Skip to main content Skip to search
31 Jan 2012
45 min 16 sec
Video Overview
Creators: 
Unknown

Tséring Wangdü gives a lecture on Lesson 2 of the Manual of Standard Tibetan.

Transcript search
No results found for this search
0 of 0
  • ཚེ་རིང་དབང་འདུས་
    ལྟ་ང་སློབ་ཚན་གཉིས་པ་བཤད་ཀྱི་ཡིན་དཱ། རེད་པཱ།
  • ལྟ་དཔེར་ན་སློབ་ཚན་གཉིས་པའི་ནང་ལོགས་ནས་ང་རང་ཚོས་ཤེས་དགོས་ཡག་གཙོ་བོ་དེ་གང་རེད་ཟེར་ན།
  • དཔེར་ན། "ངས་"ཟེར་ཡག་དེ་འདྲས། གས། པས། ཚོ། སུ་འདི་གས་འདི་བེད་སྤྱོད་བྱེད་སྟངས་བཤད་ཀྱི་ཡོད། རེད་པ། འདི་གས་འདི་བེད་སྤྱོད་བྱེད་སྟངས་བཤད་ཀྱི་ཡོད་རེད།
  • བྱས་ཙང་ལྟ་དེའི་ནང་ལོགས་ནས་ཡིན་ན་དང་པོ། དཔེར་ན་དང་པོས་ "ངས་" ཟེར་ཡག་ཅིག་འདུག་ག
  • "ངས་" ཟེར་ཡག་དེར་དཔེར་ན་ཆ་བཞག་ན་འདི་ནང་ལོགས་པ་དང་པོ་དེ་འདི་རེད།
  • "ངས་"ཟེར་ཡག་དེ་རེད། རེད་པཱ།
  • ལྟ་འདི་"ངས་"ཟེར་ཡག་དེ་ལ་དཔེར་ན་ཆ་བཞག་ན། དཔེར་བཏང་ནས་བྱས་ན། འདའི་དོན་དག་བེད་སྤྱོད་བྱེད་ཡུལ་གཉིས་བཟོ་ལྟ་ཡོད་རེད།
  • རེད་པཱ། བེད་སྤྱོད་བྱེད་ཡག་གཉིས་ཡོད་རེད། འོ།
  • དཔེར་ན་འདིའི་ནང་ལོགས་ལ་ཡིན་ན། དང་པོ་སློབ་དེབ་ཁོ་རའི་རེ་བ་གཞི་བཞག་བྱས་པ་ཡིན་ན། དཔེར་ན་ངས་ཟེར་ཡག་དེ་ག་པར་འགྲོ་གི་ཡོད་རེད་ཟེར་ན། ཨཱ་ནི་འདྲི་ཚིག་ལ་འགྲོ་གི་ཡོད་རེད། རེད་པཱ། འདྲི་ཚིག་ལ།
  • སྤྱིར་བཏང་ནས་འདྲི་བའི་ཚིག་ལ་འགྲོ་གི་ཡོད་རེད། འདྲི་ཚིག
  • འདི་ཡིན་ན་འདྲི་ཚིག་ལ་འགྲོ་གི་ཡོད་རེད། འགྲོ་གི་ཡོད་རེད།
  • བྱས་ཙང་འདྲི་ཚིག་ལ་འགྲོ་གི་ཡོད་རེད། འདི་འདྲི་ཚིག་ལ་དཔེར་ན་གང་འདྲ་སེ་འདྲི་ཚིག་ལ་འགྲོ་གི་ཡོད་རེད་ཟེར་ན།
  • དཔེར་ན་ཆ་བཞག་ན་འདའི་འདི་འདྲས་ཡོད་རེད། དཔེར་ན། ཨཱ་ནི་དཔེར་ན། ཡི་གེ་འབྱོར་འབྱུང་ངས། རེད་པཱ། ཡི་གེ་འབྱོར་འབྱུང་ངས།
  • དཔེར་ན་ཆ་བཞག་སོང་ན་རེད་པཱ། ནང་ནས་རེད་པ། ནང་ནས་ཡི་གེ་འབྱོར་བྱུང་ངས། རེད་པཱ། ནང་ནས་ཁ་པར་འབྱོར་བྱུང་ངས། ཁ་པར་འབྱོར་བྱུང་ངས། འོ་དེ་འདྲའི་བཟོ་ལྟ་ཨེ་འདྲས།
  • དཔེར་ན་ཆ་བཞག་ན། ཤེས་སོང་ངས། རེད་པཱ། ཤེས་སོང་ངས། ཧ་གོ་སོང་ངས། རེད་པཱ།
  • ཤེས་སོང་ངས། རེད་པཱ།
  • འདི་ཤེས་པ་ཡིན་ན། དཔེར་ན། བོད་ལ་འགྲོ་མྱོང་ངས།
  • འོ་བོད་ལ་འགྲོ་མྱོང་ངས། རེད་པཱ།
  • བོད་ལ་འགྲོ་མྱོང་ངས།
  • འོ། དཔེར་ན་ཆ་བཞག་སོང་ན། ཡང་འདའི་ཡ་ཡིན་ན། འོ། རྩམ་པ་ཟ་མྱོང་ངས།
  • ལྟ་དེ་ཚོའི་འདྲས་ཡིན་ན་ངས། ངས། ངས། ཟེར་ཡག་དེ་ཡིན་ན། ག་པར། ག་གི་སྒང་ལ་འདྲི་བ། འདྲི་བ་གཏོང་ཡག་གི་ཚིག་ཆགས་འགྲོ་གི་ཡོད་རེད། རེད་པཱ།
  • ལྟ་དཔེར་ན། རྩམ་པ་ཟ་མྱོང་ངས། བོད་ལ་འགྲོ་མྱོང་ངས།
  • དེ་བཞིན་དུ། ཁ་པར་འབྱོར་བྱུང་ངས། ཡི་གེ་འབྱོར་བྱུང་ངས། རེད་པཱ། ཧ་གོ་བྱུང་ངས།
  • ལྟ་དེ་ཚོའི་འདྲས་ཡིན་ན་གཙོ་བོ་ཡིན་ན་ངས་ངས་ཟེར་ཡག་དེ་ཡིན་ན་ཨཱ་ནི་འདྲི་ཚིག་ལ་འགྲོ་གི་ཡོད་རེད་ཟེར། དྲི་བའི་ཚིག་ལ་འགྲོ་གི་ཡོད་རེད།
  • ལྟ་དེ་ནས་ཡིན་ནས་ཡང་འདའི་ཡ་དོན་དག་གཉིས་པ། རེད་པ།
  • གཉིས་པ་དེ་ང་རང་ཚོ་སློབ་དེབ་ནང་ལོགས་ལ་བཤད་ཡག་རེ་བ་དེ་མ་རེད།
  • སློབ་དེབ་ནང་ལོགས་ལ་ངས་ཟེར་ཡག་བེད་སྤྱོད་བྱེད་སྟངས་རེ་བ་དེ་ཡིན་ན་གཙོ་བོ་འོ་འདི་བཤད་ཀྱི་ཡོད་རེད། རེད་པཱ། ཨཱ་འདི་བཤད་ཀྱི་ཡོད་རེད།
  • རེད་འདའི་ཡིན་ནའི་ལྟ་ཁོ་ངས་འདི། ངས་འདི་འདྲི་ཚིག་གཅིག་པུ་ལ་འགྲོ་གི་ཡོད་རེད་ཟེར་ན། འགྲོ་གི་ཡོད་མ་རེད།
  • ཡང་འདི་ངས་འདི་དཔེར་ན་ཆ་བཞག་སོང་ན་འདི་འདྲས་ལ་འགྲོ་གི་ཡོད་རེད། རེད་པཱ།
  • དཔེར་ན་ཆ་བཞག་ན་འདའ་ཡ་ཡིན་ན། ང་ཡིས། ཟེར་ཡག་གི་བྱེད་སྒྲ། བྱེད་སྒྲ་དེ་ང་ཡིས་ཟེར་ཡག་དེ་ཚུར་བསྡུས་བྱས། ཚུར་བསྡུས་ཡོང་བྱས་སྟབས་བདེ་རུ་བཏང་བ་ཡིན་ན། ཨཱ་ནི་འོ་འདའི་ག་རེ་བྲིས་ཡོད་རེད་ཟེར་ན། ངས། ཟེར་ཡག་དེ་སླེབས་པ་རེད།
  • ངས་ཟེར་ཡག་དེ་སླེབས་ཡོང་གི་རེད།
  • དཔེར་ན་གང་འདྲ་སེ་ངས་སླེབས་པ་རེད་ཟེར་ན། ངས་སླེབས་ཡག་ཡིན་ན། དཔེར་ན་ཆ་བཞག་ན། འོ།
  • ཡི་གེ་འདི། རེད་པཱ། ཡི་གེ་འདི། ཡི་གེ་འདི་ངས་བྲིས་པ་ཡིན། རེད་པཱ། ཡི་གེ་འདི་ངས་བྲིས་པ་ཡིན། རེད་པཱ། ཡི་གེ་འདི་ངས་བྲིས་པ་ཡིན།
  • དཔེར་ན་ཆ་བཞག་ན། འོ་ལྟ་ཁོ་ལྟ་འདའི་ཡ་ངས་ཟེར་ཡག་འདའི། ངས་ང་ཡིས་ཟེར་ཡག་གི་འདའི་ས། ང་ལ་ཡ་ས་སྦྱར་པ་དེས། ང་ལ་ཡ་ས་སྦྱར་པ་དེས། རེད་པཱ། ག་རེ་སྟོན་གྱི་ཡོད་རེད་ཟེར་ན། ཨཱ་ནི་ལྟ་བ་སུས་བྱེད་མཁན་གྱི་བྱེད་པ་པོ་སྟོན་གྱི་ཡོད་རེད། རེད་པཱ། འོ་བྱ་བ་དེ་བྱེད་ཉན་[མཁན་]གྱི་བྱེད པ་པོ་སྟོན་གྱི་ཡོད་རེད།
  • དཔེར་ན་ཆ་བཞག་ན་འདའི་ཡ་ཡིན་ན་ཨཱ་ནི། ཨཱ་ནི་འོ་འདའི་ངས། ངས་བྲིས་དེ། འོ་བྲིས་ཏེ་གང་རེད་ཟེར་ན། བྱ་ཚིག་རེད་པ། བྲིས་དེ་བྱ་ཚིག་རེད། རེད་པཱ།
  • བྱས་ཙང་བྱ་བ་དེ་བྱེད་ཉན་(མཁན་)ཡི་གེ་བྲིས་ཙམ་པ་བྱ་བ་རེད་པ། བྲིས་པའི་བྱ་བ་དེ་བྱེད་མཁན་བྲིས་མཁན་དེ་སུ་རེད་ཟེར་ན། ང་ཡིན་ཟེར་ཡག་གི་བྱེད་པོ་དེ་སྟོན་གྱི་ཡོད་རེད། རེད་པཱ། འོ་བྱེད་པ་པོ་སྟོན་གྱི་ཡོད་རེད།
  • བྱས་ཙང་ངས་ལབ་པ་ཚང་མ་ལོགས་ཡིན་ན་ངས་སེ་བྲིས་ཚད་ལོགས། ཨཱ་ནི་འདའི་དང་པོ་ནང་བཞིན་བྱས་དྲི་བ་འགྲོ་གི་ཡོད་རེད་པས་ཟེར་ན། དྲི་བ་ལ་འགྲོ་གི་ཡོད་མ་རེད་པཱ།
  • འོ་ངས་བྲིས་པ་ཡིན། ངས་ཕྱིན་པ་ཡིན། རེད་པཱ། ངས་ཟས་པ་ཡིན། འོ། ངས་ཉོས་པ་ཡིན། ངས་བཤད་པ་ཡིན། རེད་པ། སྐད་ཆ་དེ་ངས་བཤད་པ་ཡིན། ཁ་ལག་འདི་ངས་བཟོས་པ་ཡིན། རེད་པ། ཁ་ལག་འདི་ངས་བཟོས་པ་ཡིན།
  • ཤེས་སོང་ངས། འོ་ལྟ་འདི་འདྲས་སྒང་ལ་ཨཱ་ནི་འོ་ལྟ་སླེབས་ཀྱི་ཡོད་རེད། འོ་ལྟ་དཔེར་ན་ཆ་བཞག་ན། འོ་ང་ཡིས། ང་ཡིས་བཟོས་པ་ཡིན། རེད་པ། ང་ཡིས་བཟོས་པ་ཡིན། རེད་པ། འོ་ལྟ་དེ་ཚོའི་གྲས་གང་ག་ལོགས་ག་རེད་ཟེར་ན། ཨཱ་ནི་ལྟ་ངས། ང་ཡིས་ཁོ་གཅིག་པ་རེད་པཱ། གཅིག་པ་རེད།
  • བྱས་ཙང་ཁོ་ཡིན་ན་ཨཱ་ནི་བྱེད་པ་པོ་ཨཱ་ནི་གཅིག་ཡིན་པ་བྱས་པའི་བྱ་བ་རེད་པ། བྱ་བ་འདི་ཨཱ་ནི་བྱེད་པོ་སུས་བྱས་པ་རེད། འོ་འདི་བྱེད་མཁན་གྱི་སྟོན་གྱི་ཡོད་རེད། བྱེད་སྒྲའི་ཕྲད་ཀྱིས། འོ་འདུག་སེ་རེད། རེད་པཱ།
  • ལྟ་འདི་ང་རང་ཚོ་ཡིན་ན་ཨཱ་ནི་ངས་ཟེར་ཡག་དེ་ཡིན་ན། ཨཱ་ནི་བཤད་ཀྱི་ཡོད་རེད། བེད་སྤྱོད་བྱེད་སྟངས། ངས་བསམས་པའི་དང་པོ་འདིའི་ཨཱ་ནི་འོ་ལྟ་མིང་ལ་ཡར་སྦྱར་ཡོང་དུ་ཙམ་པ་ཁོ་འདྲི་བའི་ཚིག་ལ་འགྲོ་གི་ཡོད་རེད། དྲི་ཚིག རེད་པཱ། སྐད་ཆ་དྲིས་ཡག་གི་དྲི་ཚིག་ལ་འགྲོ་གི་ཡོད་རེད། རེད་པཱ།
  • ང་ཚོ་ནམ་རྒྱུན་རྒྱ་ཡིག་དང་དབྱིན་ཇིའི་ཡི་གེ་ལ་དྲི་བ་དྲིས་རྟགས་འདི་བྲིས་ཀྱྱི་ཡོད་རེད་པཱ། རེད་འདའི་ང་ཚོ་བོད་ཡིག་ལ་འདི་བྲིས་པའི་ལུགས་སྲོལ་ཡོད་མ་རེད་པཱ།
