནི་རས་ཀྱི་རིགས་ཤིག༽ཟེར་མཁན་རས་དེ་འདྲས་ཡོའོ་རེད་༿ཡོད་རེད་༾པཱ་ལགས། དེ་འདྲས་སྒང་ལ་བྲིས་པ་ཡིན་ན། ཁོ་ལོ་འགའ་རོའོ་༿མང་པོ་༾འགྲོ་དུས་སྒང་ནས་ཁོ་བྲལ་ཡོང་གི་རེད། བྱས་ཙང་འདི་རེད། བྱས་ཙང་ང་ཚོས་དེང་སང་སྲིང་བལ་རས་སྒང་ལ་བྲིས་ཀྱི་ཡོའོ་རེད༿ཡོད་རེད་༾ སྲིང་བལ་གྱི་རས་སྒང་ལ་བྲིས་ཡས་ཀྱི་སྲོལ་འདི་ཡིན་ན། གནའ་སྔ་མོ་ནས་ཡོད་ཡོད་པ་རེད། གནའ་སྔ་མོ་སྔོ་མོ་བྲིས་པའི་ཐང་ག་དེ་ཚོ། རས་འདི་གང་ནས་ཉོ་གི་ཡོའོ་རེད་༿ཡོད་རེད་༾ང་ཚོས། ད་ཁ་ཆེའི་ད་ཀསྨིར་དང་། ཨོང་་་ རྒྱ་གར་དང་དེ་ཚོ་ནས་འཐག་གི་ཡོའོ་རེད།༿ཡོད་རེད་༾ རེད་དེ་སྐབས་དེ་དུས། ཨོང་་་ སྐབས་དེ་དུས་འཐག་བཞག་པའི་རས་ཡོའོ་༿ཡོད་༾མ་རེད་ད། འཕྲུལ་འཁོར་གྱི་རས། རས་འཐག་དེ་འདྲས་ཡོའོ་༿ཡོད་༾མ་རེད། དེ་དུས་སྒང་ནས་སྣམ་བུ་ནང་བཞིན་གཅིག་འདུག
- བརྟན་པ་རབ་བརྟནརས་དེ་ཚོ། ཞེང་ཁ་ཆུང་ཆུང་དེ་ག་ཙམ་འདུག བྱས་ཙང་ཐང་ག་ཆེན་པོ་དེ་ཚོ་བྲིས་དུས། དཀྱིལ་ནས་འཚེམ་བུ་བརྒྱབ་ནས། དེ་གྱད༿དེ་ཚོ་༾ ཨོའོ་་་ རས་དེ་ཚོ་གང་འདྲས་ཅིག་ཡོའོ་རེད་༿ཡོད་རེད་༾ཟེར་ན། ང་ཚོ་འདི་ཡོའོ་རེད༿ཡོད་རེད།༾ རྩྭ་རས། ཨོའོ་་་རྩྭ་རས་ནང་བཞིན་རེད། རི་མོ་དེ་ཚོ་ཧྲབ་བེ་ཧྲབ་བེ་རེད་ཤག ད་ཡིན་ནའི་ང་ཚོས་དབུར་རྡོ་བརྒྱབ་ནས་བཟོས་ཡོའོ་རེད་༿ཡོད་རེད་༾པཱ་ལགས། ཡིན་ནའི་ང་ཚོས་དེང་སང་རྩས། ཨོང་་་ སྔ་མ་ནས་ཡང་། ཨོང་་་ རས་རྒྱ་གར་གྱི་རས་དེ་ཚོ་སྤུས་དག་པོ་ཡོའོ་རེད་༿ཡོད་རེད་༾ ཀ་ཅི་ཟེར་ཉན་༿མཁན༾འདིའི་སྒང་ལ་བྲིས་ཡོའོ་རེད༿ཡོད་རེད།༾ འདི་སྲིང་བལ་གྱི་རས་རེད་ད། སྲིང་བལ་གྱི་རས། བྱས་ཙང་འདུག་ཟེ་རེད། བྱས་ཙང་ང་ཚོས་དེང་སང་། ང་རང་ཚོའི་ད་རྒྱ་ནག་ནས་ཡར་དོན་པའི་སྲིང་བལ་གྱི་རས་སྒང་ལ་ང་ཚོས་བྲིས་ཀྱི་ཡོའོ་རེད༿ཡོད་རེད།༾ འདི་བཟོ་གི་ཡོའོ་རེད༿ཡོད་རེད།༾ འདི་བཟོས་ཙང་། སྲིང་བལ་རས་འདིའི་སྒང་ལ། སྔན་༿སྔོན་༾ལ་མཐའ་འདིར་སྨྱུག་མ་འདི་གཏང་དགོས་རེད།
- བརྟན་པ་རབ་བརྟནཨོང་་་ སྨྱུག་མ་འདི་བཏང་བྱས་བཙེམ་དགོས་རེད་འདི། སྨྱུག་མ་འདི་བཙེམ། སྨྱུག་མ་འདི་སྒང་ལ་བཙེམ་ཚར་སོང་ན། གཞི་ནས་ཨ་ནི་་་རྒྱང་སྒྲོམ་ཟེར། འདི་ལ། འདིའི་མིང་ལ་རྒྱང་སྒྲོམ་ཟེར་གྱི་རེད། འདི་ལ། འདི་ལ་མཐའ་སྨྱུག་ཟེར་གྱི་རེད། འདི། སྨྱུག་མ་འདིའི་མིང་ལ་མཐའ་སྨྱུག ཨོང་་་ འདི་ལ་རྒྱང་སྒྲོམ་ཟེར་གྱི་རེད། འདི་ལ་རྒྱང་སྐུད་ཟེར་གྱི་རེད། སྐུད་པ་འདི་ལ། ཨོང་་་ རྒྱང་སྐུད། ཨོང་་་ འདི་ལ་རྒྱང་སྒྲོམ། འདི་ལ་རྒྱང་སྐུད། ཨོང་་་ ད་རྒྱང་སྐུད་འདི། ཨ་ནི་་་དེའི་ནང་ལ། ཨོང་་་རས་འདི་བཙེམ་ཚར་སོང་ན། གཞི་ནས་རྒྱང་སྒྲོམ་ནང་འདི་ཨ་ནི་་་རྒྱང་སྐུད་ཀྱིས་འདུག་ཟེ་འཐེན། ག་རེ་རེད་ཟེར་ན། ཕར་ཐང་ཐང་ཡག་པོ་འཐེན་ཡས་ཀྱི་ཐབས་ཤེས་རེད། སྟོང་ཆ་ཏོག་ཙམ་བཞག་འདུག་གང་འདའི་༿འདིར་༾ ཁོ་འཐེན་ཡས་ལ། འཐེན་ས་གཅིག་དགོས་ཡུལ་གཅིག་དགོས་རེད་པཱ། དཔེར་ན་ང་ཚོས་སྣུམ་ཚོན་རི་མོ་བྲིས་དུས་ཀྱི་རས་ཀྱི་རས་གཞི་བཟོ་སྟངས་དང་། ང་ཚོའི་འདིའི་ཁྱད་པར་འདི་ཡོའོ་རེད་༿ཡོད་རེད་༾ད།
- བརྟན་པ་རབ་བརྟནཁྱད་པར་དཔེར་ན། ང་ཚོའི་འདི་ཡིན་གཅིག་མིན་གཅིག་འདི་སྨྱུག་མ་འདི་དང་། ཨ་ནི་རྒྱང་སྐུད་འདི་བྱེད་ཀྱི་ཡོའོ་རེད༿ཡོད་རེད།༾ ཨོའོ་་་དེ་འདྲས་ཅིག། དེ་ནས་ག་རེ་བྱེད་དགོས་རེད་ཟེར་ན། དེའི་སྒང་དེ་ལ། ཨ་ནི་རས་གཞི་དེའི་སྒང་དེའི། ཨ་ནི་དཀར་རག་བྱུག་དགོས་རེད་ད། དཀར་རག དཀར་རག་རྒྱབ་ལ་གཅིག་དང་། མདུན་ལ་གཅིག་བྱུག་ན་འགྲིག་གི་རེད། ཐེངས་མ་གཅིག་བྱུག་ན་འགྲིག་གི་རེད། ཨོང་། གནའ་སྔ་མོ་སྔ་མོ་ཡིན་ན་ཡང་། ཨོང་། ཀ་པི་ཟེར་ཉན་༿མཁན་༾གཅིག་གི་རས་གཞི་བཟོ་ཡས་གཅིག་ཡོའོ་རེད། ཀ་པི་ཟེར་མཁན་འདི། ཨོང་ག་རེ་རེད་ཟེར་ན། སྒོ་ངའི་སྤྲི་དཀར་ནང་ལ། ཨ་ནི་ཨོང་། འདི་ཡོའོ་རེད་པཱ་ལགས། ག་རེ་ཟེར་དགོས། ཨོང་། ད་ལྟ། ཡོ་འབོག་གི་ཁུ་བ་ཏད་ཙེ་༿ཏོག་ཙམ་༾བླུགས། ཨ་ནི་དེའི་སྒང་ལ་སྤྱིན་ཆུ་ཏོག་ཙམ་བླུགས། ཨ་ནི་་་འདྲེས་སྦྱོར་བྱས་ནས་བཟོ་གི་ཡོའོ་རེད༿ཡོད་རེད།༾