  • འདི་བྲིས་པའི་ལུགས་སྲོལ་ཡོད་མ་རེད། ང་རང་ཚོ་ཁོ་ར་ཡི་གེ་རང་གི་ཐོག་ནས་ཡིན་ན་དྲི་བ་བཏོན་ཡོང་གི་ཡོད་རེད་མ་གཏོགས་དྲི་བ་རྟགས་འདི་ཨཱ་ནི་རྒྱག་པའི་ལུགས་སྲོལ་ཡོད་མ་རེད། ཤེས་སོང་ང་།
  • ཡིན་ནའི་དེང་སང་བོད་ཀྱི་ཁ་ཤས་ཀྱིས་ཡིན་ན་ཨཱ་ནི་འདིའི་རྐུབ་ལ་ཨེ་འདྲས་བརྒྱབ་མཁན་ཡོད་རེད། རེད་པ།
  • ཨཱ་ནི་འདི་ཡིན་ན་ལས་ཀ་ཐོལ་པ་ཞིག་བཟོས་པ་རེད། སོ་སོས་སོ་སོར། ལས་ཀ་ཐོལ་པ་བཟོས་པ་རེད། རེད་པཱ།
  • དཔེར་ན་འདའི་ཡ་སྐད་ཆ་དྲིས་ཡོད་རེད། རེད་པཱ། ཨཱ་ནི་ནང་ནས་ཡི་གེ་འབྱོར་བྱུང་ངས། ཟེར་བྱས་ཁོ་ལ་སྐད་ཆ་ད་ག་ཁོ་ར་དྲི་བ་ཆགས་པ་རེད། རེད་པཱ།
  • ཡང་འདའི་ཡི་གེ་ཡིན་གཅིག་མིན་གཅིག་རྟགས་ཐོལ་པ་དེ་རྒྱག་གི་བསྡད་དགོས་ཡག་ཡོད་མ་རེད། རེད་པཱ།
  • འོ། དེ་རྒྱག་དགོས་ཡག་ཡོད་མ་རེད། དེ་ལས་ཀ་ཐོལ་པ་ཆགས་པ་རེད། འོ། བྱས་ཙང་ཁོ་ར་སྐད་ཆའི་ནང་ལོགས་ལ་དྲིས་ཚིག་འདི་འདྲས་ཡོང་གི་ཡོད་རེད་ཟེར།
  • འོ་འདི་ནས་ཡིན་ན་ངས་གཉིས་པ་དེ་འོ་ལྟ་གང་ལྟར་དེ་འདྲས་ཡིན་ན་ཨཱ་ནི་བྱ་བ་ཞིག་གིས་བྱ་བ་གང་ཞིག རེད་པཱ། འདི་བྱེད་ཉན་(མཁན་)གྱི་བྱེད་པ་པོ་ཨཱ་ནི་སྟོན་གྱི་ཡོད་རེད། རེད་པཱ།
  • ཨཱ་ནི་ཡི་གེ་དེ་སུས་དྲིས་པ་རེད། ངས་བྲིས་པ་ཡིན། རེད་པཱ།
  • འོ་ཁ་ལས་སུས་བཟོས་པ་རེད། ངས་བཟོས་པ་ཡིན། རེད་པཱ།
  • བྱས་ཙང་དེ་ཚོ་གང་ག་ལོགས་ཨཱ་ནི་ལྟ་བྱ་བ་དེ་བྱེད་མཁན་གྱི་བྱེད་པོ་གཙོ་བོ་སྟོན་གྱི་ཡོད་རེད་ཟེར། འདི་ཡིན་ན་ཨཱ་མི་ངས་ཟེར་ཡག་གི་ས་སྦྱར་ཡོད་ཙམ་ལ་ང་ལ་ས་སྦྱར་དུས་ཙམ་ལ་འོ་འདི་སྟོན་གྱི་ཡོད་རེད། རེད་པཱ།
  • ལྟ་དེ་ནས་ཡིན་ན་དཔེར་ན་ཆ་བཞག་ན་འདིའི་གཤམ་ལ་ཡིན་ན་ཨཱ་ནི་དཔེར་ན་ཆ་བཞག་ན་འདི་འདྲས་རེད། རེད་པཱ།
  • ངས་བྱས། ལྟ་དེ་ནས་ཡིན་ན། གས། འདིའི་ནང་སློབ་དེབ་ནང་གས་ཡོད་རེད། གས། འོ།
  • འོ་འདི་ནས་མར་ཡིན་ན། གས་ཡོད་རེད། གས། ལྟ་འདའི་ཡ་ཡིན་ན་གས།
  • འོ་ལྟ་འདི་གས་རེད་པ། འ་གས། ལྟ་འདི་གས། གས་ཟེར་ཡག་དེ་ཡང་གང་རེད་ཟེར་ན། ཡང་འདྲི་བ་ལ་འགྲོ་གི་ཡོད་རེད། རེད་པཱ།
  • སྐད་ཆ་དྲིས་པ། སྐད་ཆ་དྲིས་པ་ལ་འགྲོ་གི་ཡོད་རེད། སྐད་ཆ་དྲིས་པ་རེད་པ། སྐད་ཆ་དྲིས་པ་ལ་གང་འདྲ་འགྲོ་གི་ཡོད་རེད་ཟེར་ན། དཔེར་ན་ཆ་བཞག་པ་ཡིན་ན། རེད་པཱ།
  • དཔེར་ན་ཆ་བཞག་ན། འདིའི་ཡ་ཡིན་ན་འོ།
  • འོ། འདུག་གས། རེད་པ། འདུག་གས།
  • འོ་འདུག་གས། འདུག་གས། དཔེར་ན་ག་རེ་འདུག་གས། རེད་པཱ།
  • འོ་ཁོང་བཞུགས་འདུག་གས། ཁོང་བཞུགས་འདུག་གས། རེད་པཱ།
  • དཔེར་ན་ཆ་བཞག་ན། ཁོང་བཞུགས་འདུག་གས།
  • འོ། ཞལ་ལག་ཞིམ་པོ་འདུག་གས། འོ་ཞལ་ལག་ཞིམ་པོ་འདུག་གས།
  • འོ་ཁོང་བཞུགས་འདུག་གས། འོ་ལྟ་འདི་ཚོའི་གྲས། འདུག་གས། འདུག་གས། རེད་པཱ།
  • འོ་ཞིམ་པོ་འདུག་གས། ལྟ་འདིའི་གྲས་གང་ག་གས་གས་གས་བརྒྱབ་པ་དེ་ཚོ་གང་ག་ལོགས་ཡིན་ན་ག་པར་འགྲོ་གི་ཡོད་རེད་ཟེར་ན། ཨཱ་ནི་ཁོ་ཡིན་ན་དྲི་བ་འགྲོ་གི་ཡོད་རེད། རེད་པཱ། དྲི་བ་ནང་འགྲོ་གི་ཡོད་རེད།
  • དཔེར་ན་ཆ་བཞག་ན། ཨཱ་ནི་འཛིན་གྲྭའི་ནང་ལ་མི་འདུག་གས། ཨཱ། མི་འདུག་གས། འཛིན་གྲྭའི་ནང་ལ་མི་འདུག་གས། མི་འདུག་གས།
  • འོ་ལྟ་འདི་འདི་དེ་ཚོ་གང་ག་ལོགས་ཨཱ་ནི་ང་རང་ཚོ་ཡིན་ན་ད་ལྟ་དྲི་བ་ཚབ་བྱེད་ཀྱི་ཡོད་རེད་ཟེར། རེད་པཱ།
  • འདི་གས་གས་གས་ཟེར་ཡག་དེ་ཡིན་ན་འོ་འདའི་སླེབས་བསྡད་ཡོད་རེད་ཟེར། རེད་པཱ།
  • འོ་ལྟ་དེ་ནས་ཡིན་ན་གས་བྱས། རེད་པཱ། ལྟ་དེ་ནས་ཡིན་ན་པས། རེད་པཱ། པས། ལྟ་ཡང་པས་སླེབས་བསྡད་ཡོད་རེད། འདའི་ཡ་པས་རེད་པཱ།
  • ལྟ་པས་དེ་ཡང་དྲི་བ་ལ་འགྲོ་གི་ཡོད་རེད། རེད་པཱ། དཔེར་ན་ཆ་བཞག་ན། རེད་པ། ཨཱ་ནི་པས། པས། པས། རེད་པཱ།
  • ལྟ་གང་འདྲ་སེ་སླེབས་པ་རེད་ཟེར་ན། དཔེར་ན་ཆ་བཞག་ན། འདའི་ཡ་འོ།
  • འོ་ཡག སློབ་གྲྭ་ལ་ཕྱིན་པས། འང་སློབ་གྲྭ་ལ་ཕྱིན་པས། རེད་པཱ། སློབ་གྲྭར་ཕྱིན་པས། འོ།
  • ལས་ཀ་བྱས་པས། རེད་པཱ། འོ་ལས་ཀ་བྱས་པས། ལས་ཀ་བྱས་པས། འོ།
  • ཁ་ལག་བཟས་པས། རེད་པཱ། འོ་ཁ་ལག་བཟས་པས། ཁྲོམ་ལ་ཕྱིན་པས། ལས་ཀ་བྱས་པས། ཁ་ལག་བཟས་པས། འོ་དེབ་ཀློག་པས། ཡི་གེ་བྲིས་པས། རེད་པཱ། ལྟ་པས། པས། པས། རེད་པཱ།
  • ལྟ་དེ་ད་ལྟའི་སྐབས་འདིའི་ནང་ལོགས་ལ་ཡིན་ན་ཨཱ་ནི་པས་དེ་ཨཱ་ནི་འོ་ལྟ་ང་རང་ཚོ་འདི་རེད་ཟེར། རེད་པཱ། ལྟ་ཨཱ་ནི་ཕ་གིར་དྲི་ཚིག་རེད་པ་ལྟ་དྲི་བ་འདྲ་པོ་ལ་འགྲོ་གི་ཡོད་རེད་ཟེར། རེད་པཱ། སྐད་ཆ་དྲིས་པ་ལ་འགྲོ་གི་ཡོད་རེད། པས་དེ།
  • འོ་ལྟ་འདི་ནས་ཡིན་ན་གཤམ་ལ་ཡ་ག་རེ་ཡོད་ཟེར་ན། ཡང་ང་རང་ཚོའི་ཨཱ་ནི་འདི་ཡོད་རེད། དཔེར་ན། ཚོ། བཞི་པ་དེ་ཚོ་རེད། རེད་པཱ།
  • ལྟ་ཚོ་ཟེར་ཡག་དེ་དཔེར་ན་ཆ་བཞག་ན་འདའི་ཡ་དྲི་ཚིག་དང་འདི་ཡོད་མ་རེད། རེད་པ།
  • ཚོ་ཟེར་ཡག་ག་པར་ཟེར་གྱི་ཡོད་རེད་ཟེར་ན། ཚོ་ཟེར་ཡག་དེ་ང་རང་ཚོ་ཡིན་ན་དཔེར་ན་ཨཱ་ནི་མི་ཡིནའང་འདྲ། ཡང་དེ་བཞིན་གྱི་ཡིན་ན་དུད་འགྲོ་ཡིན་ནའང་འདྲ། རེད་པཱ།
  • ཡང་དེ་བཞིན་གྱིས་ཅ་ལག་ཡིན་ནའང་འདྲ་རེད་པཱ། འདི་འདྲས་ཡིན་ན་མང་པོ་མང་པོ་ཚུར་ཚོགས་བསྡད་པ། རུབ་རུབ་ཆགས་བསྡད་པ་དེ་འདྲ་ཡི་དོན་སྟོན་པ་ལ་ཨཱ་ནི་ཁོ་ཚོ། ཚོ། ཚོ་ཟེར་བ་དེ་སྦྱར་དགོས་ཀྱི་ཡོད་རེད།
  • དཔེར་ན་ཆ་བཞག་པ་ཡིན་ན། ཨཱ་ནི་མི། མི་མང་པོ་ཡོད་ན། ཕར་ཙམ་ལ་མི་མང་པོ་ཡོད་ན། ཕར་ཙམ་ལ་མི་མང་པོ་ཞིག་འགྲོ་གི་འདུག་ན། ཕ་གིར་ཡིན་ན་མི་ཕ་ཚོ། འོ་མོ་ཕ་ཚོ།
  • ཨཱ་དེ་ནས་ཡིན་ན་ང་ཚོ། རེད་པཱ། དེ་བཞིན་དུ་སྒྲོག་ཙེ་དེ་ཚོ། རེད་པཱ། རྐྱབ་ཀྱག་དེ་ཚོ། རེད་པཱ། ཁྱེད་རང་ཚོ། རེད་པཱ། ཁོང་ཚོ། རེད་པཱ། ང་ཚོ། ཚོ། ཚོ། ཚོ། ཨཱ་ནི་སྤྱིར་བཏང་ནས་ང་རང་ཚོ་ཡིན་ན་མི་གཉིས་གསུམ། བཞི། ལྔ། དྲུག བདུན། བརྒྱད། དགུ། བཅུ། ཨཱ་ནི་འདི་འདྲས་ཡིན་ན་མང་པོ་ཚོགས་བསྡད་པ་ལ་ཨཱ་ནི་ཚོ་ཚོ་ཡི་མིང་དེ་སྦྱར་དགོས་ཀྱི་རེད་ཟེར།
  • ཤེས་སོང་ང་། བྱས་ཙང་དཔེར་ན་ཆ་བཞག་ན་འདི་འདྲས་རེད། རེད་པཱ། འདིའི་ནང་ལ།
  • འོ་དཔེར་ན་འདའི་ཡ་ཡིན་ན་འདི་འདྲས་སླེབས་ཀྱི་ཡོད་རེད་ཟེར་རེད་པ། ཨཱ་ནི།
  • འོ་མི་འདི་ཚོ་ག་ནས་རེད། རེད་པཱ། མི་འདི་ཚོ་ག་ནས་རེད། རེད་པཱ། མི་འདི་ཚོ་ མི་འདི་ཚོ་ག་ནས་རེད།
  • ལྟ་དཔེར་ན་ཆ་བཞག་ན།
  • ལྟ་དཔེར་ན་ཆ་བཞག་ན། འདུག་སེ་རེད་པཱ། འོ་ཚོ་གསུམ་སླེབས་པ་རེད། ཚོ་གསུམ། འདི་ཡིན་ན། ཚོ་འདི་མི་ལ་སླེབས་པ་རེད་ཟེར་གྱི་ཡོག་རེད་པཱ།
  • འོ་ཚོ་འདི་ཡིན་ན་ང་ཚོ་ཡིན་ན་དུད་འགྲོ་ལ་སླེབས་པ་རེད། རེད་པཱ། འོ་དུད་འགྲོ་ལ་འཇུག་གི་ཡོག་རེད།
  • འོ་ཚོ་འདི་ཡིན་ན་ག་པར་འཇུག་གི་རེད་ཟེར་ན། ང་ཚོ་ཡིན་ན་བེམ་པོ། དངོས་པོ་སེམས་མེད་བེམ་པོ་ལ་འཇུག་གི་རེད། རེད་པཱ།
  • འ་མི་དེ་ཚོ་ག་ནས་རེད། བ་ཕྱུག་དེ་ཚོ་སུའི་རེད། སྒྲོག་རྩེ་དེ་ཚོ་ཡག་པོ་འདུག རེད་པཱ།
  • འ་ལྟ་དེ་བཞིན་དུ་ཡིན་ན་ཨཱ་ནི། ང་ཚོ། ཁྱེད་ཚོ། ཁོང་ཚོ། རེད་པཱ། འོ་ལྟ་འདི་འདྲས་སླེབས་ཀྱི་ཡོག་རེད། རེད་པཱ།
  • འ་ང་ཚོ། ང་རང་ཚོ། ཁྱེད་ཚོ། ཁྱེད་རང་ཚོ། ཁོང་ཚོ། ཁོ་རང་ཚོ། རེད་པཱ།
  • དེ་ཚོ་གང་ལ་མི་གཉིས་ཡན། མི་གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དེ་འདྲས་ཚོགས་པ་རེད་པཱ། དེ་ཚོ་ལ་ཚོ་ཚོ་ཚོ་སླེབས་ཀྱི་ཡོག་རེད། དེ་ནས་ཡར་ཚོ་ཚོ་ཚོ་སེ་སླེབས་ཀྱི་ཡོག་རེད།
  • འོ་ལྟ་འདི་ཡིན་ན་ཨཱ་ནི་ང་ཚོ་ཡིན་ན་ཚོ་ཟེར་ཡག་དེ་རེད། རེད་པཱ། འ་ཚོ་ཟེར་ཡག་དེ་རེད་པཱ། ལྟ་དེ་བཞིན་དུ་ཡིན་ཚོ་ཟེར་ཡག་དེ་སླེབས་ཀྱི་ཡོག་རེད། རེད་པཱ།
  • ལྟ་དེ་ནས་ཡིན་ན་ཡང་དེའི་ནང་ལ་ང་ཚོ་དེ་རིང་འདའི་འདི་འདུག་རེད་པཱ། ཚོ་བྱས། ཚོའི་རྗེས་ལ་ག་རེ་ཡོག་རེད་ཟེར་ན། ང་རང་ཚོ་སུ་ཡོག་རེད། རེད་པཱ།
  • ལྟ་དེ་ནས་ཡིན་ན་སུ། ལྟ་སུ་དེ་ང་རང་ཚོ་བཤད་ཡག་ཏིག་ཙམ་མང་བ་ཡོག་རེད། རེད་པཱ། བཤད་རྒྱུན་ཏིག་ཙམ་མང་བ་ཡོག་རེད།
  • ལྟ་སུ་ཟེར་ཡག་དེ་གང་འདྲ་ཞིག་རེད་ཟེར་ན། ལྟ་སུ་ཟེར་ཡག་དེ་ང་རང་ཚོ་ཡིན་ན་ཡང་སྤྱིར་བཏང་ནས་བྱས་པ་ཡིན་ན། རེད་པཱ། སྤྱིར་བཏང་ནས་བྱས་པ་ཡིན་ན་ང་རང་ཚོ་ཡིན་ན་ཨཱ་ནི་འདི་འདྲས་རེད། རེད་པཱ།
  • དཔེར་ན་ཆ་བཞག་པ་ཡིན་ན། ཡང་སྐད་ཆ་དྲིས་ཡག་གཅིག་ཡོག་རེད། རེད་པཱ། སྐད་ཆ་དྲིས་ཡག ཡང་ང་རང་ཚོས། སུ་རེད་བསམ་པར་ང་རང་ཚོས་ཡིན་ན་མིང་གི་རྐུབ་ལ་སུ་ཞིག་སྦྱར་ཡོང་བ་ཡིན་ན། མིང་གི་རྐུབ་ལ་སུ་ཞིག་སྦྱར་ཡོང་བ་ཡིན་ན། ང་རང་ཚོས་ཨཱ་ནི་རྩད་བཅད་ཡག་དང་།
  • དྲི་བ་སྐད་ཆ་དྲིས་ཡག་དང་། རེད་པཱ། དེ་འདྲས་གང་ལ་ཡཱ་ཨཱ་ནི་དོན་དུ་གོ་ཡོང་གི་ཡོག་རེད། དོན་དུ་གོ་ཡོང་གི་ཡོག་རེད།
  • ལྟ་དཔེར་ན་ཆ་བཞག་ན། དེ་འདྲས་རེད། འདའི་ཡཱ་འམ།
  • དཔེར་ན་འདའི་འདུག་སེ་སླེབས་སོང་ན་ང་། ལྟ་ད་ལྟ་འདའི་ཡཱ་སུ་དེ་རེད་པཱ། ལྟ་སུ། ལྟ་དཔེར་ན་ཆ་བཞག་ན། དཔེར་ན་ཆ་བཞག་ན།
  • ཁོང་སུ་རེད། རེད་པཱ། འོ། ཁོང་སུ་རེད། རེད་པཱ། ཁོང་སུ་རེད། རེད་པཱ། འོ། དཔེར་ན། ཁོང་གི་མིང་ལ་ག་རེ་ཟེར་གྱི་ཡོག་རེད། རེད་པཱ། ལྟ་དེ་དུས་ང་ཚོ་ཡིན་ན་ཨཱ་ནི་མི་མང་པོ་ཞིག་སླེབས་བསྡད་ཡོད་ན།
  • ཨཱ་ནི་ངས་ཕ་གི་ངོ་ཤེས་ཀྱི་མེད་ན། འོ་ཁོང་སུ་རེད། རེད་པཱ། ཁོང་གི་མིང་ལ་ག་རེ་ཟེར་གྱི་ཡོད་རེད། རེད་པཱ། ལས་ཀ་བྱེད་མཁན་ལས་ཁུངས་གང་ནས་རེད།
  • དོན་དག་ག་རེ་རེད། རེད་པཱ། དེ་འདྲས་སྐད་ཆ་དྲིས་ཡག་ཡོག་རེད་པཱ། བྱས་ཙང་ཁོ་ཡིན་ན་མི་ལ་ཡཱ་སྐད་ཆ་དྲིས་ཡག་ཡོག་རེད། རེད་པཱ།
  • ཁོང་སུ་རེད། རེད་པཱ། ཁོང་གི་མིང་ལ་ག་རེ་ཟེར་གྱི་ཡོད་རེད། རེད་པཱ། སུ་དེ་སྐད་ཆ་དྲིས་ཀྱི་ཡོག་རེད། རེད་པཱ། སུ་དེ་སྐད་ཆ་དྲིས་ཀྱི་ཡོག་རེད། རེད་པཱ།
  • བྱས་ཙང་ལྟ་དཔེར་ན་ཆ་བཞག་ན། དེ་བཞིན་དུ་ལྟ་འདའི་དེ་འདྲས་ཡོག་རེད། རེད་པཱ། དཔེར་ན་ཆ་བཞག་ན། འོ་ཡང་འདའི་ཡ་འདི་འདྲས་བཟོ་ལྟ་སླེབས་ཡོང་གི་ཡོག་རེད། དཔེར་ན་ཆ་བཞག་པ་ཡིན་ན། འདི་ནང་ལ། དཔེར་ན།
  • འདི་ཡིན་ན་མི་ལ་ཇུག་དགོས་ཀྱི་རེད་པ། འདའི་ཡཱ། ཁོང་སུ་རེད། ཁོང་གི་མིང་ལ་ག་རེ་ཟེར་གྱི་ཡོད་རེད། བྱས་སླེབས་པ་རེད་པཱ། དཔེར་ན་ཆ་བཞག་ན། ཨཱ་ནི།
  • ལྟ་འདའི་དཔེར་ན་ཚིག་འདི་འདྲས་བཟོ་ལྟ་སླེབས་ཡོང་གི་རེད་རེད་པཱ། བ་ཕྱུགས་དེ་ཚོ་སུའི་རེད། རེད་པཱ། བ་ཕྱུགས་དེ་ཚོ་སུའི་རེད། རེད་པཱ། སུའི་རེད། དཔེར་ན་ཆ་བཞག་ན། སུའི་ཟེར་ཡག་དེ་ང་ཚོ་འདི་འདྲས་སེ་བྲིས་འང་འགྲིག་པ་རེད། རེད་པཱ།
  • འདུག་སེ་བྲིས་ནའང་འགྲིག་པ་རེད། བ་ཕྱུགས་དེ་ཚོ་སུ་ཡི་རེད། རེད་པཱ། སུ་ཡི་རེད་ཟེར་ཡག་འདའི་སུ་ཞིག་སླེབས་པ་རེད་པཱ། སུ་ཞིག་སླེབས་པ་རེད།
  • དེ་ཡིན་དུས་ཙམ་པ་འདིའི་སུ་དེ་དང་ད་ལྟའི་འདིའི་སུ་འདི་གཉིས་གཉིས་ཡི་གེ་གཅིག་པ་རེད། རེད་པཱ། ཡི་གེ་གཅིག་པ་རེད། སུ་དེ་ཡི་གེ་གཅིག་རེད།
  • ཡིན་ནའང་ཁོའི་དོན་དག་ཆ་ཚང་ལོགས་ཀར་ཕྱིན་པ་རེད། རེད་པཱ། དོན་དག་དེ་ཆ་ཚང་ལོགས་པར་ཕྱིན་པ་རེད། ད་གིན་སྔོན་གྱི་འདའི་ཁོང་སུ་རེད། བསམ་པར་ཁ་ཐུག་ཁོ་ར་མུ་ལ་འཇུག་པ་རེད། རེད་པཱ། ཁ་ཐུག་ཁོ་ར་མུ་ལ་འཇུག་པ་རེད།
  • ཁོང་གི ཁོང་སུ་རེད་ཟེར་དུས་ཙམ་ལ་ཡིན་གཅིག་མིན་གཅིག་ལས་ཁུངས་དང་། ཁོང་གི་མིང་དང་། རེད་པཱ། ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད། འདི་ངོ་སྤྲོད་བྱེད་དགོས་ཀྱི་ཡོག་རེད། རེད་པཱ། བཤད་དགོས་ཀྱི་ཡོག་རེད།
  • ལྟ་བ་ཕྱུགས་དེ་ཚོ་སུའི་རེད་ཟེར་དུས་ཙམ་ལ་འདིའི་སུ་དེ་བ་ཕྱུགས་ལ་བཤད་ཀྱི་ཡོད་མ་རེད། རེད་པཱ། ཕྱུགས་ལ་བཤད་ཀྱི་ཡོད་མ་རེད། དེ་བ་ཕྱུགས་ལ་བཤད་ཀྱི་ཡོག་མེད་དུས་ཙམ་པ་ལྟ་འོ་ན། བ་ཕྱུགས་དེ་ཚོ་སུ་ཡི་རེད། སུ་ཡིས་རེད་ཟེར་དུས་ཙམ་པ།
  • བ་ཕྱུགས་དེ་ཚོའི་བདག་པོ་སུ་རེད། ཞེས་སྐད་ཆ་དྲིས་ཀྱི་ཡོག་རེད། རེད་པཱ། བྱས་ཙང་འདིའི་སུ་དེ་སུའི་བྱུང་གི་རེད་ཟེར་ན་བདག་པོ་མི་འདི་ལ་ཡཱ་ཟེར་གྱི་ཡོག་རེད། རེད་པཱ།
  • བདག་པོ་ཧ་གོ་གི་ཡོག་མ་རེད། བདག་པོ་ཧ་མ་གོ་ཙང་ཨཱ་ཁོས་བ་ཕྱུགས་དེ་ཚོ་སུའི་རེད་བྱས། རེད་པཱ།
  • སུའི་རེད། ལྟ་གསལ་པོ་ཞིག་སྐད་ཆ་དྲིས་པ་ཡིན་ན། འདའི་ཡཱ་ཡིན་ན་འོ། དཔེར་ན་མི་སུའི་རེད། བྱས་རེད་པཱ། ཨཱ་ནི། བཀྲ་ཤིས་ལགས་ཀྱི་བ་ཕྱུགས་རེད། རེད་པཱ། བསླབ་གྲྭའི་བ་ཕྱུགས་རེད། རེད་པཱ།
  • བསླབ་གྲྭའི་བ་གསོ་རྭ་བའི་བ་ཕྱུགས་རེད། རེད་པཱ། ལྟ་བསླབ་གྲྭའི་བ་གསོ་རྭ་བའི་བ་ཕྱུགས་རེད། ཟེར་དུས་ཙམ་པ་ཡང་ཨཱ་ནི་བསླབ་གྲྭའི་བ་གསོ་རྭ་བའི། ཨཱ་ནི། བ་ཕྱུགས་རེད། ཟེར་དུས་ཙམ་པ་ཡང་སུ་སྒྲ་དེ་ཨཱ་ནི་བ་གསོ་རྭ་བ་འཇུག་མཁན་བཟོ་ལྟ།
  • བ་གསོ་རྭ་བ་དེ་ཁོ་ཡིན་ན་མི་དང་འདྲེས་བསྡད་ཡོག་རེད། རེད་པཱ། བྱས་ཙང་འདའི་ཡཱ་ཡིན་ན། བ་ཕྱུགས་དེ་ཚོ་སུའི་རེད། བ་ཕྱུགས་དེ་ཚོ་མི་སུའི་རེད། རེད་པཱ།
  • འདུག་གས་བྱས་ང་ཚོ་ཡིན་ན་སླེབས་ཡོང་གི་ཡོག་རེད། བྱས་ཙང་ང་ཚོ་བོད་ཀྱི་སུམ་རྟགས་ནང་ལོགས་ལ་ག་རེ་ཡོག་རེད་ཟེར་ན། དཔེར་ན་སུ། སུ་ཟེར་ཡག་དེ་ཡིན་ན་གང་རེད་ཟེར་ན། སུ་ནི་གང་ཟག་གང་ཀུན་ལའོ། བྱས་ཡོད་རེད། རེད་པཱ།
  • སུ་ནི་གང་ཟག་གང་ཀུན་ལའོ། བྱས་ཡོག་རེད། སུ་ནི་གང་ཟག་གང་ཀུན་ལའོ། སུ་དེ་གང་ཟག་གཅིག་པུ་ལ་མ་གཏོགས་གཅིག་གི གང་ཟག་གཅིག་པུ་ལ་མ་གཏོགས་གཅིག་གི་གཞན་དག་ལ་ཡིན་ན་ཨཱ་ནི་འགྲོ་གི་མེད་ཟེར་གྱི་ཡོག་རེད། རེད་པཱ།