- བརྟན་པ་རབ་བརྟནདེང་སང་ང་ཚོས་རས་གཞི་བཟོ་དུས། སྤྱིན་ཆུ་གཅིག་པོ་བླུགས་བྱས། སྤྱིན་ཆུ་གཅིག་པོ་བླུགས་བྱས་བཟོ་གི་ཡོའོ་རེད་༿ཡོད་རེད་༾ད། ཨོང་་་ ད་ཡང་སྟབས་བདེ་རུ་བཏང་པ་རེད་ད། ཨོང་་་ ལས་ཀ་འདི་ཨོའོ་དེ་འདྲས་ཟེ་རེད། བྱས་ཙང་ཨ་ནི་སྤྱིན་བསྲེས་བྱས། ཨ་ནི་་་དཀར་རག་འདི་ཐེངས་མ་གཉིས། ཨོའོ་་་རྒྱབ་ལ་གཅིག་དང་མདུན་ལ་གཅིག་བྱུག་ཚར་རེད་པཱ། འདི་སྐམས་སོང་ན། སྐམ་ཚར་རའི་༿བའི་༾རྗེས་ལ་གཞི་ནས། ཨ་ནི་་་དབུར་པང་ཡོའོ་རེད་༿ཡོད་རེད་༾པཱ། དབུར་པང་ཟེར་ན། ཡང་པང་ལེབ་གཅིག་ཡོའོ་རེད༿ཡོད་རེད།༾ ད་ལྟ་དེ་བར་གཅིག་ནས་ཡོའོ་རེད་༿ཡོད་རེད་༾ད་འདི། དབུར་པང་ག་པར་འདུག ཨོའོ་འདའི་༿འདིར་༾འཁྱེར་ཤོག་དང་། དབུར་པང་འདི། ཨོང་་་ ཨོའོ་་་ འདི་དབུར་པང་ཟེར་མཁན་འདི། དེའི་མིང་ལ་དབུར་པང་ཟེར་ཡས་འདི། ཅ་ལག་དེའི་མིང་ལ་དབུར་པང་ཟེར་གྱི་རེད། ཨོང་། འདི་ལ་དབུར་པང་ཟེར་གྱི་རེད་འདའི་༿འདིར་༾ འདི་ལ་དབུར་པང་། ད་དེའི་སྒང་ལ་ཨ་ནི་་་འདུག་ཟེ་རས་གཞི་ཁོ་འདི་རུ་བཞག་ཚར་དང་། ཨ་ནི་་་དབུར་ཆུ་བྱས་བྱས་༿ནས།༾ ཡང་ཆུ་གཅིག དཀར་ཡོལ་གཅིག་ནང་ཆུ་གཙང་མ་གཅིག་བླུགས།
- བརྟན་པ་རབ་བརྟནདབུར་ཆུ་ཟེར་ན། དེ་ལ་དབུར་ཆུ་ཟེར་གྱི་རེད་ད། དེ་ནས་ཨ་ནི་་་དབུར་ཆུའི་ནང་འདའི་༿འདིར་༾ཨ་ནི་་་ ཨོང་་་ ཆུ་བྱུག་ཡས་ཀྱི་བྱུག་རས་གཅིག་ཡོའོ་རེད་༿ཡོད་རེད་༾ཡང་། འདི་རས་ད་ག་ཟེ། ཁོ་རང་རས་འཛར་དེ་འདྲས་ཕ་༿ཕྲ་༾པོ་དེ་འདྲས་བྱུང་ན་འགྲིག་གི་རེད། ཁོ་གའི་གནད་འགག་ཆེན་པོ་གའི་ཡོའོ་༿ཡོད་༾མ་རེད། ཁོ་རས་ཁོ་གཙང་མ་གཅིག་བྱུང་ན་འགྲིག་གི་ཡོའོ་རེད་༿ཡོད་རེད༾ད། འདི་ཆུའི་ནང་ལ་འདུག་ཟེ་བྱས། ཡིན་གཅིག་མིན་གཅིག ཡང་འདི་ཕག་མདོ་ར་པོ་༿འདྲ་པོ་༾པིར་ར་པོ་༿འདྲ་པོ་༾དེ་འདྲས་ཀྱིས་བྱུག་གི་མ་རེད། ཆུ་འདི། ཡིན་གཅིག་མིན་གཅིག་ཁོ་བྱུག་རས་ཀྱི་བྱུག་དགོས་རེད། ཆུ་འདི་འདུག་ཟེ། འདུག་ཟེ། ཆུ་འདི་མ་ལས་༿ལུས་༾པ། རྫོགས་རྫོགས་མ་ཡིན་པ། སྙོམས་པོ་ཡག་པོ་གཅིག་བྱུག་བྱས། ཨ་ནི་་་དབུར་རྡོ་ཟེར་བྱས་བྱས། ཡང་རྡོ་གཅིག་ཡོའོ་རེད་༿ཡོད་རེད༾ཡང་།
- བརྟན་པ་རབ་བརྟནདབུར་རྡོ་ག་པར་ཡོའོ་རེད་༿ཡོད་རེད།༾ ཨོང་་་ འཁྱེར་ཤོག་དང་། ཨོང་། ངས་མིག་བསྟན་གོ ཨོའོ་ད་འདི་ལ་དབུར་རྡོ་ཟེར་གྱི་རེད། འདེའི༿འདིར་༾ རྡོ་དེའི་མིང་ལ་དབུར་རྡོ་ཟེར། ཨོའོ་་་ད་རྡོ་འདི་ཡིན་གཅིག་མིན་གཅིག ང་ཚོ་གཙང་པོའི་ཁ་ལ་ཆུར་རྡོ་ཡོད་སར་བཙལ་གག་འགྲོ་དགོས་རེད་ད་འདི། རྡོ་འགང་གས་༿ཚང་མས་༾ཡོང་གི་མ་རེད་ཡང་། རྡོ་དེ་འདྲས་དགོས་རེད་ད། ཨོང་་་ ད་དུང་ངའི་རྡོ་འདི་ཏོག་ཙམ་ཆགས་སོང་ད་འདི། སྤུ་གུ་དེ་ཚོས་ཅག་ག་༿གཅེས་སྐྱོང་༾མ་བྱས་པ་བྱས། གཞན་འདི་འཇམ་པོ་ཞེ་པོ་ཅིག་ཡོའོ་རེད༿ཡོད་རེད།༾ འདི་འདུག་ཟེ། ཨོའོ་་་འདིས་དབུར་གྱི་རེད། འདིའི་མིང་ལ་དབུར་རྡོ་ཟེར། འདི་ཐེངས་མ་ག་ཚད་དབུར་དགོས་རེད། ཨོང་་་ རས་གཞི་སྤུས་དག་པོ་ཞེ་དྲག་བཟོས་ན། མདུན་ལ་གསུམ། རྒྱབ་ལ་གཉིས་ཟེར།
- བརྟན་པ་རབ་བརྟནམདུན་གསུམ་རྒྱབ་གཉིས་ཟེར། ཨོང་་་ ལྔ་དགོས། ཐེངས་མ་ལྔ། སྤྱིར་བཏང་ང་ཚོས་ད་མགྱོགས་བཅོས་བྱེད་ཀྱི་ཡོའོ་རེད་༿ཡོད་རེད།༾ད། དེང་སང་ལས་ཀ་འགང་ག་༿ཚང་མ་༾མདུན་ལ་གཉིས་དང་རྒྱབ་ལ་གཅིག་ལས་དབུར་གྱི་ཡོའོ་༿ཡོད་༾མ་རེད་ད། ད་གཉིས་མདོར་བསྡུས་ཞུས་ཚར་པ་རེད་པཱ། ཧ་ཧ་་་་་་་་ཨོའོ་དེ་འདྲས་ཟེར་རེད། བྱས་ཙང་ཨོང་་་ རས་གཞི་་དབུར་སྟངས་ཡིན་ན་དེ་འདྲས་གཅིག་རེད། ངས་རས་གཞི་དབུར་སྟངས་ཀྱི་སྐོར་ཞུས་ཚར།
- བརྟན་པ་རབ་བརྟནདེ་ནས་རས་གཞི་འདི་དབུར་བྱས། རས་གཞི་འདི་བཟོས་ཚར་པ་རེད་པཱ། བཟོས་ཚར་སོང་ན་ཨ་ནི་་་ རང་ལ་ཨོའོ་་་ ཞལ་ཐང་འདི་ཆེ་ཆུང་ག་ཚད་གཅིག་ཡིན་ནའི། ཁོ་ཆ་ཚད་ལྟར་གྱི་ཆེ་ཆུང་འདི། ཨ་ནི་་་ཁོའི་ནང་འདའི་༿འདི་ལ་༾ཐིག་འདི་བརྒྱབ། ཁོ་ག་ཚད་དགོས་ཀྱི་ཡོད་ནའི། ཆེ་ཆུང་ག་ཚད་དགོས་ཡོད་ནའི་ཁོ་ཐིག་འདི་བརྒྱབ། ཐིག་འདི་བརྒྱབ་བྱས་ཨ་ནི་་་ཡིན་གཅིག་མིན་གཅིག་ཐིག་འདི་འདུག་ཟེ་རྒྱག་དགོས་རེད། དེ་ནས་འདའི་༿འདི་ལ་༾ཐིག་འདུག་ཟེ། གྲུ་ཀག་འདི་རྒྱག་དགོས་རེད། འདི་རྒྱག་ཡས་འདི་ག་རེ་རེད་ཟེར་ན། ཐང་ག་འདི་གྲུ་བཞི་གྲུ་རྐྱང་ཆགས་ཡས་ཀྱི་ཐབས་ཤེས་རེད།
- བརྟན་པ་རབ་བརྟནམཁྱེན་སོང་ང་། སྔ་མ་ཨོང་་་འདི། འདི་ག་རེ་ཟེར་དགོས་རེད། ཁྲེ་ཙེ་ཟུར་གསུམ་མ་འདི་ང་ཚོས་ཞེ་དྲག་བེད་སྤྱོད་གཏང་གི་མ་རེད། སྔ་མོ། དེང་སང་ཡང་ང་ཚོས་བེད་སྤྱོད་གཏང་གི་ཡོད། ཨོང་་་ འདི་མེད་དུས་སྒང་ལ་འདི་འདུག་ཟེ་བརྒྱབ་ད་གར། ཨ་ནི་་་ལམ་སེང་སྒོར་ཐིག་གི ཨ་ནི་་་སྔན་ལ་འདི་གྱད་༿འདི་རྣམས་༾འདི་བརྒྱབ། དེ་གྱད་༿དེ་ཚོ་༾འདི་སྒོར་ཐིག་གི་འདུག་ཟེ་བརྒྱབ་ཚར་ད། སླར་ཡང་སྒོར་ཐིག་གིས་ཡང་འདུག་ཟེ་རྒྱག་དགོས་རེད། འདའི་༿འདི་ལ་༾དེ་འདྲས་ཟེ། ཨ་ནི་་་སྒོར་ཐིག་གི་འདི་ཧ་གོ་གི་རེད། དཀྱིལ་དེ་དང་འདི་ཧ་གོ་གི་རེད། ད་ཐིག་འདི། མཁྱེན་སོང་ང་།