  • ལྟ་གང་དེ་གང་འདྲ་དེ་རེད་པཱ། སུ་དང་གང་བྱས་གཉིས་ཡོག་རེད། རེད་པཱ། ཁོ་གཉིས་གཉིས་འགྲོ་སྟངས་གཅིག་པ་རེད། རེད་པཱ། འགྲོ་སྟངས་གཅིག་པ་རེད། རེད་འདའི་ཡིན་ནའི་སུ་དེ་ཡིན་ན་མི་ལ་མ་གཏོགས་འགྲོ་གི་ཡོག་མ་རེད་སྦྱར་ས་དེ། རེད་པཱ།
  • འོ་གང་དེ་གང་དེ་མི་དང་ཅ་ལག་དང་བེམ་པོ་དང་། ལྟ་གང་ལྟར་བ་ཕྱུགས་དུད་འགྲོ་དང་གང་ག་ལོགས་ལ་སྦྱར་ཆོག་གི་རེད། སུ་དེ་གང་ག་ལོགས་ལ་སྦྱར་ཆོག་གི་ཡོག་མ་རེད། རེད་པཱ།
  • གང་ཟག་ལ་མ་གཏོགས་སྦྱར་ཆོག་གི་ཡོག་མ་རེད། ཤེས་སོང་ང་། བྱས་ཙང་གང་ཟག་དེ་ང་རང་ཚོའི་ཡིན་ན་སྤྱིར་བཏང་མི་གོ་གི་ཡོག་རེད། མཁྱེན་སོང་ང་། མི་ལ་གོ་གི་ཡོག་རེད་འདའི། ལྟ་ཡིན་ན་ང་རང་ཚོ་མཚན་མའི་གཞི་བཞག་བྱས་པ་ཡིན་ན།
  • ཚད་མ་རང་གི་འགྲོ་སྟངས་བྱས་བྱས་ལྟ་ཕ་གིར་རྩོད་པ་རྒྱག་པ་ཡིན་ན། ཨཱ་ནི་ང་ཚོ་གང་ཟག་ཟེར་དུས་ཙམ་པ་ཕུང་པོ་བཞིའམ་ལྔ་ཚོགས་པ་འདུས་པའི་དེ་ལ་ཡཱ་ཨཱ་ནི་གང་ཟེར་དགོས་ཟེར་ན་གང་ཟག་ཟེར་གྱི་ཡོག་རེད། རེད་པཱ།
  • འདི་ལ་གོ་དུས་ཙམ་པ་ཨང་འདི་བཤད་དུས་ཙམ་པ་ཨཱ་ནི་ཡང་གང་ཟག་ཟེར་དུས་ཙམ་པ་ཡིན་ན་མི་དང་བ་ཕྱུགས་དང་རེད་པཱ། མི་མ་ཡིན་པའི་དུད་འགྲོ་ཡོད་ཚད་ལ་ཡཱ་ཡིན་ན་ཨཱ་ནི་སུ་དེ་ཨཱ་ནི་གང་ཟག་ཟེར་གྱི་ཡོག་རེད།
  • ཨཱ་ནི་གང་ཟག་ཟེར་གྱི་ཡོག་རེད་འདའི་ཡིན་ནའི་ང་རང་ཚོ་བོད་ཀྱི་སྐད་ཀྱི་འགྲོ་ལུགས་ནང་ལོགས་ལ་བྱས་པ་ཡིན་ན་ཨཱ་ནི་སུ་དེ་ཡིན་ན་ཨཱ་ནི་མ་ལ་མ་གཏོགས་གཅིག་དུད་འགྲོ་གཞན་དག་ལ་སྦྱར་ཆོག་གི་ཡོག་མ་རེད།
  • རེད་པཱ། དཔེར་ན་ཆ་བཞག་ན་ཕ་གིར་བ་ཕྱུགས་ཞིག་འདུག་ན། བ་ཕྱུགས་དེ་སུ་རེད་ཟེར་ལབ་ན་འགྲིག་ཐབས་ཡོག་མ་རེད། རེད་པཱ། བ་ཕྱུགས་དེ་སུ་རེད་ཟེར་ལབ་ན་ལྟ་བ་ཕྱུགས་ཨཱ་ནི་མིང་བཤད་དགོས་ཀྱི་རེད། ག་རེ་བཤད་དགོས་ཀྱི་རེད། རེད་པཱ།
  • བཤད་ཐབས་ཁྱོན་ནས་ཡོག་མ་རེད། བྱས་ཙང་ང་ཚོ་བོད་ཀྱི་སྐད་ནང་ལ་ཡིན་ན་སུ་དེ་མི་ལ་གཏོགས་གཅིག་ཨཱ་ནི་ཕྱུགས་རིགས་དང་ཨཱ་ནི་ཅ་ལག་ལ་སྦྱྲར་ཡག་ཡོག་མ་རེད། དཔེར་ན་སྒྲོག་རྩེ་དེ་སུ་རེད་ལབ་ན། འགྲིག་ཡག་ཡོག་མ་རེད། རེད་པཱ།
  • ཨང་སྒྲོག་རྩེ་དེ་སུའི་རེད་ལབ་ན་འགྲིག་གི་རེད། བདག་པོ་སྟོན་གྱི་ཡོག་རེད། བདག་པོ་སྐད་ཆ་དྲིས་ཀྱི་ཡོག་རེད། བ་ཕྱུགས་ཕ་གི་སུའི་རེད། རེད་པཱ། འདུག་སེ་ལབ་ན་འགྲིག་གི་རེད། རེད་པཱ།
  • བྱས་ཙང་ང་རང་ཚོས་སུ་སྒྲ་དེ་སྦྱར་དུས་ཙམ་ལ་ཨཱ་ནི་ཡིན་གཅིག་མིན་གཅིག་གིས་གང་ཟེར་ན་འདའི་ཨཱ་ནི་འབྲེལ་སྒྲ་སྦྱར་ཡོད་མེད་ལ་ཨཱ་ནི་ལྟ་དགོས་ཀྱི་རེད་མ་གཏོགས་གཅིག་གི་ཡང་ང་རང་ཚོས་གང་བྱུང་གིས་ཡིན་ན་སུ་དེ་བེད་སྤྱོད་བྱས་ན་འགྲིག་ཡག་ཡོག་མ་རེད་ཟེར། རེད་པཱ། འགྲིག་ཡག་མི་འདུག
  • བྱས་ཙང་ང་རང་ཚོ་དེ་རིང་དེའི་ནང་ལོགས་ནས་ཡིན་ན་དཔེར་ན་སློབ་ཚན་གཉིས་པའི་ནང་ལོགས་ནས་བྱས་པ་ཡིན་ན་ངས་དཔེར་ན་ལྟ་ཨཱ་ནི་ངས་དང་། གས་དང་། པས་དང་། ཚོ་དང་། རེད་པཱ། སུ་དང་དེ་ཚོའི་འདྲས་དེ་ཡིན་ན་བེད་སྤྱོད་བྱེད་སྟངས་གཙོ་བོ་བཤད་ཀྱི་ཡོག་རེད་ཟེར། རེད་པཱ། ད་སྤྱོད་བྱེད་སྟངས་གཙོ་བོ་བཤད་ཀྱི་ཡོག་རེད།
  • དེ་ནས་ཡིན་ན་དཔེར་ན་ཆ་བཞག་འདའི་ཡག་ང་རང་ཚོ་ད་དུང་ག་རེ་ཡོག་རེད་ཟེར་ན། དཔེར་ན་མ་གཞི་འདི་དང་གཅིག་པ་རེད། རེད་པཱ། ད་གིན་འདི་དང་གཅིག་པ་རེད། ཡང་ཟུར་ལ་ཡག་ག་རེ་བཏོན་ཡོག་རེད་ཟེར་ན། ེ
  • ང་རང་ཚོ་ཡིན་ན་ཨཱ་ནི་འདའི་ཡཱ་ཨཱ་ནི་རེད་པས་ཟེར་ཞིག པས་ཀྱི་ནང་ལོགས་ལ་ཡིན་ན་རེད་པས་ཟེར་ཡག་ཞིག་ཡོག་རེད། ལྟ་དེ་ཚོ་གང་ག་ལོགས་འདྲི་ཚིག་རེད། རེད་པས་ཟེར་ཡག་དེ་ཨཱ་རེད་པས། ཟེར་དུས་ཙམ་ལ་ག་ཟེར་གྱི་ཡོག་རེད་ཟེར་ན། དཔེར་ན་ཆ་བཞག་པ་ཡིན་ན།
  • དེབ་དེ་ཁོང་གི་རེད་པས། རེད་པཱ། དེབ་དེ་ཁོང་གི་རེད་པས། རེད་པཱ། ལྟ་དེ་དེབ་དེ་ཁོང་གི་རེད་པས་བྱས་བྱས་སྐད་ཆ་དྲིས་ཀྱི་ཡོག་རེད། རེད་པཱ། འོ་སྐད་ཆ་དྲིས་ཀྱི་ཡོག་རེད།
  • ལྟ་ཡང་རེད་པས་ཟེར་དུས་ཙམ་པ་ཡིན་ན། འོ་དཔེར་ན་ཆ་བཞག་ན། དཔེར་ན་ཆ་བཞག་ན་འོ།
  • འོ་དཔེར་ན་ཆ་བཞག་ན། ཁོང་འཇོན་ཞུ་དེ་རེད་པས། རེད་པཱ། ལྟ་ངས་ངའི་ཨམ་ཅོག་ནང་འཇོན་ཟེར་མཁན་ཞིག་གོ མི་གཅིག་གི་མིང་ལ་ཡཱ་ཡིན་འཇོན་ཟེར་ཡག་དེ་ཡིན་པ་གོ ཡིན་ནའི་མི་ངོ་ཤེས་ཀྱི་མེད་པ་བྱས། རེད་པཱ།
  • ལྟ་མི་ངོ་མི་ཤེས་གོ་དུས་ཙམ་པ་ཡིན་ན་ལྟ་ངའི་རོགས་པས་ཨཱ་ནི་འོ་ཕྱི་རྒྱལ་མི་ཞིག་འཁྲིད་སླེབས་སོང་ཟེར་ན། རང་གིས་ཟེར་ཡག་གི་འཇོན་ཟེར་མཁན་དེ་འདི་རེད་པས། རེད་པཱ།
  • ཁོང་རེད་པས། གཅིག་པ་རེད། འཇོན་ཞུ་མཁན་དེ་འདི་རེད་པས། ཁོང་། འདི་ཟེར་ན་ཞེ་ས་སླེབས་ཀྱི་མི་འདུག་རེད་པཱ། ལྟ་ཡང་ཞེ་ས་བྲིས་ན་ཁོང་རེད་པས། རེད་པཱ།
  • འཇོན་རེད་པཱ། ཁོང་འཇོན་ཞུ་མཁན་ཁོང་རེད་པས། རེད་པཱ། ཞུ་ཡག་དེ་ཁོང་རེད་པས། ཧ་གོ་སོང་ང་། ལྟ་འདི་འདྲས་ཡིན་ན་ཨཱ་ནི་སླེབས་ཡོང་གི་ཡོག་རེད། རེད་པཱ།
  • བྱས་ཙང་འདི་སྒང་ལ་ཡཱ་ཡིན་ན་ང་རང་ཚོས་པས། དེབ་དེ་ཁྱེད་རང་གི་རེད་པས། དེ་རིང་ངལ་གསོ་རེད་པས། ཨཱ་ནི་ཁོང་གི་མཚན་ལ་དེ་ཟེར་གྱི་ཡོག་རེད་པས། རེད་པཱ། ལྟ་དེ་ང་རང་ཚོས་རེད་པས་རེད་པས་འདི་འདྲས་གཅིག་སླེབས་ཀྱི་ཡོག་རེད་ཟེར། རེད་པཱ།
  • བྱས་ཙང་འདིའི་ནང་ལོགས་ལ་ང་རང་ཚོ་ཡིན་ན་ཨཱ་ནི་བརྡ་སྤྲོད་པའི་ལྟ་ཕ་གིར་དམིགས་ཚད་ནང་ལོགས་ལ་ཤེས་དགོས་ཡག་གཙོ་བོ་དེ་ནི་འདི་གས་གཅིག་རེད་ཤག རེད་པཱ། གཙོ་བོ་དེ་ནི་འདི་གས་ཤིག་རེད་ཤག
  • ལྟ་གཤམ་ལ་ང་ཚོ་ཚིག་གསར་ནང་ལོགས་ལ་ཡཱ་ཡིན་ན་ཨཱ་ནི་ག་རེ་ཤེས་དགོས་འདུག ཚིག་གསར་ནང་ལོགས་ལ་ག་རེ་དམིགས་གསལ་གྱིས་འགྲེལ་བཤད་ར་དེ་རྒྱག་དགོས་ག་རེ་འདུག་ག ང་རང་གཅིག་བལྟས་ན་འགྲིག་གི་རེད། རེད་པཱ།
  • ལྟ་དཔེར་ན་ཁོང་ཟེར་ཡག་དེ་ནི་ཤེས་ཀྱི་རེད་པཱ། ང་ཚོ་ཡིན་ན་ཁོང་། ཁོང་རང་རེད་པཱ། ང་རང་རེད་པཱ། ང་དང་། ཁོང་དང་། ཁྱེད་རང་དང་དེ་ཚོ་ཁོང་ཁོང་དང་གཅིག་པ་རེད།
  • ཁོང་ཚོ་ནི་གཅིག་པ་རེད། རེད་པཱ། ཁོང་ཚོ་ཟེར་ཡག་དེ་ང་རང་ཚོ་ཁོང་ཚོ། ཁྱེད་ཚོ་དེ་ཚོ་གང་ནས་ཁྱེད་ཚོ་དང་ཁོང་ཚོ་མི་མང་པོ་ཡོད་པའི་ཚོགས་པ་ལ་ཨཱ་ནི་སླེབས་ཀྱི་ཡོག་རེད་ཟེར།
  • ལྟ་དེ་ནས་འདིའི་ནང་ལ་ཁོ་ཟེར་ཡག་ཅིག་འདུག་ག འོ་ཁོ། ཁོ་ཟེར་ཡག་དེ་ཡིན་ན་དཔེར་ན་ཆ་བཞག་ན་སྤྱིར་བཏང་ནས་བྱས་པ་ཡིན་ན། ང་། རང་། ཁོ་དེ་རིགས་སླེབས་ཀྱི་ཡོག་རེད་པཱ།
  • ང་བྱས། རང་བྱས། ཁོ་བྱས་འདི་སླེབས་ཀྱི་ཡོག་རེད་པཱ། ཡིན་ནའི་ང་ཚོ་ཁོ་ཟེར་ཡག་དེ་བེད་སྤྱོད་བྱེད་དུས་ཙམ་ལ་ཏིག་ཙམ་ཞེ་ས་ཡོག་མ་རེད། རེད་པཱ། ཁོ་དེ་ལབ་པ་ཡིན་ན།
  • ལྟ་དཔེར་ན་ང་རང་ཚོ་ཁམས་ཀྱི་བཟོ་ལྟ་འདི་འདྲས་ལ་ཡིན་ན་ཁོ་ནམ་རྒྱུན་ནས་ཁམས་པ་ཟེར་མཁན་དེ་ཞེ་ས་ཨེ་འདྲས་བེད་སྤྱོད་བྱེད་ཀྱི་ཡོག་མ་རེད། རེད་པཱ།
  • ཁོ་སྐད་ཆ་ཁ་རིག་ཁ་ཐུག་བཤད་བཞག་གི་ཡོག་རེད། ཁོ་ཁོ་སེ་ལབ་པ་རེད་པཱ། མི་གཞན་དག་གིས་སེམས་འཛིན་བྱེད་ཀྱི་མ་རེད། ཁོ་ངར་ཞེ་ས་བྱས་མ་སོང་བསམས་ཁོ་རང་དེ་འདྲས་ཀྱི་བསམ་བློ་བཏང་གི་མ་རེད། རེད་པཱ།
  • ཁོ་ཁམས་པའི་ལུགས་སྲོལ་ཁོ་ར་ད་ག་སོང་ཙང་། རེད་པཱ།
  • ཡིན་ནའི་ང་ཚོ་ཡིན་ན་ཕ་གིར་དབུས་གཙང་ངོགས་ལ་ཡིན་ན་ཨཱ་ནི་ཁོ་ཟེར་ཡག་དེ་བེད་སྤྱོད་ཞེ་དྲགས་གཏོང་གི་མ་རེད། རེད་པཱ། གང་རེད་ཟེར་ན། ཁོ་ཞེ་ས་ཚིག་གཅས་ཡོག་མ་རེད།
  • ཁོ་སེ་ལབ་པ་ཡིན་ན་ཕ་རོལ། ཕར་ཕྱོགས་མི་ཕར་ཕྱོགས་ངོས་ལ་ཡིན་ན་ཨཱ་ནི་ཕ་གིར་གུས་ཞབས་མེད་པའི་ཨཱ་ནི་ཚིག་ཕྱིན་པ་རེད། རེད་པཱ།
  • རེད་པཱ། ཁོ་སེ་ལབ་པ་ཡིན་ན། བྱས་ཙང་ང་ཚོ་ཡིན་ན་ཡིན་གཅིག་མིན་གཅིག་ག་རེ་ལབ་ན་ཁོང་བེད་སྤྱོད་བྱེད་དགོས་ཀྱི་རེད། རེད་པཱ། ཁ་ལ་ཡཱ་ཡིན་ན་ཡིན་གཅིག་མིན་གཅིག་གིས། ཨཱ་ནི་ང་སྦྱར་དགོས་ཀྱི་ཡོག་རེད། རེད་པཱ།
  • ཁོང་སེ་ལབ་དགོས་ཀྱི་ཡོག་རེད། རེད་པཱ། དཔེར་ན་སོ་སོའི་སྤུ་གུ་སོ་སོའི་སྤུ་གུ་ཡིན་པ་ཡིན་ན། སོ་སོའི་སྤུ་གུ་ཡིན་པ་ཡིན་ན། ཨཱ་ནི་སོ་སོའི་སྤུ་གུ་ལ་འོ་ལྟ་ཁོ་ག་པར་འདུག རེད་པཱ།
  • ལྟ་ཡང་ཁོ་བརླགས་ཤག་ཁོ་ག་པར་ཕྱིན་སོང་། འདི་འགྲིག་གི་རེད། སོ་སོའི་སྤུ་གུ་རེད་རེད་པཱ། འོ་ཡིན་ནའི་ང་རང་ཚོ་མི་ཕན་ཚུན་རེད་པཱ། ཕྱི་ལོགས་ཀྱི་མི་དང་དེ་བཞིན་མི་ཕན་ཚུན་ངོ་མ་ཤེས་ཕན་ཚུན་བར་ལ་ཡིན་ན་སྐད་ཆ་བཤད་པའི་སྐབས་ལ་ཡིན་ན།
  • ཨཱ་ནི་ཁོང་ག་ནས་རེད་ཟེར་ལབ་ཀྱི་རེད་མ་གཏོགས། ཁོ་གང་ནས་རེད། སྐད་ཆ་དྲིས་སོང་ན། ཨཱ་ནི་མི་ཕར་ཕྱོགས་སེམས་ནང་སྐྱིད་པོ་ཡོང་གི་མ་རེད། རེད་པཱ། ལྟ་སྐྱིད་པོ་ཡོག་མ་རེད།
  • བྱས་ཙང་ཁོ་ཨོའོ་མི་དེ་མ་རབས་ཚ་པོ་ཞེ་པོ་འདུག་བསམས་ཀྱི་རེད། མ་རབས་ཚ་པོ་ཞེ་པོ་འདུག་བསམས་ཀྱི་རེད། བྱས་ཙང་ཡིན་ན་ཁོང་ག་ནས་རེད་ལབ་ན། ཨཱ་ནི་དེ་ཡག་པོ་རེད། རེད་པཱ།
  • ལྟ་ཁམས་པ་ཟེར་ན་(ཡིན་ན་) ཁོ་ག་ནས་རེད། ཟེར་ལབ་ཀྱི་རེད་པཱ། ཨཱ་ནི་འདི་གཅིག་པ་རེད། ཁྱད་མི་འདུག ཁོ་རང་ལུགས་སྲོལ་ཁོ་ར་ད་ག་རེད། རེད་པཱ། ལུགས་སྲོལ་ཁོ་ར་མེད་ཙང་ཨཱ་ནི་ད་ག་རེད།
  • བྱས་ཙང་འདི་ང་རང་ཚོ་ཁོ། འདའི་ཁོ་ཟེར་ཡག་དེ་ཡིན་ན་ང་ཚོ་འདུག་སེ་ཟེར་གྱི་ཡོག་རེད་ཟེར། རེད་པཱ།
  • ལྟ་ཡང་འདི་འདྲས་ཀྱི་རིགས། ཁོ་ཟེར་དུས་ཙམ་པ་སྤྱིར་བཏང་ནས་ང་ཚོ་སྤུ་གུ་བུ་ལ་ཟེར་གྱི་ཡོག་རེད། བུ་ལ། ཤེས་སོང་ང་། བུ་ལ་ཟེར་གྱི་ཡོག་རེད།
  • ལྟ་བུ་ཡིན་ན་ཆུང་ཆུང་ཡིནའང་འདྲ། ཆེན་པོ་ཡིན་ནའང་འདྲ་གང་ག་རེད་པཱ། དཔེར་ན་སྤོར་ཏོ་ཁོ་ཟེར་གྱི་རེད་པ། ང་ཚོ་རྒྱག་རེས་རྒྱག་དུས་ཙམ་ལ་རེད་པཱ། སྤོར་ཏོ་ཁོང་ཟེར་གྱི་མ་རེད་པཱ།
  • ཁོ་མི་ལ་རྒྱག་རེས་རྒྱག་གི་རེད་པཱ། ཨཱ་ནི་རྒྱག་རེས་རྒྱག་དུས་ཙམ་པར་སྤོར་ཏོ་ཁོ་ཟེར་གྱི་རེད་པཱ། ཨཱ་སྤོར་ཏོ་ཁོ། རྨོའོ་ཏོ་མོ། རེད་པཱ། ཁོ། མོ། ལྟ་བུ་ལ་ཁོ་དང་བུ་མོ་ལ་མོ། སླེབས་ཡོང་གི་རེད་པཱ།
  • མོ་ག་པར་ཡིན་སོང་རེད་པཱ། ཡང་ཞེ་ས་མིན་འདུག་རེད་པཱ། ཞེ་ས་མི་འདུག རེད་པཱ།
  • ཁམས་པ་ཡིན་དགོས་མ་རེད་པཱ། ཨོའོ་མོ་ག་པར་འདུག ལབ་ཀྱི་རེད་པཱ། འདི་ཐད་ཀར་ལབ་ཀྱི་རེད། འདའི་སེམས་འཛིན་མི་འདུག
  • ང་ཚོ་དབུས་གཙང་ངོགས་ལ་ཡིན་ན་མ་ག་པར་ཕྱིན་སོང་ལབ་ན། དཔེ་མ་སྲིད་པའི་ཕ་གིར་ཕ་རོལ་པར་གུས་ཞབས་གཅས་ཡོག་མ་རེད། རེད་པཱ། བྱས་ཙང་ང་ཚོ་ཡིན་ན་འདུག་སེ་བེད་སྤྱོད་བྱས་ན་འགྲིག་གི་མ་རེད། ཤེས་སོང་ང་།
  • བྱས་ཙང་ཁོ་དང་དེ་ཚོ་ང་རང་ཚོས་ཨཱ་ནི་འདའི་ཡཱ་ཨཱ་ནི་ཡིན་གཅིག་མིན་གཅིག་གིས་ཨཱ་ནི་ཁོང་ཟེར་ཡག་བྱས། རེད་པཱ། ལྟ་ཡིན་ན་ཡང་མིན་ན་གཅིག་མོ་རང་ཟེར་ཡག་འདི་འདྲས་རེད་པཱ། ཁོ་མོ་ཟེར་མཁན་དེ་འདྲས་རེད་པཱ། འདི་འདྲས་བེད་སྤྱོད་བྱེད་ཡག་ཡོག་རེད། རེད་པཱ།
  • བྱས་ཙང་འོ་དེ་ཚོ་ཡིན་ན་བེད་སྤྱོད་བྱེད་དགོས་ཀྱི་རེད། རེད་པཱ།
  • ལྟ་དེ་ནས་ཁོ་རང་ཚོ། མོ། ལྟ་ཤེས་ཀྱི་རེད་པཱ། མོ། ཨཱ་ནི་ཚོ། ཨཱ་ནི་འདི་ཚོ། འདི་ཚོ་ལྟ་དེ་ཚོ་ཁ་སང་བསླབས་ཚར་བ་རེད་པཱ། ཨང་འདི་ཚོ། འདི་ཚོ་ཟེར་དུས་ཙམ་ལ་ཁྱེད་རང་གི་མིག་གི་མདུན་ལ་ཡོད་པའི་ཁྱེད་རང་དང་ཐག་ཉེ་པོ་ཡོད་པ་དང་། ཁྱེད་རང་མིག་གིས་མཐོང་ཡག་ཡོད་པའི་ཅ་ལག་རེད་པཱ།
  • རྐུབ་ཀྱག་དེ་ཚོ། སྒྲོག་རྩེ་དེ་ཚོ། རེད་པཱ། དེ་ཚོ་ཨཱ་ལབ་ཀྱི་རེད། རེད་པཱ། ལྟ་དེ་ནས་ཡིན་ན་ཁྱེད་རང་མིག་གིས་མཐོང་ཡག་མེད་པ། རེད་པཱ། ཨང་མིག་གིས་མཐོང་ཡག་མེད་པ། སོ་སོ་དང་རྒྱང་ཕད་(ཐག་)རིང་པོ་ཡོད་པའི་ཨཱ་ནི་ཅ་ལག་ཡཱ་ལབ་དགོས་བྱུང་ན། ཨཱ་ནི་དེ། དེ་ཚོ་ཟེར་ཡིན་ན། དེ་སྒྲས་ཚབ་བྱེད་དགོས་ཀྱི་རེད།
  • དེ་སྒྲས་ཚབ་བྱེད་དགོས་ཀྱི་རེད་མ་གཏོགས། ཨཱ་ནི་འདི་ཟེར་ལབ་པ་ཡིན་ན་མིག་གིས་མཐོང་ཡག་ཡོག་མ་རེད་པཱ། བྱས་ཙང་ཁོ་ཡིན་ན་འདི་བེད་སྤྱོད་བྱས་ན་འགྲིག་གི་ཡོག་མ་རེད། རེད་པཱ།
  • མིག་གིས་མཐོང་ཡག་ཡོད་པ་དང་། སོ་སོ་དང་ཐག་ཉེ་པོ་ཡོད་པ། ད་ལྟ་ང་རང་ཚོ་མིག་གི་མདུན་ལ་མཐོང་ཡག་ཡོད་པ་སྒྲོག་རྩེ་དང་། རྐུབ་ཀྱག་རེད་པཱ། བྱས་ཙང་སྒྲོག་རྩེ་འདི་ཚོ། རྐུབ་ཀྱག་འདི་ཚོ། འདུག་སེ་ལབ་ཀྱི་རེད།
  • དེ་ཚོ་ཟེར་ཡག་དེ་ཡིན་ན་ལབ་ན་འགྲིག་གི་མ་རེད། རེད་པཱ། ལྟ་གཤམ་ལ་ཡ་ཡིན་ན་དེ་ཚོ་ཟེར་ཡག་འདའི་ད་ལྟ་ངས་སྔས་ལ་འགྲེལ་བཤད་བརྒྱབ་པ་དང་གཅིག་པ་རེད། རེད་པཱ།
  • ལྟ་དེ་ནས་ཕ་ཚོ། ཕ་ཚོ་ནི་ད་ག་རེད། རེད་པཱ། ཕ་གི་ནི་ཁ་སང་ལབ་ཚར་པ་རེད། རེད་པཱ། ལྟ་འདའི་ཚོ་སྦྱར་པ་མ་གཏོགས་གཅིག་གིས་ཕ་ཚོ་ཟེར་དུས་ཙམ་པ་ངའི་འཁྲིད་ལ་ཡོད་པའི་འདི་སྒྲོག་རྩེ་འདི་འདི་ལབ་ཀྱི་རེད། རེད་པཱ།
  • སྒྲོག་རྩེ་འདི། སྒྲོག་རྩེ་འདི་ཚོ། རེད་པཱ། ལྟ་ང་དང་མིག་གིས་མཐོང་ཡག་ཡོད་པ་བྱས། ཡང་ང་དང་ཐག་རིང་པོ་ཡོད་པ་ཡིན་ན། ཨོའོ་ཨཱ་ནི་ཕ་ཚོ། མི་ཕ་ཚོ། རེད་པཱ། ཅ་ལག་དེ་ཚོ། མོ་ཊ་ཕ་ཚོ། རེད་པཱ།
  • མོ་ཊ་ཕ་ཚོ་བཞག་ཆོག་གི་མ་རེད་ལབ་པ་རེད། རེད་པཱ། འདི་འདྲས་ཡིན་ན་ཕ་ཚོ། ཕ་ཚོ། ངདང་ཐག་རིང་པོ་ཡོད་པའི་ཨཱ་ནི་མང་པོ་ཚོགས་པའི་ཅ་ལག་ལ་མིང་སྨྲོས་དུས་ཙམ་ལ་ཨཱ་ནི། འོ་འདུག་སེ་ཚོ་དེ་བེད་སྤྱོད་བྱེད་དགོས་ཀྱི་རེད་ཟེར། རེད་པཱ།
  • བྱས་ཙང་འདིའི་ནང་། འདི་ཚོ། དེ་ཚོ། ཕ་ཚོ། འོ་འདི་རེད། རེད་པཱ།
  • ལྟ་དེ་ནས་ཡིན་ན་སུ། སུ་ནི་ང་ཚོ་ལབ་ཚར་སོང་རེད་པཱ། མ་ནི་ལབ་ཚར་སོང་། རེད་པཱ།
  • ལྟ་དེ་ནས་ཡིན་ན་ང་རང་ཚོ་མ་ཟེར་ཡག་དེ་མ་གཞི་བྱས་ནས། ཨཱ་ནི་མ་ཟེར་ཡག་དེ་མང་པོ་རེད། རེད་པཱ།
  • ཨཱ་ནི་མ་ཟེར་ཡག་དེ་གཅིག་ཡིན་ན་ང་རང་ཚོས་ཡིན་ན་ཨཱ་ནི་མིང་མཐའ་ལ་འགྲོ་ཉན་ཡོག་རེད། རེད་པཱ། མིང་མཐའ་ལ་འགྲོ་ཉན་ཡོག་རེད། ལྟ་མིང་མཐའ་ལ་འགྲོ་མཁན་ལས་སླ་ཤོས་གཅིག་ལབ་ན་ཨ་མ་ཟེར་ཡག་དེ་རེད་པཱ།