- བརྟན་པ་རབ་བརྟནའདི་ཧ་གོ་པ་དང་། ཐིག་འདི་དང་འདི་འདུག་ཟེ་བརྒྱབ་བྱས། ཨ་ནི་་་དགོས་ཡས་ཀྱི་ཆེ་ཆུང་ག་ཚད་ཡིན་ནའི། ཨ་ནི་་་ཁོ་ནས་ཡར་མར་ཨ་ནི་་་ཁྲེ་ཙེ་འཇལ་བྱས། ཨ་ནི་་་ཐིག་བརྒྱབ་ན་འགྲིག་གི་རེད། ཨ་ནི་་་བྱས་ཙང་ཏག་ཏག་ཁོ་རང་། གྲུ་བཞི་གྲུ་རྐྱང་ཆགས་ཀྱི་ཡོའོ་རེད༿ཡོད་རེད།༾ འདི་ཨོའོ་་་ཟུར་ཚད་དགུ་བཅུ་ཐམ་པ་ཏག་ཏག་ཆགས་ཡོའོ་རེད༿ཡོད་རེད།༾ ང་ཚོ་རྒྱ་སྐད་བརྒྱབ་ན་ཏུའུ་དགུ་བཅུ་ཐམ་པ་ཟེར་གྱི་རེད་པཱ། ཨོང་་་ ཇུའུ་ཧྲེ་ཏུའུ་༼རྒྱ་སྐད་༽ཟེར་གྱི་ཡོའོ་རེད་༿ཡོད་རེད་༾པཱ། ཨ་ནི་་་་ཟུར་ཚད་དགུ་བཅུ་ཐམ་པོ་ཏག་ཏག་ཆགས་ཀྱི་ཡོའོ་རེད༿ཡོད་རེད།༾ ཟུར་ཚད་དགུ་བཅུ་ཐམ་པ་མེད་པ་ཡིན་ན། ཨ་ནི་་་སྐྱོན་ག་རེ་ཡོའོ་རེད༿ཡོད་རེད།༾ ཨ་ནི་་་རྗེས་མ་གོས་ཤམ་རྒྱབ་དུས་ཐང་ག་འདི་ཀྱོག་ཀྱོག་ཆགས་ཀྱི་ཡོའོ་རེད་༿ཡོད་རེད་༾ད།
- བརྟན་པ་རབ་བརྟནཨ་ནི་་་ཐང་ག་ཁ་ཤས་ལྷག་ཐང་ལྷུག་ཐང་ཆགས་ཡས་འདི། ཐིག་བཙན་པོ་མ་བྱུང་པའི་རྟགས་རེད་གཅིག གཉིས་ནས་ཡང་ཨོང་་་ ཁ་ཤས་ཡང་འཚེམ་པོ་གི་མ་འདང་པ་དེ་འདྲས་ཡོའོ་རེད་༿ཡོད་རེད་༾པཱ། ད་ཡིན་ནའི་ང་ཚོ་དང་པོ། ཨང་དང་པོ་དེ་ང་ཚོ་རེ་མོ་མཁན་གྱིས་ཐིག་བཟོ་ཚད་འདི་ཡག་པོ་ཞེ་པོ་གཅིག་རྒྱག་དགོས་རེད། ཨོའོ་་་ད་དེ་འདྲས་གཅིག་རེད། ཨོའོ་་་རྒྱུ་མཚན། ཐིག་རྒྱག་སྟངས་ཀྱི་སྐོར་ལ་ཞུས་ན། ཨོའོ་་་དེ་འདྲས་གཅིག་རེད། ད་དེ་ནས་ཨ་ནི་་་ གཞི་ནས་ཨ་ནི་་་ རྩ་བའི་ཨ་ནི་་་ སྐུ་གཙོ་བོ་གཅིག་ཡོའོ་རེད་༿ཡོད་རེད་༾པཱ། ད་འདི་ཐང་ག་འདི་ལ་དཔེ་བཞག་ན། འདི་གཙོ་བོ་གཅིག་རེད་པཱ། ཨོའོ་་་ འདི་ལ་གཙོ་བོ་ཟེར་གྱི་རེད།
- བརྟན་པ་རབ་བརྟནའདི་གྱད་༿འདི་ཚོ་༾འདི། ལྷ་དེ་ཚོའི་གྲས་ལ་ག་རེ་ཟེར་ན། ལྷ་མགྲོན་ཟེར་གྱི་རེད། ལྷ་མགྲོན། མགྲོན་པོའི་མགྲོན་དེ་རེད་དང་། ལྷ་མགྲོན་ཟེར། ཧ་ཧ་་་་་་འདི་ལ་གཙོ་བོ་ཟེར་གྱི་རེད། བྱས་ཙང་ང་ཚོས་ལྷ་འདི་གཙོ་བོ་འདི་སྔན་ལ་༿སྔོན་ལ་༾རྒྱག་དགོས་རེད། ཐིག་འདི་ཡིན་གཅིག་མིན་གཅིག་ལྷའི་ཐིག་འདི་རྒྱབ་བྱས་ཨ་ནི་་་ ཨ་ནི་་་གཞི་ནས་ག་རེ་ཟེར་དགོས་རེད། ཨ་ནི་་་ཐིག་འདི་རྒྱག་གི་ཡོའོ་རེད་༿ཡོད་རེད།༾
- བརྟན་པ་རབ་བརྟནག་རེ་རེད་ཟེར་ན། ང་ཚོས་ཐིག་འདི་གང་འདྲས་ཟེ་རྒྱག་དགོས་རེད། དཔེར་ན། ང་ཚོས་འདིའི་ཞལ་གང་ལ། ཞལ་ཚད་གང་ལ་སོར་མོ་བཅུ་གཉིས་ཡོའོ་རེད༿ཡོད་རེད།༾ སོར་མོ་བཅུ་གཉིས། ཞལ་ཚད་གང་ལ་སོར་མོ་བཅུ་གཉིས་འདི། དཔེར་ན་འདིར་གཟིགས་ཨ། སྐྲ་མཚམས་ནས་མིག་མཚམས་བར་སོར་མ་བཞི་བྱས། མིག་མཚམས་ནས་ཤངས་ཐིག་བར་སོར་མོ་བཞི་བྱས། ཤངས་ཐིག་ནས་ཀོས་སྐོ་བར་སོར་མ་བཞི་བྱས། བཞི་གསུམ་གྱི་བཅུ་གཉིས་འདུག་ཟེར་ཡོའོ་རེད༿ཡོད་རེད།༾
- བརྟན་པ་རབ་བརྟནདཔེར་ན་འགྲམ་ཞེང་འདི་ལ་དཔེར་ན། དེ་ནས་ཕར་འགྲམ་ཞེང་སོར་མོ་དྲུག། སྙན་ཞེང་སོར་མོ་དོ་ཟེར། དེ་ནས་འགྲམ་ཞེང་སོར་མོ་དྲུག། སྙན་ཞེང་སོར་མོ་དོ་ཟེ་ཡོའོ་རེད་༿ཡོད་རེད༾པཱ། ད་ཡིན་ནའི་ཐིག་འདི་དང་པོ་ཐོག་མར་རྒྱག་དུས། སྟོན་པའི་ཐིག་འདི་གང་འདྲས་ཟེ་རྒྱག་དགོས་རེད། རྒྱག་དུས་སྒང་ལ་ཞལ་ཚད་འདི་ཕྲལ་ཚར་ར་དང་ཆེ་ཆུང་གང་འདྲས་ཅིག་ཡིན་ནའི་ཞལ་ཚད་ཁོ་ཆེ་རུ་གཏང་ཆུང་རུ་གཏང་དགོས་རེད་ད། ལྷ་ཆེན་པོ་བཟོ་དུས་ཞལ་ཚད་ཁོ་ཆེ་རུ་གཏང་དགོས་རེད། ལྷ་ཆུང་ཆུང་བཟོ་དུས་ཞལ་ཚད་ཁོ་ཆུང་རུ་གཏང་དགོས་རེད། རྒྱུ་མཚན་དེ་འདྲས་ཅིག་༿ཤིག་༾རེད། བྱས་ཙང། ཨོང་་་ དཔེར་ན་དེ་ནས་དེའི། ཐིག་འདིའི་མིང་ལ་ཚངས་ཐིག་ཟེར་གྱི་རེད།