  • ཨཱ་རེད་མ་རེད། ཨ་མ་བྱས་ན་ང་རང་ཚོ་མིང་མཐའ་ལ་འགྲོ་གི་ཡོག་རེད་པཱ། དཔེར་ན་ཨ་མ། ང་རང་ཚོ་མ་ཟེར་ཡག་ཁོ་ར། མ་ཟེར་ཡག་ཁོ་ར་ཚིག་འདི་གཅིག་པུ་བྲིས་པ་ཡིན་ནའི་ཨ་མའི་དོན་དག་རེད། རེད་པཱ། ཨ་མའི་དོན་དག་རེད། རེད་པཱ།
  • ལྟ་དཔེར་ན་ང་ཚོ་དབུས་གཙང་ངོས་ལ་ཡིན་ན་དཔེར་ན་ཆ་བཞག་ན་ཡིན་གཅིག་མིན་གཅིག་འདའི་ཡཱ་ཡིན་ན་ཨཱ་ནི་ཨ་མ་ཟེར་བྱས་བྲིས་ཀྱི་རེད། རེད་པཱ། ཨ་མ་ཟེར་བྱས་བྲིས་ཀྱི་རེད།
  • ལྟ་འདི་ཁམས་ངོགས་འདི་པ་ཡིན་ན་ཨཱ་ནི་ཨ་མ་ཟེར་ལབ་ཀྱི་ཡོད་དམ། རེད་པཱ། ཡང་ཁ་ཤས་ཀྱིས་གཙོ་བོ་མ་ཟེར་ལབ་ཀྱི་ཡོག་རེད། མ་གིར་མ་ཟེར་གྱི་རེད་པཱ། མ་གིར་མ་ཟེར་གྱི་རེད། རེད་པཱ།
  • མ་གིར་ཨ་མ་ཟེར་མཁན་ཕལ་ཆེར་ཨཱ་ནི་ཉུང་ཉུང་ཡིན་གྱི་རེད། རེད་པཱ། བྱས་ཙང་གཅིག་པ་རེད། རེད་པཱ། མ་ཟེར་ལབ་ནའི་འདྲ། རེད་པཱ།
  • ལྟ་ཡིན་ན་མ་གཅིག མ་འདི་གཅིག་ག་རེད་ཟེར་ན་ཡང་ང་རང་ཚོ་འདི་འདྲས་ལའི་གོ་གི་རེད། རེད་པཱ། དགག་སྒྲ་ལ་གོ་གི་རེད། རེད་པཱ། དགག་སྒྲ་ལའི་གོ་ཡག་ཡོག་རེད། རེད་པཱ།
  • འདི་ངའི་མ་རེད། རེད་པཱ། ཁོང་གི་རེད། རེད་པཱ། མ་རེད། རེད་པཱ། སྨྱུ་གུ་འདི་ངའི་མ་རེད། རེད་པཱ། སྨྱུ་གུ་འདི་ངའི་མ་རེད། རེད་པཱ། ཁོང་གི་རེད། ངའི་མ་རེད། ཤེས་སོང་ང་།
  • འོ་ལྟ་དེ་ཚོའི་གྲས་ཡིན་ན་ཡང་དགག་སྒྲ་ལ་འགྲོ་ཡག་འདི་འདྲས་འགྲོ་ཡག་ཡོག་ཟེར། རེད་པཱ། བྱས་ཙང་མ་གཞི་བྱས་ན། ངས་ད་ལྟ་འདའི་ཁྱེད་རང་ཚོར་གསལ་བཤད་གཅིག་བྱེད་ཡག་ལ་ག་རེད་ཟེར་ན།
  • བོད་ཀྱི་ཨཱ་ནི་དཔེར་ན་མིང་ཚིག མིང་ཚིག་དེ་ཚོ་ཡིན་ན་རྟག་པར་རེ་ཞིག་དོན་དག་གཅིག་སྒང་ལ་ཡཱ་ཡིན་ན་བསྡད་ཀྱི་རེད་དམ་ཟེར་ན། འདི་བསྡད་ཀྱི་མ་རེད། ཤེས་སོང་ང་།
  • ཨཱ་ནི་ག་དུས་ཡིན་ནའི་དོན་དག་དེ་ཨཱ་ནི་ད་ག་གཅིག་གཅིག་པུར་བསྡད་བསྡད་ཀྱི་རེད་དམ་ཟེར་ན་བསྡད་ཀྱི་མ་རེད། ཁོ་གང་རེད་ཟེར་ན་ཚིག་གྲོགས་དབང་གིས། ཁོ་ཚིག་གྲོགས་ག་རེ་སྦྱར་མ་སྦྱར་གའི་ག་རེ་བྱས་འགྲོ་གི་རེད། དོན་དག་དེ། ཁོའི་བསྟན་ཡག་གི་དོན་དག་དེ་འགྱུར་འགྲོ་གི་ཡོག་རེད།
  • འགྱུར་འགྲོ་གི་ཡོག་རེད། ད་ལྟ་ངས་སྔས་ལ་བཤད་སོང་ང་། དཔེར་ན་ཆ་བཞག་ན། ད་ལྟ་ངས་སྔས་ལ་ག་རེ་བཤད་སོང་ཟེར་ན། ད་ལྟ་ངས་སྔས་ལ་འདའི་ཡ་འདི་ལབ་པ་རེད། རེད་པཱ། འདའི་ཡཱ། དཔེར་ན།
  • མ་ཟེར་གྱི་ཡོག་རེད། རེད་པཱ། ལྟ་དེ་མ་ཟེར་གྱི་ཡོག་རེད། ལྟ་འདའི་ཡཱ་ཡིན་ན་ཨ་སྦྱར་ན། རོགས་པ་ཨ་སྦྱར་ན་ག་རེ་ཆགས་པ་རེད། ཨཱ་ནི་མིང་ཆགས་པ་རེད། ཨ་མ་རེད་པཱ།
  • ལྟ་འོ་ན་འདའི་ཡ་ཡིན་ན་འོ། འདའི་ཡ་ཡིན་ན་འོ། མ་རེད། རེད་པཱ། ངའི་མ་རེད་ཟེར་ཡག་ཅིག་སྦྱར་སོང་ན། རེད་པཱ། འདི་འདྲས་སེ་སྦྱར་སོང་ན། ངའི་མ་རེད་སྦྱར་སོང་ན། ཡང་ཁོ་མ་དེ་ག་རེ་ཆགས་པ་རེད་ཟེར་ན་དགག་ཚིག་ཆགས་པ་རེད། རེད་པཱ།
  • དགག་སྒྲའི་ཚིག་ཆགས་པ་རེད། དགག་སྒྲ་ཟེར་གྱི་རེད། བོད་ཀྱི་ཡི་གེ་མང་པ་ཞིག་ག་རེད་ཟེར་ན་ཁོའི་ཚིག་གྲོགས་ཀྱི་དབང་གིས་ཡིན་ན་དོན་དག་ཡིན་ན་ལྟ་གྱུར་འགྲོ་གི་ཡོག་རེད། རེད་པཱ།
  • འདི་གྱུར་འགྲོ་གི་ཡོག་རེད་ཡིན་ནའི་ཁྱེད་རང་སེམས་ནང་ཨོའོ་རྙོག་ཁྲ་ཚ་པོ་འདུག་ང་བསམ་བློ་འཁོར་དགོས་ཀྱི་མ་རེད། ག་རེད་ཟེར་ན་ཁོ་ཡིན་ན་ལབ་སེང་ཚིག་གྲོགས་གིས་ཨཱ་ནི་ཡི་གེ་དེ་དོན་དག་གོ་བ་གྱུར་ཡོད་མེད་ལམ་སེང་ཚིག་གྲོགས་ཀྱིས་བསྟན་ཡོང་གི་ཡོག་རེད།
  • རེད་པཱ། དཔེར་ན། འདའི་ཨ་སྦྱར་དང་ཨ་མ་ཆགས་པ་རེད། རེད་པཱ། འོ་དཔེར་ན་ཆ་བཞག་ན་འདའི་ཡཱ་ཡིན་ན་མ་འདའི་ཡ་འོ་མདུན་འདིར་ཡིན་ན་ཕ་ཞིག་སྦྱར་སོང་ན་ག་རེ་ཆགས་པ་རེད། ཕ་མ་ཆགས་པ་རེད། རེད་པཱ།
  • རེད་མ་རེད། ཕ་མ་ཆགས་པ་རེད། བྱས་ཙང་ཡིན་ན་ཚིག་གྲོགས་ཀྱིས་དོན་དག་ལམ་སེང་བསྟན་ཡོང་གི་ཡོག་རེད། རེད་པཱ། ལྟ་འོ་འདི་འདྲས་ཤིག་རེད།
  • ལྟ་འདི་ཡིན་ན་ང་རང་ཚོ་མ། ལྟ་དེ་ནས་ཡིན་ན་བསླབ་གྲྭ་བ། རེད་པཱ། བསླབ་གྲྭ་བ། སློབ་གྲྭ་བ། གཅིག་པ་རེད། རེད་པཱ། བསླབ་གྲྭ སློབ་གྲྭ། དགེ་རྒན། རྒན་ལགས། རེད་པཱ།
  • ལགས་ཟེར་དུས་ཙམ་ལ་རྒན་ལགས་ཟེར་དུས་ཙམ་པ་ཡིན་ན་ལྟ་ཁས་ས་སློབ་ཚན་དང་པོའི་ནང་ལ་རོབ་ཙམ་བཤད་ཚར་པ་རེད། དཔེར་ན་ལགས་ཟེར་ཡག་དེ་ཡིན་ན་ཨཱ་ན་ཕ་གིར་སྦྱར་སོང་ན། མིང་ལ་ཡཱ་སྦྱར་སོང་ན། ཨཱ་ནི་ཁོ་ག་རེ་ཆགས་སོང་ཟེར་ན་ཨཱ་ནི་ཞེ་ས། ཞེ་སའི་ཚིག་ལ་འགྲོ་གི་ཡོག་རེད། ཤེས་སོང་ང་།
  • ཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་ཡོག་རེད། རེད་པཱ། ཨཱ་ནི་རེད་པཱ། ཨཱ་ནི་འཇོན་ལགས་ཞུ་གི་ཡོད་རེད། བཀྲ་ཤིས་ལགས་ཞུ་གི་ཡོག་རེད། བཀྲ་ཤིས་ལགས་ག་པར་འཐད་སོང་། རེད་པཱ།
  • འོ་ལྟ་དེ་ཚོ་གང་ག་ཨཱ་ནི་ལགས་ལགས་ལགས་རེད་པཱ། སྐབས་འཕྲལ་གྱི་ཡིན་ན་གཅིག་རེད། རེད་པཱ། འདི་འདྲས་བཤད་ཀྱི་ཡོག་རེད། རྒན་ལགས། ཨཱ་ལྟ་རྒན་ལགས།
  • ལྟ་དེ་ནས་ཡིན་ན་བླ་མ། འོ་བླ་མ། ལྟ་བླ་མ་ཟེར་ཡག་འདའི་ང་རང་ཚོས་སྤྱིར་བཏང་ནས་ག་རེད་ཟེར་ན། བླ་མ་ཟེར་ཡག་དེ་མང་ཆེ་བས་བླ་མ་ཟེར་མཁན་དེ་གང་འདྲ་ཞིག་ལ་གོ་གི་ཡོག་རེད་ཟེར་ན། མང་ཆེ་བས་བླ་བ་ཟེར་དུས་ཙམ་ལ་ཡིན་ན་འོ། ལྟ་གྲྭ་ཆས་གྱོན། རེད་པཱ།
  • ཆོས་བྱས། ཆོས་བྱེད་མཁན་གྱི་ནང་ལོགས་ལའི་རྟོགས་པ་མཐོ་པོ་ཡོད་པ། རེད་པཱ། སྤྱིར་བཏང་མ་ཡིན་པའི་རེད་པཱ། ཁྱད་དུ་འཕགས་པའི་སྐྱེས་བུ་དམ་པ། ལྟ་འདི་འདྲས་ལ་ཡིན་ན་ཨཱ་ནི་ག་རེ་ཟེར་གྱི་ཡོག་རེད་ཟེར་ན། བླ་མ་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོག་རེད། རེད་པཱ།
  • ཡིན་ནའི་ཁོ་རའི་ཨཱ་ནི་དངོས་གནས་དྲང་གནས་ཀྱི་བླ་མ་ཟེར་མཁན་དེ་གང་འདྲ་ཞིག་ལ་ཟེར་གྱི་ཡོག་རེད་ཟེར་ན། བླ་མ་དངོས་གནས་དེ་དགེ་རྒན་ལ་བླ་མ་ཟེར་གྱི་ཡོག་རེད། རེད་པཱ།
  • ཡིན་ནའི་ལྟ་ད་ལྟ་ཡིན་ནའི་སྤྱི་ཚོགས་གང་ལ་ང་རང་ཚོ་ལྟ་ཕ་གིར་གང་ཟེར་དགོས་ཀྱི་རེད། ལྟ་བླ་མ་ཟེར་དུས་ཙམ་ལ་ཡིན་ན་ཨཱ་ནི་འོ་དཔེར་ན་ཆ་བཞག་ན་ཡིན་གཅིག་མིན་གཅིག་གིས་གྲྭ་ཆས་བྱས་བྱས་རེད་པཱ། ཆོས་ཀྱི་རྟོགས་པ་མང་པོ་ཡོད་པ་ལ་རེད་པཱ།
  • ལྟ་དེ་འདྲས་ཀྱི་སྐྱེས་བུ་དམ་པ་འདི་འདྲས་མཚན་ཡོད་པ་ལྟ། ལྟ་རེད་པཱ། འདི་འདྲས་བཟོ་ལྟ་ལ་ཡིན་ན་ཨཱ་མི་བླ་མ་ཟེར་གྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོག་རེད། རེད་པཱ།
  • ཡིན་ནའི་འགྲོ་སྟངས་དངོས་གནས་བྱས་པ་ཡིན་ན་ལྟ་བླ་མ་ཟེར་མཁན་དེ་དགེ་རྒན་ལ་ཡཱ་ཟེར་གྱི་ཡོག་རེད། རེད་པཱ། ལྟ་ང་ད་ལྟ་དགེ་རྒན་རེད། རེད་པཱ། ཡིན་ནའི་ང་བླ་མ་ཡིན་ཟེར་ལབ་ན། མི་གང་གས་ངར་གད་མོ་ཤོར་གྱི་རེད། རེད་པཱ། [གད་མོ་]
  • གད་མོ་ཤོར་གྱི་རེད། རེད་པཱ། རེད་འདའི་ལའི་ཡིན་ནའི་དངོས་གནས་བྱས་ན་ཨཱ་ནི་དགེ་རྒན་ལའི་བླ་མ་ཟེར་བྱས་བྱས་མིང་འདི་ཐོབ་ཀྱི་ཡོག་རེད།