- བརྟན་པ་རབ་བརྟནཚངས་ཐིག། ཐོག་མར་ཚངས་ཐིག་དང་མགོ་ཐིག་བཏབ་བྱས་པ་རེད། ཨོང་་་ མགོ་ཐིག་ཟེར་ན་ཐིག་འདི་ལ་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ འདི། ཨོའོ་་་འདི། འདི་ཚངས་ཐིག་འདི་བརྒྱབ། དེ་ནས་མགོ་ཐིག་འདི་རྒྱག་དགོས་རེད། ཨོང་་་ མགོའི་ཐིག་འདི་རེད་པཱ། མགོ་བཙུགས་སའི་ཐིག་འདི་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ ཚངས་ཐིག་ཟེར་ན་དཀྱིལ་འདའི་༿འདིར་༾ཟེར་གྱི་ཡོའོ་རེད་༿ཡོད་རེད་༾པཱ་ལགས། ཨོང་་་ ད་འདི་ད་ཁྱོན་ནས། དེའི་དཀྱིལ་དཀྱིལ་རྐྱང་དེའི། ང་ཚོ་རྒྱ་སྐད་ལ་རྦད་ཀྲུང་ཤིན་ཤན་༼རྒྱ་སྐད་ཀྱི་སྒྲ་༽ཡིན་ན་ཅིག་ཟེར་གྱི་ཡོའོ་རེད་༿ཡོད་རེད༾པཱ་ལགས། ད་འདི་ཚངས་ཐིག་བྱས། དེ་ནས་ཚངས་ཐིག་ནས་ཨ་ནི་་་ གཡས་སུ་ད་དཔེ་འདྲ་ཅིག་ཆ་བཞག་ན། ཚངས་ཐིག་ནས་གཡས་གཡོན་ག་པར་ཡིན་ནའི་རེད་ད། དཔེར་ན་གཡས་སུ་བྱས་ན་ང་ཚོས་ད་འདུག་ཟེ་ཚུར་རྩིས་ནའི་འགྲིག་གི་རེད། ང་ཚོས་ཡིན་ན་གཡས་འདི་འདའི་༿འདི་ལ་༾ཚུར་རྩིས་ཀྱི་ཡོའོ་རེད་༿ཡོད་རེད་༾ཡང་། ཡང་འདི་གཡས། གཡོན་འདི་རྩིས་སྟངས་འདི། ཨོང་་་འདྲ་གི་མ་རེད།
- བརྟན་པ་རབ་བརྟནདཔེར་ན། ང་ཚོས་ཡང་གཡས་འདི་འདའི་༿འདི་ལ་༾ཚུར། དེ་རང་ལ་རྩིས་ཀྱི་ཡོའོ་རེད༿ཡོད་རེད།༾ ཁོ་རང་གི་གཡས་འདའི་༿འདི་ལ་༾ཟེར་གྱི་ཡོའོ་རེད༿ཡོད་རེད།༾ དཔེར་ན་དེ་ནས་གཡས་སུ་ཞལ་གང་བྱས། ཞལ་གང་འདི། ཐིག་འདིས་ག་རེ་ཧ་གོ་གི་ཡོའོ་རེད༿ཡོད་རེད།༾ འདི་རྩིབ་མ་འདི་ཧ་གོ་གི་ཡོའོ་རེད༿ཡོད་རེད།༾ རྩིབ་ཞེང་འདི། བྲང་ཞེང་འདི་ཧ་གོ་གི་ཡོའོ་རེད༿ཡོད་རེད།༾ དེ་ནས་ཚུར་སོར་མོ་བཞི་ཅིག་བཏབ་པ་རེད་པཱ་ལགས། སོར་མོ་བཞི་ཅིག་བཏབ་པ་རེད་པཱ་ལགས། འདི་ལ་དཔུང་པའི་ནང་ཐིག་ཟེར་གྱི་རེད། འདི། འདི་ལ་དཔུང་པའི་ནང་ཐིག། དེ་ནས་འདི། ཐིག་འདི་ལ། དེ་ནས་ཚུར་སོར་མོ་དོ་ཅིག་འཇལ་བྱས་བྱས། དཔུང་པའི་ཕྱི་ཐིག་ཟེར་གྱི་ཡོའོ་རེད་༿ཡོད་རེད༾ད། ཨོང་་་ དེ་ནས་དེ་ན་བར་ལ་ཨ་ནི་་་སོར་མོ་བརྒྱད་ཅིག་འཇལ་བྱས་ནས། ཨ་ནི་་་འདི་ལ་ག་རེ་ཟེར་གྱི་ཡོའོ་རེད་༿ཡོད་རེད་༾ཟེར་ན། ཨ་ནི་་་པུས་ཐིག་ཟེར་གྱི་ཡོའོ་རེད་༿ཡོད་རེད་༾ད། པུས་མོ། པུས་མོ། ཨོང་ཨོའོ་་་་ད། ད་དེའི་གཡས་གཡོན་གཉིས་མཚུངས་པ་རེད།
- བརྟན་པ་རབ་བརྟནགཡས་གཡོན་མཚུངས་པ་ཟེར་ན་མཁྱེན་གྱི་རེད་པཱ་ལགས། ཁོང་རྣམས་ཚོར་ཞུས་བཞག་ནའི་ཧ་གོ་གི་རེད་པཱ་ལགས། ད་འདི་འདའི་༿འདིར་༾ཡོད་པ་འདི་ཕར་ཕྱོགས་འདའི་༿འདིར་༾ད་ག་ནང་བཞིན་རེད། དེ་ནས་མར་ལ་བྱས་ན་ཐིག་འདི་གང་འདྲས་རེད་ཟེར་ན། འདི་ལ་ད་མགོ་ཐིག་འདི་བརྒྱབ་ཚར་པ་རེད་པ་ངས་ཞུ་མ་དགོས་པ་བྱས། ནོར་བུའི་ཏོག་ལ་སོར་མོ་དོ་བྱས་པ་རེད། འདི་ལ་ནོར་ཏོག་བྱས། ནོར་ཏོག་ཟེར་གྱི་ཡོའོ་རེད་༿ཡོད་རེད༾ད་འདི་ལ། ནོར་ཐིག་ནོར་ཏོག་གི་ཐིག་རེད་འདི་ལ། དེ་ནས་འདི་བར་དུ་གཙུག་ཏོར་སོར་མོ་བཞི་རེད། གཙུག་ཏོར་ཟེར་ན་འདའི་༿འདིར་༾ འདི་ལ་གཙུག་ཏོར་ཟེར་གྱི་རེད། གཙུག་ཏོར་སོར་མོ་བཞི་བྱས། དེ་ནས་དེ་བར་དུ་སོར་མོ་བཞི་ཡོའོ་རེད༿ཡོད་རེད།༾ འདི། སྐྲ་དཔངས་ཀྱི་སོར་མོ་བཞི་ཟེ། སྐྲའི་མཐུག་ལོས་དེ་རེད། འདི་ནས་འདི་བར་དུ། སྐྲ་མཚམས་ནས་ཨ་ནི་་་ཀོས་སྐོ་བར་དུ་ཞལ་གང་ཡོའོ་རེད༿ཡོད་རེད།༾ སོར་མོ་བཅུ་གཉིས་གཏང་པ་རེད། འདའི་༿འདི་ལ་༾ཨང་ཀི་བཅུ་གཉིས་བརྒྱབ་འདུག་ག ད་དེ་ནས་མགྲིན་པ་སོར་མོ་བཞི་རེད། འདའི་༿འདི་ལ་༾ མགྲིན་པ་སོར་མོ་བཞི། འདི་མགྲིན་པ་རེད།
- བརྟན་པ་རབ་བརྟནད་ཐུགས་ཀ་དེ་ལ་ཞལ་གང་བྱས་པ་རེད་ཡང་། ཐུགས་ཀ་དེ་ལ་སོར་མོ་བཅུ་གཉིས་རེད། འདའི།༿འདིར༾ དེ་ནས་ལྟེ་བ་དེ་ལ་ཞལ་གང་རེད། ལྟེ་བ། འདི་ལྟེ་བ་འདི་ལྟེ་བ་རེད་པཱ་ལགས། ཨོང་་་ འདི་ལྟེ་ཐིག་ཟེར་གྱི་རེད། ཐིག་དེ་ལ། མཁྱེན་སོང་ང་། དེ་ནས་ཨོང་་་། སྟ་ཟུར་ལ་སོར་མོ་བཞི་བྱས་པ་རེད། འདི་ལ་སྟ་ཟུར་གྱི་ཐིག་རེད། སྟ་ཟུར་གྱི་ཐིག་དེ་ལ་སོར་མོ་བཞི་ཡོའོ་རེད༿ཡོད་རེད།༾ སྟ་ཟུར་གྱི་ཐིག དེ་ནས་གསང་གནས་ཟེར་བྱས་པ་རེད། གསང་གནས་སོར་མོ་བརྒྱད་བྱས་པ་རེད། གསང་གནས་ཟེར་དུས་ཁོ་རང་གནས་ས་འདའི་༿འདི་ལ་༾ གསང་བའི་གནས་གནས་ས་འདིར་ཟེར་གྱི་ཡོའོ་རེད་༿ཡོད་རེད་༾ད། ཨོང་་་ དེ་ནས་ག་རེ་རེད་ཟེར་ན། ཡང་ཞབས་ཐིག་སོར་མོ་བཞི་བཞི་བྱས་པ་ཅིག་༿ཞིག་༾གཉིས་རྒྱག་དགོས་རེད། བརྒྱད་རྒྱག་དགོས་རེད་ད། འདུག་ཟེ་བྱས་བྱས་ནས། ཨོང་་་ ཐིག་འདི་གྲུ་བཞི་འདི་བྲིས་ཚར་རེད་ད།
- བརྟན་པ་རབ་བརྟནཨོང་་་ ད་དེ་ནས་ཕྲད། དེ་ནས་ག་རེ་རེད་ཟེར་ན། ཐིག་འདི་རྒྱག་དགོས་རེད། ཕུར་གཟུགས་གྱེན་བསྟན་འདི། ཕུར་པའི་གཟུགས་གྱེན་ལ་བསྟན་བསྡད་པ། ཨོང་་་ ཕུར་གཟུགས་གྱེན་བསྟན་འདི་ཐོག་མར་འདའི་༿འདི་ལ་༾འདུག་ག ལགས། ཚངས་ཐིག་དང་བྱས་པ་རེད། ཀོས་སྐོའི་ཐིག་ཕྲད་ས་ནས་ཟེར། ཚངས་ཐིག་དང་ཀོས་སྐོའི་ཐིག་ཕྲད་ས་ཟེར། ཁོ་གཉིས་གཉིས། ཐིག་འདིའི་ཐིག་དེ་དང་ཐིག་འདི་ཕྲད་ས་ནས་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ ཨོང་་་ ཕྲད་ས་ནས་བྱས་པ་རེད་ད། ཞབས་ཐིག་དང་བྱས་པ་རེད། དཔུང་ཐིག་ནང་མ་ཕྲད་ས་བར་བཏབ་པས་ཟེར། གཡས་གཡོན་གཉིས་ནས་བཏབ་པས་བྱས་པ་རེད་ད། གཡས་གཡོན་གཉིས་ནས་བཏབ་པས་ཟེར་དུས་སྒང་ལ། འདུག་ཟེ་བཏབ་པས་བྱས་པ་རེད་ད། ཕུར་གཟུགས་གྱེན་བསྟན་འདི་བྱུང་བ་ཡིན་བྱས་པ་རེད།
- བརྟན་པ་རབ་བརྟནཨོང་་་ ད་དེ་ནས་ཡང་བསྐྱར་ཕུར་གཟུགས་ཐུར་བསྟན་གཅིག་ཡོའོ་རེད་༿ཡོད་རེད༾ད། ཕུར་གཟུགས་ཐུར་བསྟན་གཅིག འདི་ཡིན་ན་དཔུང་ཐིག་ནང་མ་དང་། ཨོང་་་ ཡང་ཨོང་་་ཀོས་སྐོའི་ཐིག་ཕྲད་ས་ནས་བྱས་པ་རེད་ད། ཕྲད་ས་ཟེར་དུས་སྒང་ནས། ཅའོ་ཁྲ་དན་ཟེར་ཡས་འདི་རྒྱ་སྐད་བརྒྱབ་དུས། ཨོང་་་ ང་ཚོས་འདིའི་ཕྲད་ས་ཟེར་གྱི་ཡོའོ་རེད་༿ཡོད་རེད་༾འདའི་༿འདིར་༾ ཕྲད་ས་ནས་ཟེར་བྱས་པ་རེད་ད། ཨ་ནི་་་ཚངས་ཐིག་དང་བྱས། ཞབས་ཐིག་ཕྲད་ས་བར་བཏབ་པས་བྱས་པ་རེད་ད། གཡས་གཡོན་གཉིས་ནས་བཏབ་པས་བྱས་པ་རེད། ཕུར་གཟུགས་ཐུར་བསྟན་བྱུང་པ་རེད། ཐིག་འདིའི་ནུས་པ་འདི་ག་རེ་སྟོན་གྱི་ཡོའོ་རེད༿ཡོད་རེད།༾ ཨོའོ་་་རྩིབ་ཀྱི་ཞེང་། ཨོའོ་་་སྐེད་པའི་ཚད། སྟ་ཟུར་གྱི་ཞེང་དེ་གྱད་༿དེ་ཚོ་༾དེ་ཧ་གོ་གི་ཡོའོ་རེད་༿ཡོད་རེད་༾ད། ཨོའོ་་་
- བརྟན་པ་རབ་བརྟནཨོང་་་ ཡང་ཐིག་འདི་རྒྱག་དགོས་རེད། འདའི།༿འདིར༾ ཐིག་འདི། འདི་ཚངས་ཐིག་དང་བྱས་པ་རེད། ཨོང་་་ ལྟེ་ཐིག་ཕྲད་ས་ནས་བྱས་པ་རེད། ཨོའོ་ཡཱ་་ ཨོའོ་་་ལྟེ་ཐིག་ཚངས་ཐིག་ཕྲད་ས་ནས་གསང་ཐིག་དང་ཟེར་བྱས། མཐའ་ཐིག་ཕྲད་ས་བར་བཏབ་པས། གཡས་གཡོན་གཉིས་ནས་བཏབ་པས་བྱས་པ་རེད། ཨ་ནི་་་བརླ་རིས་རྟོགས་བྱས་པ་རེད། བརླ་ཤའི་རི་མོ་འདི། འདི་ཧ་གོ་གི་ཡོད་བྱས་པ་རེད་ད། ཧ་གོ་སོང་ངས་ལགས། དེ་དེ་ནས། དེ་ནས་ཨ་ནི་་་འདི་ཅིག་ཡོའོ་རེད་༿ཡོད་རེད་༾པཱ་ལགས། ཨོང་་་ ཡང་ཞབས་ཐིག་དང་བྱས་པ་རེད་པཱ། དཔུང་ཐིག་ནང་མ་ཕྲད་ས་ནས་བྱས་པ་རེད། ཞབས་ཐིག་ཟེར་ཐིག་འདའི་༿འདི་ལ་༾ཟེར་གྱི་རེད། ཁོ་གཉིས་ཕྲད་ས་དེ་ནས་བྱས་པ་རེད། ཨོང་་་ཕྲད་ས་ནས་ཨ་ནི་་་འདི་ཡོའོ་རེད་༿ཡོད་རེད་༾པཱ་ལགས། དཔུང་ཐིག། དཔུང་ཐིག་ནང་མ་དང་གསང་ཐིག་ཕྲད་ས་བར། གཡས་གཡོན་གཉིས་ནས་བཏབ་པས་བྱས་པ་རེད།
- བརྟན་པ་རབ་བརྟནབཏབ་པས་ཨ་ནི་་་རྡོ་རྗེ་སྐྱིལ་ཀྲུང་གི་ཚད་ཞེས་བྱས་པ་རེད། ཞབས་འདུག་ཟེ་བཞུགས་པ་འདི་ཧ་གོ་གི་ཡོའོ་རེད་༿ཡོད་རེད་༾ད། འོ་ད་དེ་འདྲས་ཟེ་རེད། བྱས་ཙང་ཐིག་རྩ་བའི་གཞི་རྩའི་ཆ་ནས་སྟོན་པའི་ཐིག་འདི་ངས་ཞུས་ཚར་པ་ཡིན། དེ་འདྲས་ཅིག ཨོའོ་་་ད་ང་ཚོས་ཐིག་དེ་ཚོའི་མིང་དང་། ཨོའོ་་ ནུས་པ་དེ་གྱད་༿དེ་ཚོ་༾འགང་ག་༿ཚང་མ་༾ངས་ཞུས་ཚར་ཡིན། ཨོའོ་་་ལགས་སོ། ཐིག ད་དེ་ནས་ང་ཚོ་སྐྱ་རིས་འདི་བརྒྱབ་ཚར་པ་རེད་པཱ། ལྷ་གཙོ་བོ་འདི་བརྒྱབ་ཚར་སོང་ན། ཨཱ་ལྷ་མགྲོན་ད་ཨེགྱད་༿དེ་ཚོ་༾གཞི་ནས་རྒྱག་དགོས་རེད། ཨོའོ་་་ལྷ་མགྲོན་དེ་གྱད་༿དེ་ཚོ་༾བརྒྱབ། ལྷ་མགྲོན་དེ་གྱད་༿དེ་ཚོ་༾བརྒྱབ་ཚར་སོང་ན། ཨ་ནི་་་གཞི་ནས་ཡུལ་ལྗོངས་བཀོད་པ་དེ་གྱད་༿དེ་ཚོ་༾བཀོད་སྒྲིག་བྱེད་དགོས་རེད་ད། ངས་གོ་རིམ་འདི་ཞུས་རེད་པཱ་ལགས། ཨ་ནི་་་ང་ཚོས་འདི་ཨོང་་་ གཙོ་བོ་བྲིས་ཚར་རའི་༿བའི་༾རྗེས་ལ། ཨ་ནི་་་ལྷ་མགྲོན་དེ་གྱད་བྲིས་ཚར་ན། ཨ་ནི་་་ཡུལ་ལྗོངས་བཀོད་པ་དེ་གྱད་༿དེ་ཚོ་༾བཀོད་སྒྲིག་བྱེད་དགོས་རེད། ཡུལ་ལྗོངས་དེ་གྱད་༿ད་ཚོ་༾དེ་བཀོད་སྒྲིག་བྱེད་དུས་སྒང་ནས་ཡིན་ན། རི་མོ་མཁན་སོ་སོ་རང་གིས། ལུང་པ་བཟོ་རྒྱུ་རེད་ད། བསམ་བློའི་ནང་ནས་རི་་མོ་ལུང་པ་བཟོ་དགོས་རེད་ད།
- བརྟན་པ་རབ་བརྟནཨོང་་་ བྲག་བྲིས་ཀྱི་ཡིན་ནའི། ཆུ་བྲིས་ཀྱི་ཡིན་ནའི། མེ་ཏོག་བྲིས། སོ་སོ་རང་གིས་ཨ་ནི་་་རྦད་གང་ཡག་ཡག གང་སྐྱིད་སྐྱིད་འདི་བཟོས་ན་འགྲིག་གི་རེད། ཨོའོ་་་དེ་འདྲས་ཅིག་རེད་ད། དོན་དག་ལ་ཞུས་ན། ཨོང་་་དཔེར་ན། ག་རེ་ཟེར་དགོས་རེད། མེ་ཏོག་བྲིས་ཡས་ལ་སོགས་པ། བྲག་བྲིས་ཡས་ལ་སོགས་པ། སྤྲིན་པ་བྲིས་ཡས་ལ་སོགས་པ་ད་དེ་ཚོ་དེ་འདྲས་ཟེར་རེད། དེ་ཡིན་ནའི་ངས་ཞུ་དགོས་པ་གཅིག་ལ་ག་རེ་རེད་ཟེར་ན། བོད་ཀྱི་རི་མོ་ཁོ་རའི་སྤྱིའི་ཁྱད་ཆོས་འདི་ག་རེ་ཡོའོ་རེད༿ཡོད་རེད།༾ ཟེར་ན། ང་ཚོ་བོད་ཀྱི་རི་མོ་འདི། མ་གཞི་བྱས་པ་ཡིན་ན། ཨོང་་་ སྤྲིན་པ་ཡིན་ན་སྤྲིན་པ་དངོས་དང་བསྡུར་བ་ཡིན་ན། འདྲ་པོ་གའི་ཡོའོ༿ཡོད་༾མ་རེད་དེ་ཡིན་ནའི། སྤྲིན་པ་ཡིན་པ་འདི་རྦད་དེ་སུ། མི་གང་འདྲས་གཅིག། ཕྲུ་གུ་ཆུང་ཆུང་གཅིག་གིས་བལྟས་ནའི་ལམ་སང་ཧ་གོ་ཡས་དེ་འདྲས་ཅིག་༿ཤིག་༾ཡོའོ་རེད༿ཡོད་རེད།༾