  • དཔེར་ན་ངས་ཨཱ་ནི། དཔེ་ཞིག་ཆ་བཞག་རེད་པཱ། བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་ཞེས་བྱས་ཡོད་མ་ཡིན། བསྐལ་པ་སྟོང་གི་སངས་རྒྱས་རྣམས། བླ་མ་དག་ལ་བརྟེན་ནས་བྱུང་། ཞེས་ཟེར་གྱི་ཡོག་རེད། རེད་པཱ།
  • ཨཱ་ནི་འདི་ནང་ལ་སྐད་ཆ་ག་རེ་བཤད་ཀྱི་ཡོག་རེད། རེད་པཱ། འདི་ནང་ལ་གང་བཤད་ཀྱི་ཡོག་རེད། འོ། བླ་མ་མེད་པའི་གོང་རོལ་ན། བླ་མ་མེད་པའི། བླ་མ་དང་པོ་དང་པོ་བླ་མ་གཅས་མེད་པའི་སྐབས་ལ།
  • བླ་མ་གཅས་མེད་པའི་སྔོན་ལ། ཨཱ་ནི་སངས་རྒྱས་ཟེར་མཁན་དེ་ཡོག་རེད་དམ་ཟེར་ན། ཡོག་མ་རེད་ཟེར་གྱི་ཡོག་རེད། རེད་པཱ།
  • ལྟ་བསྐལ་པ་སྟོང་ཕྲག་མང་པོའི་སངས་རྒྱས་འདི་གས་གང་ནས་བྱུང་པ་རེད་ཟེར་ན། བསྐལ་པ་སྟོང་གི་སངས་རྒྱས་རྣམས། བླ་མ་དག་ལ་བརྟེན་ནས་བྱུང་། འོ་བསྐལ་པ་སྟོང་གི་སངས་རྒྱས་འདི་གས་ཡིན་ན། བླ་མ་ལ་བརྟེན་ནས་བྱུང་པ་རེད་བྱས་པ་རེད།
  • བླ་ལ་བརྟེན་ནས་བྱུང་པ་རེད་ཟེར་ན། བླ་མས་ག་རེ་བྱེད་ཀྱི་ཡོག་རེད། བླ་མས་ཡིན་པ་མི་དེ་ལ་ག་རེ་བྱེད་ཀྱི་ཡོག་རེད་ཟེར་ན། ཨཱ་ནི་ཡོན་ཏན་བསླབ་ཀྱི་ཡོག་རེད། རེད་པཱ།
  • ཡོན་ཏན་བསླབས། ཤེས་བྱ་ཡོན་ཏན་བསླབས། རེད་པཱ། དེ་བསླབས་བྱས་ཨཱ་ནི་ཁྱེད་རང་ཡིན་ན་ཨཱ་ནི་ག་ལེར་ག་ལེར་ཡིན་ན་ཕ་གིར་དངོས་པོའི་ཁྱད་ཆོས་དང་འགྲོ་སྟངས་འདི་གས་ཤེས་བྱས་ཨཱ་ནི་ག་ལེར་ག་ལེར་ཡིན་ན་ཁྱེད་རང་སངས་རྒྱས་ཆགས་འགྲོ་གི་ཡོག་རེད་། རེད་པཱ།
  • བྱས་ཙང་སངས་རྒྱས་ཆགས་པ་ལ་སྔས་ལ་ཡཱ་སངས་རྒྱས་གང་འདྲ་ཞིག་ཡིན་ནའི་བླ་མ་མ་བརྟེན་པའི་སངས་རྒྱས་གཅས་ཡོག་མ་རེད། དགེ་རྒན་མ་བསྟེན་པའི་སངས་རྒྱས་གཅས་ཡོག་མ་རེད།
  • ལྟ་འདི་འདྲས་ཤིག་རེད། རེད་པཱ། ངའི་བཤད་སྟངས་འགྲིག་ཡོད་ནཱ་མེད་ནཱ་འོ་ལྟ་འདི་འདྲས་ཤིག་རེད། ཨཱ་ནི་རེད། རེད་པཱ། འགྲོ་སྟངས་ར་པོ་བྱས་པ་ཡིན་ན་བླ་མ་ཟེར་ཡག་དེ་འོ་འདི་འདྲས་ཤིག་ལ་རེད་ལ། ལྟ་གང་ལྟར་སྤྱིར་བཏང་ནས་ང་རང་ཚོ་སྤྱིར་བཏང་ཁོ་རའི་མཚན་ཉིད་ཀྱི་འགྲོ་སྟངས་དང་། ཡང་ང་རང་ཚོའི་ཆོས་ལུགས་ཀྱི་གང་གི་འགྲོ་སྟངས་ཏིག་ཙམ་ཁྱད་པར་ཏིག་ཙམ་ཏིག་ཙམ་འདུག རེད་པཱ། ཁྱད་པར་ཏིག་ཙམ་ཏིག་ཙམ་ཡོག་རེད་ཟེར། རེད་པཱ།
  • ལྟ་དེ་ནས་ཡིན་ན་ཨཱ་ནི་གཤམ་ལ་ཡིན་ན་ང་རང་ཚོ་གྲྭ་པ། ལྟ་གྲྭ་པ་ཤེས་ཀྱི་རེད། རེད་པཱ། གྲྭ་པ་ནི་ཤེས་ཀྱི་རེད། ལྟ་ང་རང་ཚོས་གྲྭ་པ་ཟེར་དུས་ཙམ་ལ་ཨཱ་ནི་ང་རང་ཚོས་འཇིག་རྟེན་སྤངས་བྱས། རེད་པཱ། འཇིག་རྟེན་སྤངས་བྱས། ཨཱ་ནི་ཕ་གིར་ཆོས་བྱས་བྱ་རེད་པཱ།
  • ཆོས་བྱས་བྱས། ཨཱ་ནི་འཇིག་རྟེན་ལྟ་ཕ་གིར་འབྲེལ་བ་མེད་པ་བྱས་ཆོས་བྱས་བྱས་ཨཱ་ནི་ཕ་གིར་གྲྭ་ཆས་སྤྲས་ཁུལ་རེད་པཱ། ཁོ་ཨཱ་ནི་བྱེད་མཁན་དེ་ཚོ་ལ་ཡིན་ན་གྲྭ་པ་ཟེར་གྱི་རེད། རེད་པཱ། གྲྭ་པ།
  • དགེ་འདུན་པ། ལྟ་གཅིག་པ་རེད། རེད་པཱ། དགེ་འདུན་པ། དེ་ནས་ཡིན་ན་ཨཱ་ནི་སྐུ་གཞོགས་རེད་པཱ། ལྟ་སྐུ་གཞོགས་ཟེར་ཡག་དེ་ཡང་དེ་འདྲས་རེད། རེད་པཱ། སྐུ་གཞོགས། སྐུ་གཞོགས་ཟེར་ཡག་དེ་ཡང་སྤྱིར་བཏང་ནས་ངས་ལབ་པ་ཡིན་ན།
  • འགྲེལ་བཤད་བརྒྱབ་པ་ཡིན་ན། སྐུ་གཤོགས་ཟེར་ཡག་དེ་ཡང་ང་ཚོ་སྤྱི་ཚོགས་ནང་ལ་སྐུ་གཞོགས་ཟེར་ལབ་པ་དང་ཡིན་གཅིག་མིན་གཅིག་གྲྭ་པ་ཨ་ནི་གོ་མཁན་བཟོ་ལྟ་ཅིག་ཡོག་རེད། རེད་པཱ།
  • གྲྭ་པ་ཨ་ནི་གོ་མཁན་བཟོ་ལྟ་ཅིག་ཡོག་རེད། ཡང་འདི་གྲྭ་པ་ཨ་ནི་གཅིག་པུར་སྐུ་གཞོགས་ཟེར་གྱི་ཡོག་མ་རེད། ཤེས་སོང་ང་། ལྟ་སྐུ་གཞོགས་ཟེར་ཡག་དེ་སྤྱིར་བཏང་ནས་བྱས་ན་ཕ་གིར་གཅིག་རེད་པཱ།
  • ཨཱ་ནི་གྲྭ་པ་ཨཱ་ནི་ལའི་སྐུ་གཞོགས་ཟེར་གྱི་རེད་ལགས། ཡང་གྲྭ་པ་ཨ་ནི་མ་ཡིན་པའི་རེད་པཱ། སྤྱིར་བཏང་གཅིག་གི་ཡོན་ཏན་ཏིག་ཙམ་ཡོད་བསྡད་མཁན། རེད་པཱ།
  • ཡང་མི་སྤྱིར་བཏང་ནང་ལོགས་ནས་ཡར་ཕ་གིར་ཡར་གསལ་པོ་ཐོན་པ་ཡོན་ཏན་ཡོད་བསྡད་པ། ཁྱད་དུ་འཕགས་པ་ཡོད་བསྡད་མཁན་དེ་འདྲས་ལ་བཟོ་ལྟ་ལའི་ཡང་གང་ཟེར་བ་རེད། ང་རང་ཚོས་སྐུ་གཞོགས་ཟེར་ཚུལ་ཡོག་རེད། ཤེས་སོང་ང་། འོ་ལབ་ཚུལ་ཡོག་རེད།
  • སྐུ་གཞོགས་ཟེར་དུ་ཙམ་པ་ཡིན་གཅིག་མིན་གཅིག་གྲྭ་པ་ཨ་ནི་ལ་གཅིག་པུ་མ་རེད། རེད་པཱ། གྲྭ་པ་ཨ་ནི་གཅུག་པུ་ལ་ཟེར་གྱི་ཡོག་མ་རེད།
  • ང་རང་སྤྱིར་བཏང་མི་ཨཱ་ནི་སྐྱ་ཆས་གྱོན་ནའི་འཇིག་རྟེན་དང་ཨཱ་ནི་ཕ་གིར་ཁ་བྲལ་བ་མ་ཡིན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོད་པ་རེད་པཱ། གུས་ཞབས་བྱེད་དགོས་ས་ཡིན་པ། བརྩི་འཇོག་བྱེད་དགོས་ས་ཡིན་པ།
  • འོ་འདི་འདྲས་ལའི་ཡང་ང་ཚོས་སྐུ་གཞོགས་སྐུ་གཞོགས་ཞེས་ལབ་པའི་ལུགས་སྲོལ་ཡོག་རེད། འོ་འདིའི་ལུགས་སྲོལ་འདི་ཡོག་རེད། རེད་པཱ། ལྟ་འདི་རེད། རེད་པཱ།
  • ཨཱ་ནི་འདི་ནས་ཡིན་ན་ཆོས་ལགས། རེད་པཱ། ལྟ་ཆོས་ལགས་ཟེར་དུས་ཙམ་པ་ཡང་ང་རང་ཨཱ་ནི་བུ་མོ། རེད་པཱ། གྲྭ་པ་ཡིན་པ་རེད་པཱ། གྲྭ་པ་ཡིན་པ་ཟེར་དགོས་ཀྱི་རེད་པས། གང་ཟེར་དགོས་ཀྱི་རེད།
  • ལྟ་ཕ་གིར་ལྟ་གྲྭ་ཆས་གྱོན་མཁན་འདི་ལ་ཡིན་ན་ཨཱ་ནི་ཆོས་ལགས་ཟེར་གྱི་ཡོག་རེད། རེད་པཱ། ཆོས་ལགས་ཟེར་གྱི་ཡོག་རེད། དེ་ནས་ཡིན་ན་ཨ་ནི། རྗེ་བཙུན་མ། རེད་པཱ། རྗེ་བཙུན་མ་དེ་ཚོ་གང་ག་ཡིན་ན་ཨཱ་ནི་ལྟ་བུ་མོ་ཆོས་བྱེད་མཁན།
  • ཕ་གིར་འཇིག་རྟེན་སྤངས་པ་རེད་པཱ། དེ་ཚོ་ལ་མིང་དེ་གོ་གི་ཡོག་རེད། ལྟ་དེ་ནས་ཡིན་ན་འབྲོག་པ། འབྲོག་པ་ནི་ང་རང་ཚོས་ཤེས་ཀྱི་རེད། རེད་པཱ།
  • ག་རེ་ཟེར་ན་ཨཱ་ནི་ཞིང་པ་དང་། འབྲོག་པ་གཉིས་སུ་ཕྱེ་བའི་འབྲོག་པ་དེ་རེད། རེད་པཱ། འབྲོག་པ་ཟེར་དུས་ཙམ་པ་ཨཱ་ནི་ཁོ་ག་རེད་ཟེར་ན་གཙོ་བོ་ཁོའི་ལས་ཀ་དེ་ག་རེ་བྱེད་ཀྱི་ཡོག་རེད་ཟེར་ན། ཨཱ་ནི་ཁོ་ཡིན་ན་ཕ་གིར་ཡིན་ན་ཨཱ་ནི་གཡག་དང་། ལུག་དང་། རྟ་དང་། བ་ཕྱུགས་དང་།
  • ཨཱ་ནི་འདི་འདྲས་གསོས་བྱས་ཨཱ་ནི་འདི་འདྲས་ལ་བརྟེན་བྱས་འཚོ་བ་སྐྱེལ་མཁན་གྱི་དེ་ལ་ག་རེ་ཟེར་གྱི་ཡོག་རེད། རེད་པཱ། ལྟ་ཞིང་པ་ཟེར་དུས་ཙམ་པ་ཡིན་ན་གཙོ་བོ་ཞིང་ཁ་བཏབ་བྱས་རེད་པཱ། འོ་འབྲུ་རིགས་བཏབ་བྱས་འཚོ་བ་སྐྱེལ་མཁན་འདི་ལ་ཨཱ་ནི་ག་རེ་ཟེར་གྱི་ཡོག་རེད་ཟེར་ན་ཞིང་པ་ཟེར་གྱི་ཡོག་རེད། རེད་པཱ།
  • བྱས་ཙང་འབྲོག་པ་དང་ཞིང་པ་གཉིས་ཀྱི་ཡིན་ན་ཁྱད་པར་འདི་འོ་འདི་འབྲས་ཟེར་གྱི་ཡོག་རེད། རེད་པཱ། དེ་ནས་དྲུང་ཡིག དྲུང་ཡིག་ནི་ཤེས་ཀྱི་རེད། རེད་པཱ། དྲུང་ཡིག་ཟེར་དུས་ཙམ་པ་གཙོ་བ་ང་ཚོ་ཡིག་མཁན་ལ་ཟེར་གྱི་ཡོག་རེད། རེད་པཱ། ཡིག་མཁན།
  • ཡིག་མཁན་ཟེར་དུས་ཙམ་པ་ཡིན་ན། ལྟ་ཕ་གིར་ལས་ཁུངས་ཀྱི་ཡི་གེ་བྲིས་མཁན། དཔོན་པོའི་འཁྲིད་ལ་བསྡད་བྱས་དཔོན་པོའི་ཡི་གེ་བྲིས་མཁན། རེད་པཱ། དེ་ཚོ་གང་ག་ལོགས་ཡིན་ན་ཨཱ་ནི་དྲུང་ཡིག་དྲུང་ཡིག་ཟེར་གྱི་ཡོག་རེད་ཟེར།