- བརྟན་པ་རབ་བརྟནབྱས་ཙང་དེ་འདྲས་ཨོང་་་ དེ་དང་དེ་བཞིན་པ་ད་ཚང་མ་ལོགས་དེ་འདྲས་རེད། མཚོན་བྱེད་དེ་དཔེ་མི་སྲིད་པའི་གཏིང་གཟབ་པོ་ཡོའོ་རེད༿ཡོད་རེད།༾ ལགས་ཨོང་་་ དེ་འདྲས་ཅིག་༿ཤིག་༾རེད། ཨོང་་་ དེ་འདྲས་བྱས། ཨ་ནི་་་ང་ཚོས་ག་རེ་ཟེར་དགོས་རེད་ཡང་། ཨོང་་་ དངོས་ཡོད་རིང་ལུགས་ཀྱི་ནུབ་ཕྱོགས་ཀྱི་དངོས་ཡོད་རིང་ལུགས་ཀྱི་རི་མོ་ནང་བཞིན་བྱས་བྱས་ཡང་རྦད། ཉེ་ཆེ་རིང་ཆུཨུང་ཟེར་ཉན་༿མཁན་༾འདྲ་པོ། ད་ག་ནང་བཞིན་གྱི། ཨ་ནི་་་ག་རེ་ཟེར་དགོས་རེད། ཨོང་་་ ཉེ་གསལ་རིང་རབ་ཟེར་ཉན་༿ནཁན་༾འདྲ་པོ། དེ་ཚོ་སྔན་མ་༿སྔོན་མ་༾ང་ཚོའི་རི་མོར་བེད་སྤྱོད་གཏང་གི་མ་རེད། ཉེ་ཆེ་རིང་ཆུང་ཟེར་དུས་ཐག་ཉེ་པོར་ཆེན་པོ་བྲིས་ཡས། ཐག་རིང་པོར་ཆུང་ཆུང་བྲིས་ཡས། དེ་ཞེ་དྲག་བེད་སྤྱོད་གཏང་གི་མ་རེད་ང་ཚོའི་ཐང་ག་ལ། ལགས་ཨོང་། ཨོའོ་་་དེ་འདྲས་ཅིག་རེད།
- བརྟན་པ་རབ་བརྟནབྱས་ཙང་ཨོང་་་ སྐྱ་རིས་རྒྱག་སྟངས་སྐོར་དེ། ད་དེ་ནས་ཨ་ནི་་་ག་རེ་བྱེད་དགོས་རེད་ཟེར་ན། གཞི་ནས་གནམ་འདི་བཟོ་དགོས་རེད་ད། གནམ་བཟོས་ཟེར་དུས་སྒང་ནས་འདི་ཟེར་གྱི་ཡོའོ་རེད་༿ཡོད་རེད་༾ད། ཨོའོ་ཡཱ་་་ སྔོན་ལ་ཡ་གནམ་དང་ས་གཉིས་བཟོ་དགོས་རེད། ཨོའོ་་་ད་ཚོས་འདི་ང་ཚོ་བོད་རང་གི་ཚོན་རེད། བོད་ཚོན། འདི་ག་ནས་དོན་ཡོའོ་རེད༿ཡོད་རེད།༾ ས་ཆ་འདི་སྙེ་མོ་ནས་དོན་གྱི་རེད།
- བརྟན་པ་རབ་བརྟནབོད་ཚོན་འཁྲུལ་མེད་རེད་ད་འདི། དེ་ཚོ་འགང་ག་༿ཚང་མ་༾བོད་ཚོན་རེད། སྔོན་མོ་ལྗང་ཁུ་དེ་ཚོ། ལགས་ཨོང་་་ དེ་གྱད་༿དེ་ཚོ་༾བྲིས། ཨ་ནི་་་ས་གནམ་གཉིས་པོ་འདི་བཟོས་ཚར་སོང་ན། ཨ་ནི་་་གཞི་ནས་ཨ་ནི་་་ཡང་། ཚོན་གོ་སྒྲིག་བྱས་བྱས་༿ནས་༾ཨ་ནི་་་གཞི་ནས། ཚོས་ཨོའོ་་་ག་རེ་ཟེར་དགོས་རེད། སྔོན་པོའི། སྔོ་ལྗང་གི་རིགས་དེ་གྱད་སྔན་ལ་༿སྔོན་ལ་༾གཏང་དགོས་རེད། ཨོའོ་་་ དམར་སེར་རིགས་དེ་གཞུག་གུ་༿རྗེས་ལ་༾འདའི་༿འདི་ལ་༾གཏང་གི་རེད། ཁོ་ཡཱ་གོ་རིམ་ཡོའོ་རེད༿ཡོད་རེད།༾ ཁོ་ཁོ་ར་ཡ་གོ་རིམ་ཡོའོ་རེད༿ཡོད་རེད།༾ བྱས་ཙང་ང་ཚོས་། ཨོའོ་་་ ཚོས་གཏང་དུས་ཡང་། གང་བྱུང་མ་བྱུང་ལམ་སང་གཏང་ཡས་དེ་འདྲས་ཡོའོ་༿ཡོད་༾མ་རེད། དཔེར་ན་ཐང་ག་འདི་ད་ལྟ་ཚོས་གཞན་དག་གཏང་མི་འདུག་གང་ལགས། སྔོན་པོ་དེ་གྱད་༿དེ་ཚོ་༾སྔན་༿སྔོན་༾ལ་གཏང་བཞག་འདུག་གང་ལགས།
- བརྟན་པ་རབ་བརྟནཨོང་་་ ད་གཞུག་གུ་༿རྗེས་༾འདའི་༿འདི་ལ་༾ལྗང་ཁུ་དེ་གྱད་༿དེ་ཚོ་༾གཏང་གི་རེད། དེ་འདྲས་ཟེ་བྱས་བྱས༿ནས།༾ གོ་རིམ་གཞིར་བཟུང་བྱས་བྱས་༿ནས་གཏང་དགོས་རེད། དཔེར་ན་ཚོན་གོ་སྒྲིག་དུས་དཔེར་ན་ཕ་གི ཕ་གི་ཚོན་གོ་སྒྲིག་གི་ཡོའོ་རེད༿ཡོད་རེད།༾ ད་ལྟ་ཐང་ག་ཕ་གི ཨོང་ལགས། ཨོང་་་ དེའི་རྒྱབ་ལའི་ཡོའོ་རེད་པཱ་ལགས། ཐང་ག། ཤེས་རབ་ནོར་བུས་བྲིས་པ་འདི་ག་པར་འདུག་གས། ཨོའོ་འདའི་༿འདིར་༾ཁྱེར་ཤོག་དང་། ཨ་ནི་་་འདའི་༿འདིར་༾གཟིགས་དང་། འདའི༿འདིར།༾ ཨོང་་་ ད་འདི་ས་གནམ་བཟོས་ཚར་པ་རེད་པཱ། ཨ་ནི་་་ཚོན་གོ་དེ་གྱད་༿དེ་ཚོ་༾བྲིས་དགོས་རེད་གཞི་ནས། སྔན་ལ་སྔོ་ལྗང་དེ་གྱད་༿དེ་ཚོ་༾གཏང་། དེ་ནས་ཨོའོ་་་ཚོན། ན་བཟའ་དམར་པོ་དང་ལི་ཁྲི་དེ་ཚོ་སྔན་༿སྔོན་༾ལ། གཞུག་གུ་༿རྗེས་༾དེ་ལ་གཏང་། འདི་བྱེད་དགོས་རེད། དེ་ནས་ཨ་ནི་་་ག་རེ་བྱེད་དགོས་རེད་ཟེར་ན། ཨ་ནི་་་བཅད་དེ་རྒྱག་དགོས་རེད། བཅད། བཅད་ཟེར་ན། སྒང་དེ་ལ་ཡོད་པའི་དེ་ལ་བཅད་ཟེར་གྱི་རེད།
- བརྟན་པ་རབ་བརྟནཨོང་་་ བཅད་ཟེར་ཉན་༿མཁན་༾འདི། འདི། རི་མོ་འདི་ལ་ཟེར་གྱི་ཡོའོ་རེད།༿ཡོད་རེད་༾འདའི་༿འདི་ལ་༾འདིའི་མིང་ལ་བཅད་ཟེར་གྱི་ཡོའོ་རེད་༿ཡོད་རེད་༾དེ། འདུག་ཟེ་རྒྱག་ཡས་དེ། ཨོའོ་་་དེ་ལ་བཅད་ཟེར་གྱི་ཡོའོ་རེད་༿ཡོད་རེད་༾ད། ད་འདི་བཅད་དེ་ང་ཚོ་བོད་ཀྱི་རི་མོ་ལ་བཅད་དེ་ལ་ཨོའོ་་་ རྣམ་གྲངས། ཁྱད་ཆོས་མི་འདྲ་བ་ཨོའོ་་་ རྣམ་གྲངས་མི་འདྲ་ག་ཚོད་ཡོའོ་རེད་༿ཡོད་རེད་༾ཟེར་ན། རྣམ་གྲངས་མི་འདྲ་བ་ལྔ་ཡོའོ་རེད་༿ཡོད་རེད་༾བཅད་རྒྱག་སྟངས་ལ། ཨོང་་་ དེ་ཡིན་ན་བཅད་རྒྱག་སྟངས་ལ་རྣམ་གྲངས་མི་འདྲ་བ་ལྔ་པོ་དེ་ག་རེ་ག་རེ་རེད། ཟེར་ན། འཇམ་བཅད་ཟེར་བྱས། རྩུབ་བཅད་བྱས། ལོ་མའི་བཅད་བྱས། ན་བཟའི་བཅད་བྱས། བུན་བཅད་དང་ལྔའོ་བྱས་པ་རེད་ད། ད་འོ་ན་འཇམ་བཅད་ཟེར་དུས་ག་རེ་ཟེར་གྱི་ཡོའོ་རད།༿ཡོད་རེད་༾ ཚོར་སྣང་འཇམ་པོ་ཡོང་བའི་བཅད་དེ་རེད་ད། ཚོར་སྣང་འཇམ་པོ་ཡོང་བ།
- བརྟན་པ་རབ་བརྟནལགས་འོང་། ཚོར་སྣང་འཇམ་པོ་ཡོང་བ་དཔེར་ན། ཤ་བཅད་འདའི་༿འདིར་༾ དེ་ཚོ་ཕ་པོ་༿ཕྲ་པོ་༾བྱས་ནས་རྒྱབ་འདུག་ག་ལགས། ཨོང་་་ ད་ལྟ་ད་དཔེར་ན། ངས་བཅད་རྣམ་གྲངས་མི་འདྲ་བ་ལྔའི་ནང་ནས་དཔེར་ན། ད་འདི་ན་བཟའི་བཅད་ཟེར་འདི་འོ་་་འདི་རེད། ན་བཟའི་བཅད་དེ་གང་འདྲས་ཟེར་དགོས་རེད་ཟེར་ན། ཕ་པོ་༿ཕྲ་པོ་༾ནས་སྦོམ་པོ་བྱས། ཡང་རིམ་ནས་ཕ་པོ་༿ཕྲ་པོ་༾བྱས། ཡང་འདི་ལྐོག་ས་དེ་ཚོ་ལ་ཕྲ་པོ་བྱས། དེ་ནས་འབུར་ས་དེ་ཚོ་ལ་སྦོམ་པོ་བྱས་ནས་ཨ་ནི་་་འདུག་ཟེ་ག་ལེར་ག་ལེར་འདུག་ཟེ་བཅད་མདའ་ཟེར་ཉན་༿མཁན་༾འདི་རྒྱག་དགོས་རེད་འདི།
- བརྟན་པ་རབ་བརྟནན་བཟའི་བཅད་འདི། ཁྱད་ཆོས་དེ་ལ། དཔེར་ན། འཇམ་བཅད་ཟེར་དུས་སྒང་ནས་ཤ་བཅད་དེ་རེད་ད་བཅད་དེ། ཕྲ་སྦོམ་དེ་གཅིག་འདྲ་བ་རྒྱག་དགོས་རེད་ཡང་། ཕྲ་ཙ་༿ཙམ་༾སྦོམ་ཙ་༿ཙམ་༾བརྒྱབ་ན་ཡོང་གི་མ་རེད་འདི། དཔེར་ན་འཇམ་བཅད་ཟེར་དུས་སྒང་ནས། ད་རྩུབ་བཅད་ཟེར་དུས་སྒང་ནས། འདི་བཅད་འདིའི་རིགས་འདི་རེད་ད། འདའི་༿འདིར་༾ བྲག་གི་བཅད་དེ། ཤིང་གི་རྐང་གི་བཅད་དེ། དེ་ཚོ་རྩུབ་བཅད། རྩུབ་བཅད་ཟེར་དགོས་ཡས་ཀྱི་རྒྱུ་མཚན་ག་རེ་རེད་ཟེར་ན། ཚོར་སྣང་དེ་རྩུབ་པོ་ཡོད་པ། དཔེར་ན། བྲག་དེ་ཚོ་རྡོ་རེད་པཱ་ལགས། ཁོའི་ཚོར་སྣང་དེ་རྩུབ་པོ་དགོས་ཀྱི་ཡོའོ་རེད༿ཡོད་རེད།༾ ཨ་ནི་་་ཁོ་གློ་བུར་ཕྲ་བ། གློ་བུར་སྦོམ་པ་བྱས་པ་རེད་ད་བཅད་དེ་རྒྱག་དུས་སྒང་ནས་ཐབས་ཤེས་དེ། ཁོ་ལམ་སང་ལམ་སང་འདའི་༿འདི་ལ་༾འདུག་ཟེ། ཁ་ཤས་སར་ལ་ལམ་སང་ལམ་སང་སྦོམ་པོ་འཐེན། ཁ་ཤས་སར་ལ་ཡང་ཕ་པོ་༿ཕྲ་པོ་༾དེ་འདྲས་འཐེན་བྱས། ཁོ་ཚོར་སྣང་དེ་འབར་རེ་འབུར་རེ་ཡོད་པ་དེ་འདྲས་ཀྱི་རྩུབ་པོ་དེ་འདྲས་ཀྱི་ཚོར་སྣང་།
- བརྟན་པ་རབ་བརྟནམི་ཚོས་དེ་ལ་རྩུབ་བཅད་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ ཨ་ནི་་་ད་ལོ་མའི་བཅད་ཟེར་ན། ད་འདི་ལོ་མ་འདའི་༿འདི་ལ་༾འདུག་ག ལགས། ད་འདི་ལོ་མ་འདིའི་བཅད་རྒྱག་སྟངས་འདི། ཨོའོ་་་ ལོ་མའི་ཨ་ནི་་་རྩ་རིས་དེ་ཚོ་ཕ་པོ་༿ཕྲ་པོ་༾ འདིའི་བཅད་དང་དེ་ཚོ། ཡང་ལྟོ་བ་འབུར་ས་དེ་ཚོ་ལ་སྦོམ་པོ། ཡང་དེའི་རྩེ་ལ་ཡང་ཕ་རུ་ཕ་རུ་༿ཕྲ་པོ་༾དེ་འདྲས་ཟེ་བྱས་བྱས་ཡང་། ལོ་མའི་བཅད་དེ་དེ་འདྲས་ཞིག་རྒྱག་གི་ཡོའོ་རེད༿ཡོད་རེད་༾ ཐབས་ཤེས། བྱས་ཙང་། ད་ལོ་མའི་བཅད་ཟེར་བྱས་བྱས་དེ་འདྲས་ཅིག་ཡོའོ་རེད་༿ཡོད་རེད་༾མི་འདྲ།
- བརྟན་པ་རབ་བརྟནད་ཡང་བུན་བཅད་ཟེར་བྱས་པ་རེད་པཱ་ད། བུན་བཅད་ཟེར་བཅད་ད་འདའི་༿འདི་ལ་༾ཟེར་གྱི་ཡོའོ་རེད་༿ཡོད་རེད་༾ ད་འདི། མདངས་ཀྱི་རྣམ་པ་ཡོད་པ་ཅིག སྤྲིན་པའི་མཐའ་ལ་ཡོད་པའི་འདི་བཅད་དེ་ལ་བུན་བཅད་ཟེར་བ་རེད་ད། བུན་བཅད། བུན་ཟེར་ན་ང་ཚོ་ན་བུན་ཟེར། བུན་དེ་རེད་ད། ད་མཁྱེན་སོང་ང་། ཨོང་་་ ཨོའོ་འོ་འདི། འོ་ད་འདི་ཨོའོ་་་བུན་བཅད་ཟེར་གྱི་ཡོའོ་རེད་༿ཡོད་རེད་༾དེ་ལ། བྱས་ཙང་བཅད་རིགས་མི་འདྲ་བ་སྣ་ཁ་ལྔ་་རྒྱག་རྒྱུ་ཡོའོ་རེད་༿ཡོད་རེད་༾པཱ། ཨོའོ་་་ད་དེ་གྱད་༿དེ་ཚོ་༾འདི་ཐང་ག་གཅིག་སྒང་ལ་མཐོང་རྒྱུ་ཡོའོ་རེད་༿ཡོད་རེད་༾ད་འདི། ཨོང་་་ ཨོའོ་་་དེ་འདྲས་རེད། ད་ག་ནང་བཞིན་གྱི་ཨ་ནི་་་ ཨོའོ་་་ དཔེར་ན་ཚོན་གཏང་། མདངས་དེ་ཚོ་རྒྱབ། ད་དེ་ཚོ་ལ་མེ་ཏོག་དེ་ཚོ་ལ་འགང་ག་༿ཚང་མ་༾ལོགས་དགོས་ལ་ཡང་མདངས་བརྒྱབ་པ་རེད་ཟེར་གྱི་རེད། དེ་ལ། དེ་ལ་མདངས་བརྒྱབ། འདི་ཐེངས་མ་མང་པོ་བརྩེགས་དགོས་རེད།
- བརྟན་པ་རབ་བརྟནདྲུག་བདུན་བརྒྱད་འདྲ་པོ་དེ་འདྲས་རྒྱག་གི་རེད་ད། ཨོང་་་ དེ་འདྲས་རེད་ད། ཨོང་་་ སྔ་མོ་ཡིན་ན་ཨོའོ་་་ད་ག་ཙ་༿ཙམ་༾རྒྱག་དགོས་རེད་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ ད་དའི། མདངས་འདི་གང་འདྲས་ཟེར་དགོས་རེད་ཟེར་ན། མེ་ལོང་ལ་ཧ་བརྒྱབ་པ་ནང་བཞིན་ཅིག་དགོས་རེད་བྱས་པ་རེད་ད། མེ་ལོང་ལ་ཧ་བརྒྱབ་བཞིན་འདུག་ཡེར་བསྡད་ཡོང་ང་ལགས། ཨོའོ་་་དེ་ནང་བཞིན་མ་གཏོགས། ཨ་ནི་་་མདངས་འདི་ཡག་པོ་མ་བྱུང་ན། མདངས་ཉེས་དེ་ནི་ངུས་པ་འདྲ། ངུས་པའི་ནང་ནས་འཛིང་པ་འདྲ་ཟེར། འཛིང་ནས་སྦར་མོ་བརྒྱབ་པ་འདྲ། བྱས་པ་འདྲ་རེད་ད་འདི།
- བརྟན་པ་རབ་བརྟནམདངས་འདི་ཡག་པོ་མ་བྱུང་ཡིན་ན། ཨ་ནི་་་མི་ངུས་བཞིན་དེ་ནས་མར་གཅིག་འདོན་མ་ཡོང་ངས་དེ་འདྲས་ཅིག ཁྲ་ཁྲ་པ་ཁྲ་འདྲ་གཅིག། ཨོང་་་ ཨ་ནི་་་ངུས་པའི་ནང་ནས་འཛིང་པ་འདྲ་ཟེར། ཨ་ནི་་་འཛིང་ནས་སྦར་ཤད་བརྒྱབ་པ་འདྲ། ཨ་ནི་་་རྒྱག་རེས་བརྒྱབ། སྦར་བཤད་བརྒྱབ། ཨ་་་རྦད་དེ། མདོག་ཉེས་པོ་ཞེ་པོ་གཅིག་ཡོའོ་རེད་༿ཡོད་རེད་༾པཱ། དེ་འདྲས་མ་ཡིན་པ། མདངས་འདི་ཡིན་གཅིག་མིན་གཅིག འོ་འདི་མེ་ལོང་ལ་ཧ་བརྒྱབ་པ་ནང་བཞིན་གཅིག་དགོས་རེད་བྱས་པ་རེད་ད། ད་འདི་མདངས་ཀྱི་རིག་པའི་གཞུང་ལུགས་ནང་ལའི་དེ་འདྲས་བཤད་ཡོའོ་རེད་༿ཡོད་རེད་༾ད།
- བརྟན་པ་རབ་བརྟནབྱས་ཙང་ང་ཚོས་མདངས་ཀྱི་རིག་པའི་གཞུང་ལུགས་འདི་ད་མདངས་ཁོ་རའི་སྒང་ལ་བསྐྱལ་དགོས་རེད་པ་ཁོ། དངོས་ཡོད་ལག་ལེན་སྒང་ལ་བསྐྱལ་དུས་སྒང་ལ་ཨོའོ་་་ད། རྒྱག་སྟངས་ཨོའོ་་་དེ་འདྲས་ཟེར་རེད། བྱས་ཙང་ངས་མདངས་ཀྱི་སྐོར་ལ་ཨོའོ་་་དེ་འདྲས་གཅིག་རེད། ད་དེ་བཞིན་དེ་ནས་གསེར་རིས་ཟེར་ཉན་༿མཁན་༾འདི་རྒྱག་དགོས་རེད་ད། གསེར་གྱི་རི་མོ། ཨོའོ་་་ད་གསེར་རིས་ཟེར་ཉན་༿མཁན་༾འདི། དེའི་གསེར་གྱི་རིས། དཔེར་ན་འོད་ཟེར་གྱི་རིས། ད་འདི་ད་ལྟ་གསེར་རིས་བརྒྱབ་ཚར་ཡོའོ་༿ཡོད་༾མ་རེད། ད་གསེར་རིས་བརྒྱབ་ཚར་པ་གཅིག་པར་སྟོན་ན། ཐང་ག་འདི་ཚར་ཡོའོ་རེད་༿ཡོད་རེད་༾ད། ཨོང་་་ ད་ན་བཟའི་སྒང་ལ་གསེར་གྱི་རི་མོ་རྒྱག་དགོས་རེད། ལགས་ཨོང་། དཔེར་ན། ཨོང་་་འདི་རྒྱབ་ལོགས་ལ་འོད་ཟེར་བརྒྱབ་པ་རེད་པཱ་ལགས། ན་བཟའ་དེ་ཚོའི་སྒང་ལ་གོས་ཆེན་གྱི་རི་མོ་རྒྱག་དགོས་རེད།
- བརྟན་པ་རབ་བརྟནད་དེ་ཚོ་འགང་གར་༿ཚང་མར་༾རྒྱག་དགོས་རེད། ད་ལྟ་རྒྱག་རྒྱུ་རེད། ཨོང་་་ དཔེར་ན་དེ་ཚོ་ལོ་མའི་རྩེ་དེ་ཚོ་ལ་གསེར་གྱི་ཁབ་བཅད་ཟེར་ཉན་༿མཁན་༾དེ་བརྒྱབ་ནས་རྩེ་ནས་སྲེབ་ཡོའོ་རེད་༿ཡོད་རེད་༾པཱ་ལགས། ཨོའོ་་་དེ་ཚོ་སེར་ཁབ་ཁོབ་ཆགས་འདུག་གང་ལགས། ཨོའོ་་་དེ་ཚོ་གསེར་རེད་ལགས། གསེར་གྱི་བསྲེས་ཡོའོ་རེད༿ཡོད་རེད།༾ ད་དེ་བཞིན་ཨོང་་་ ཨ་ནི་་་ཞིབ་ཚགས་ཟེར་ན། སྤྱན་བཟོ་ཡས་དང་། ཞལ་བཟོ་ཡས། ཨོའོ་་་དེ་ཚོར་ཡ་ཞིབ་ཚགས་ཟེར་གྱི་རེད། དེ་ལ་ཞིབ་ཚགས་ཟེར་བྱས་བྱས་༿ནས་༾ལས་ཀ། ད་གོ་རིམ་འདྲ་པོ་བྱས་ན་ཨོའོ་་་དེ་འདྲས་རེད། དེ་གྱད་༿དེ་ཚོ་༾འགང་ག་༿ཚང་མ་༾ཧྲིལ་ཚར་སོང་ན། ཨ་ནི་་་གཞི་ནས་གསེར་གྱི་འོད་འདོན་དགོས་རེད་ད། དེ་གཉིས་ད་ལྟ་སྤུ་གུ་དེ་གཉིས་ཀྱི་བྱེད་ཡས་འདི་རེད་། ལས་ཀ་ཧྲིལ་ཚར་སོང་ན། ཨ་ནི་་་གསེར་སྒང་འདའི་༿འདི་ལ་༾ཡ། འདི་འདི། ཕ་གི་ཕུར་དགོས་རེད། ལག་ཆ་ཕ་གི། ཕུར་ཕུར་བརྒྱབ་པ་དང་འོད་རྒྱག་གི་རེད་ལགས།
- བརྟན་པ་རབ་བརྟནལགས་འོང་། དཔེར་ན། བསོད་ནམས་དོན་གྲུབ་ཁྱེད་རས་༿ཁྱེད་རང་གིས་༾གཟི་གཟི་འདི་འདའི་༿འདིར་༾ཁྱེར་ཤོག་དང་། གཟི་པང་དང་གཟི་འད་ཨིའདའི་༿འདིར་༾ཁྱེར་ཤོག་དང་། ཨོང་་་ འདི་འདའི་༿འདིར་༾གཡར་དང་། དཔེར་ན། གཟི་བརྒྱབ་ཟེར་དུས་དེ་འདྲས་གཅིག་ལ་ཟེར་གྱི་ཡོའོ་རེད་༿ཡོད་རེད་༾ད། གཟིགས་ཨ་
- བརྟན་པ་རབ་བརྟནཨོང་་་ འདའི༿འདི་ལ་༾ དཔེར་འདྲ་གཅིག་ཆ་བཞག་ན། གཟི་བརྒྱབ་ཟེར་དུས། ད་འདུག་ཟེ། ད་ཡང་གསེར་ཡོད་ཚད་སྒང་ལ་གཟི་རྒྱག་དགོས་མ་རེད། ནམ་བཟའི་གསེར་རིས་གཅིག་ཡོའོ་རེད་༿ཡོད་རེད་༾པཱ་ལགས། ན་བཟའི་གསེར་རིས་འདིའི་སྒང་ལ་གཟི་རྒྱག་གི་མ་རེད་ཡང་། ལགས་འོང་། ལོ་མའི་དང་། ཁབ་བཅད་ཟེར་ཡས་དེ་ཚོ་འགང་གར་༿ཚང་མར་༾རྒྱག་དགོས་རེད། བྲག་ཁབ་བཅད་དྲབ་ཟེར་ཉན་༿མཁན་༾དེ་ཚོ། ལགས་རེད། འདུག་ཟེ་དབུར་རེད་པཱ་ལགས། འདའི༿འདི་ལ།༾ འོད་རྒྱག་གི་རེད་ད། མ་དབུར་འདའི་༿འདི་ལ་༾འོད་ཡོའོ་༿ཡོད་༾མ་རེད་ད་འདའི༿འདི་ལ།༾ ལགས་འོང་།
- བརྟན་པ་རབ་བརྟནཨོའོ་ད། གསེར་གྱི་འོད་རྒྱག་ཡས་དེ་འདྲས་གཅིག་རེད། འོ་ད་གཟི་ཟེར་ཡས་འདི་དེ་འདྲ་གཅིག་ལ་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ བྱས་ཙང་ཐང་ག་གཅིག་གོ་རིམ་གཅིག་ལ་ཨ་ནི། ལས་ཀ་འདི་མི་འདྲ་མང་པོ་ཞེ་པོ་གཅིག་བྱེད་རྒྱུ་ཡོའོ་རེད༿ཡོད་རེད།༾ ཨོའོ་་་ད་དེ་འདྲས་ཟེར་ཐང་གའིའདའི་༿འདི་ལ་༾མི་འདྲ། གོ་རིམ་ཨོའོ་་་དེ་འདྲས་ཟེ་རེད། ལགས་འོང་།