  • འོ་ཨཱ་ནི་གཤམ་ལ་ཡཱ་ཞིང་པ། ཞིང་པ་རེད། རེད་པཱ། ལྟ་དེ་ནས་ཡིན་ན་གཤམ་ལ་ང་ཚོ་ཚགས་པར་རེད་པཱ། ཚགས་པར། ལྟ་ཚགས་པར་ལབ་པ་དང་ལྟ་ད་ལྟ་ང་ཚོ་ག་རེ་གོ་གི་ཡོག་རེད་ཟེར་ན། ཚགས་པར་ལབ་པ་དང་ལམ་སེང་ཨཱ་ནི་ང་ཚོ་ཉིན་རེའི་ཚགས་པར། འོ་ཉིན་རེའི་ཚགས་པར།
  • དེ་འདྲས་ལ་གོ་མཁན་ཡོག་རེད། རེད་པཱ། ཨཱ་ཡང་ང་ཚོ་ཚགས་པར་ལབ་པ་དང་གང་ལྟར་ཁག་གིས་ཚགས་པར་ཟེར་དུས་ཙམ་པ་ག་པར་གོ་གི་ཡོག་རེད་ཟེར་ན། ཚགས་པར་ལབ་པ་དང་། སྤུ་གུའི་ཨཱ་ནི་ལྟད་མོ་བལྟ་ཡག་གི་དེབ་ཆུང་ཆུང་མིའི་གཟུགས་པོ་བྲིས་བཞག་པ། སེམས་ཅན་གྱི་གཟུགས་པོ་བྲིས་བཞག་དེ་འདྲས།
  • ཨཱ་ནི་ལོ་རྒྱུས་བྲིས་བཞག་པ། དེ་འདྲས་ཀྱི་དེབ་ཆུང་ཆུང་དེ་ཚོ་ལའི་ག་རེ་ཟེར་གྱི་ཡོག་རེད་ཟེར་ན། ཨཱ་ནི་ཚགས་པར་ཟེར་གྱི་ཡོག་རེད། རེད་པཱ།
  • ལྟ་དཔེར་ན་ཉིན་རེའི་ཚགས་པར་རེད་པཱ། དེ་བཞིན་གྱི་རི་མོ་བྲིས་བཞག་པའི་ཚགས་པར་ཆུང་ཆུང་འདི་འདྲས། སྤུ་གུ་ལྟད་མོ་བལྟ་ཡག་གི་ཚགས་པར་ཆུང་ཆུང་ཨེ་འདྲས། ཨཱ་ནི་དེ་འདྲས་ལའི་ཨཱ་ནི་ཚགས་པར་ཟེར་གྱི་ཡོག་རེད།
  • རེད་འདའི་ཡིན་ནའི་ང་ཚོ་ཚགས་པར་ཟེར་ཡག་གི་མིང་དེ་ཨཱ་ནི་སྤྱིར་བཏང་ནས་གང་འདྲ་སེ་བྱུང་བ་རེད་ཟེར་ན། ཚགས་པར་ཟེར་ཡག་དེ་ང་རང་ཚོས་ཡིན་ན་སྤྱིར་བཏང་ཡིན་ན་ལྟ་བོད་ལ་ཡཱ་དང་པོ་དང་པོ་ང་རང་ཚོ་ཡིན་ན། བོད་ལ་དང་པོ་དང་པོ་ཙོང་ཁ་པའི་སྐབས་ལ།
  • ཙོང་ཁ་པའི་སྐབས་ལ་ཨཱ་ནི་ག་རེ་ཟེར་ན་ང་ཚོ་ཡིན་ན་ད་ལྟའི་དཔེ་ཆ། ད་ལྟའི་དཔེ་ཆ་འདི་གས་གང་ག་ལོགས་ཡིན་ན་ཨཱ་ནི་ཐོག་མར་ཡིན་ན་ཤིང་གི་སྒང་ལ་ཡི་གེ་བཀོད་བརྒྱབ་བྱས་རེད་པཱ།
  • ཤིང་གི་སྒང་ལ་ཡི་གེ་བཀོད་བརྒྱབ་ནས་ཨཱ་ནི་འདིའི་སྒང་ལ་ཡིན་ན་ཤོག་བུ་སྦྱར་བྱས་ཡིན་ན་ཨཱ་ནི་དཔེ་ཆ་ཡིན་ན་ཨཱ་ནི་སྣག་ཚ་བྱུག་བྱས་ཨཱ་ནི་དཔེ་ཆ་པར་བརྒྱབ་ཀྱི་ཡོག་རེད། རེད་པཱ།
  • འདི་ཡིན་ན་སྲོལ་གཏོད་མཁན་དེ་རྗེ་ཙོང་ཁ་པའི་སྐབས་ལ་སྲོལ་གཏོད་པ་རེད། ཤེས་སོང་ང་། ལྟ་འདི་ང་ཚོ་ཨཱ་ནི་ལྟ་འཛམ་བུ་གླིང་སྒང་ནས་ཨང་དང་པོ་རེད་ཟེར་ངས་བཤད་ཐུབ་མ་རེད་འདའི།
  • ཡིན་ནའི་ང་རང་ཚོ་བོད་ཀྱི་ནང་ལ་ཡིན་ན་ཕ་གིར་ཐོག་མར་ཨཱ་ན་ཕ་གིར་བཟོ་མཁན་དེ་ཙོང་ཁ་པའི་སྐབས་ལ་དུས་ཚོད་འདའི་རེད། ཤེས་སོང་ང་། ་ཙོང་ཁ་པའི་སྐབས་ལ་དུས་ཚོད་འདའི། འདི་ཡིན་ན་འདི་རེད།
  • ལྟ་དེང་སང་ཡིན་ན་ག་རེད་ཟེར་ན། དེང་སང་ག་རེ་བྱེད་ཀྱི་ཡོག་རེད་ཟེར་ན། ལྟ་ཚགས་པར་ཟེར་ཡག་དེ་ཨཱ་ནི་ག་རེད་ཟེར་ན་ཞ་ཉེ། ཞ་ཉེ་ཆུང་ཆུང་ཨེ་འདྲས་ལ་ཡིན་ན་ཨཱ་ནི་ཡི་གེའི་ཕ་གི་ནས་ཚགས་བརྒྱབ་བྱས་རེད་པཱ།
  • ལྟ་ཡི་གེ་ཆུང་ཆུང་ཨེ་འདྲས་ཡིན་ན་ཨཱ་ནི་ཞ་ཉེ་ཚགས་ཀྱི་ཡི་གེ་བརྒྱབ་བྱས་ཨཱ་ནི་འདི་ཚུར་ག་བྱབསྒྲིགས་རེད་པཱ། འདི་ཚུར་བསྒྲིགས་བྱས་ཨཱ་ནི་མང་པོ་བསྒྲིགས་བྱས་ཁོ་འདིའི་སྒང་འདའི་ཤོག་བུ་སྦྱར་བྱས་པར་བརྒྱབ་ཀྱི་ཡོག་རེད། རེད་པཱ།
  • དེ་པར་བརྒྱབ་དུས་ཙམ་ལ་ཁོ་འདའི་ཡཱ་ཡིན་ན་ཚགས་པར་ཚགས་པར་ཟེར་སླེབས་ཡོང་གི་ཡོག་རེད། རེད་པཱ། ཚགས་པར་ཟེར་སླེབས་ཡོང་གི་ཡོག་རེད། བྱས་ཙང་ཚགས་པ་ཟེར་ཡག་གི་མིང་དེ་ཡོང་སྟངས་འོ་འདི་འདྲས་སེ་ཡོང་པ་རེད། རེད་པཱ།
  • ལྟ་དེང་སང་ཡིན་ན་ང་རང་ཚོ་གློག་གི་ཐོག་ནས་བརྒྱབ་ཡོང་གི་ཡོད་རེད། ཡང་འདི་འདྲས་ཞ་ཉེ་དགོས་མ་རེད་འདའི་ལའི། ཡིན་ནའི་མིང་དེ་ད་གར་བསྡད་ཡོག་རེད། རེད་པཱ། ཚགས་པར་ཚགས་པར་ཟེར་ཡག་དེ་ད་གར་བསྡད་ཡོག་རེད།
  • ཨཱ་ནི་ལམ་སེང་ཡིན་ནའི་ཚགས་པར་སེ་ལབ་པ་དང་། ང་རང་ཚོ་གསར་འགྱུར་གཅིག་ལ་གོ་གི་ཡོག་རེ་མ་གཏོགས། གསར་འགྱུར་བྲིས་པའི་ཡི་གེ་ཞིག་ལ་གོ་གི་ཡོག་རེད་མ་གཏོགས། ཚགས་དང་པར་གཉིས་གང་འདྲ་སེ་རེད། གང་འདྲ་སེ་རེད་པཱ། འདི་ཡོག་མ་རེད།
  • པར་ཟེར་ཡག་དེ་ཁོ་མཁྱེན་གྱི་རེད་པཱ། དཔེར་ན་ཚགས་པར་བྱས་པ་རེད་པཱ། ཚགས་པ་པར་ཟེར་ཡག་ཁོ་ར་པར་ར་བརྒྱབ་པའི་དོན་དག་རེད་པཱ། འདི་པར་དེ་ག་རེད་བརྒྱག་པ་རེད། རེད་པཱ། ཞ་ཉེ་ཡི་གེ་ཆུང་ཆུང་འདི་འདྲས་ཚགས་བརྒྱབ་རྒྱོག་འདི་འདྲས་ཀྱིས་པར་བརྒྱབ་རྒྱོག་རེད། རེད་པཱ།
  • འདུག་སེ་བྱས་སླེབས་པ་ཡིན་པ་འདྲ། ལྟ་འོ་འདི་འདི་འདྲས་བཤད་ཀྱི་ཡོག་རེད། རེད་པཱ། བྱས་ཙང་འདིའི་སྒང་ལ་ཡིན་ན་ང་རང་ཚོ་ལྟ་ད་ལྟ་ཁྱེད་རྣམ་ཚོས་ཡིན་གཅིག་མིན་གཅིག་འདི་འདྲས་ཀྱི་བསམ་བློ་གཏོང་དགོས་ཀྱི་མ་རེད།
  • ཚགས་པར་སེ་ལབ་པ་དང་ང་རང་ཚོ་ལྟ་གཅིག་ཉིན་རེའི་ཚགས་པར་། ཤོག་བུ་ཆེན་པོ་འདི་འདྲས་རེད་པཱ། འདི་འདྲས་ལ་ཡིན་ན་ཨཱ་ནི་ནེའུ་སི་པེ་པར་(ཚགས་པར་)ཡིན་ནའང་འདྲ། རེད་པཱ།
  • དེ་འདྲས་ལ་སྐད་ཆ་གོ་ན་འགྲིག་གི་རེད། རེད་པཱ། ཐད་ཀར་ད་གར་གོ་བཞག་ན་འགྲིག་གི་རེད། རེད་པཱ། དེ་ཚོ་ལྟ་ད་ག་ཞོར་ལ་ཨཱ་ནི་ལྟ་བཤད་ཡག་ཞིག་རེད་མ་གཏོགས། གཞན་དག་གལ་མི་འདུག་རེད་པཱ།
  • དེ་ནས་ཡིན་ན་ཞྭ་མོ། ཞྭ་མོ་དང་དབུ་ཞྭ། ལྟ་འདི་ནི་ཤེས་ཀྱི་རེད། རེད་པཱ། ཞྭ་མོ་དང་། དབུ་ཞྭ་དང་། རེད་པཱ། ཨཱ་འི་རྐུབ་ཀྱག་རེད་པཱ། རྐུབ་ཀྱག་ནི་ཤེས་ཀྱི་རེད། རེད་པཱ།
  • རྐུབ་ཀྱག ཞབས་ཀྱག ཞེ་ས་བྱས་ན་ཞབས་ཀྱག ཅོག་རྩེ། ཨཱ་ནི་རེད་པཱ། ཅོག་རྩེ་བྲིས་སྟངས་གཉིས་བྲིས་ཤག རེད་པཱ། གསོལ་ལྕོག་རེད་པཱ། གསོལ་ལྕོག
  • ལྟ་དེ་ཚོ་གང་ག་དཔེར་ན་ལྷ་སའི་ནང་ལོགས་ལ་སྐད་ཆ་བཤད་སྟངས་བྱས་པ་ཡིན་ན་དཔེར་ན་ལྕོག་རྩེ་ཟེར་དུས་ཙམ་པ་གང་འདྲས་ཤིག་ཡོག་རེད་རེད་པཱ།
  • ཅོག་རྩེ་ཟེར་དུས་ཙམ་པ་ཡིན་ན་སྤྱིར་བཏང་དགོན་པའི་ནང་ལ་མང་པོ་ཞེ་དྲགས་ཡོག་རེད། ཅོག་རྩེ་དེ་རེད་པཱ། དཔེར་ན་གྲྭ་པ། གྲྭ་པ་ལ་ཡིན་ན་ཁོ་རང་མི་གཅིག་བྱས་གྲྭ་ཤག་ཆུང་ཆུང་བྱས། རེད་པཱ།
  • ཆ་རྐྱེན་མང་པོ་ཡག་པོ་དགོས་ཡག་མི་འདུག རེད་པཱ། བྱས་ཙང་ཡིན་ན་ཕོར་པ་བཞག་ས་གཅིག་དང་། དཔེ་ཆ་བཞག་ས་ཞིག་བྱུང་ན་འགྲིག་གི་འདུག རེད་པཱ།
  • བྱས་ཙང་ཅོག་རྩེ་བྱས་བྱས་གཅིག་ཆུང་ཆུང་རེད་པཱ། གྲུ་བཞི་ཆུང་ཆུང་རིང་པོ་ཞིག་དམའ་པོ་ཞིག་རེད་པཱ། གྲུ་བཞི་ཆུང་ཆུང་ཨཱ་མོ་ཕ་པོ་[ཕྲ་པོ་]རིང་པོ་ཞིག་དམའ་པོ་ཞིག་བྱས་ཡག་ཡོག་རེད་པཱ། འདའི་ཡཱ་ང་ཚོ་ཅོག་རྩེ་ཅོག་རྩེ་ཟེར་ལབ་པའི་ལུགས་སྲོལ་ཡོག་རེད། རེད་པཱ།
  • ལྟ་དེ་ནས་རྒྱ་ཅོག་ཟེར་ཡག་གཅིག་ཡོག་རེད་པཱ། རྒྱ་ཅོག་ལྟ། རྒྱ་ཅོག་ཟེར་ལབ་དུས་འདའི་རྒྱ་ཆེན་པོའི་དོན་དག རྒྱ་འདི་འདྲས་སེ་བྲིས་རེད་པཱ།
  • ཨཱ་རྒྱ་ཅོག་ཟེར་དུས་ཙམ་པ་ཅོག་རྩེ་ལས་ག་རེ་ཡོག་རེད་ཡར། མཐོ་ཙམ་ཞིག་རེད་པ། འོ་ཅོག་རྩེ་ལས་རྒྱ་ཆེ་ཙམ་བྱས་རེད་པཱ། གྲུ་བཞི། གྲུ་བཞི་གྲུ་རྐྱང་བྱས་ཨཱ་ནི་རྒྱ་ཆེན་པོ་རེད་པཱ།
  • ཅོག་རྩེ་ཟེར་དུས་ཕ་པོ་གཅིག་ལ་རིང་ཐུང་བྱས་པ་དམའ་པོ་ཙམ་ལས་ཡོག་མ་རེད། རེད་པཱ། རྒྱ་ཅོག་ཟེར་དུས་ཙམ་པ་རྒྱ་ཆེན་པོ་གཅིག་གི་ཡིན་ན་གྲུ་བཞི་གཅིག་ལ་མཐོ་སང་སང་གཅིག་ཡོག་རེད།
  • ལྟ་གང་ལྟར་ང་ཚོ་འདིའི་སྒང་ལ་གང་རེད་ཟེར་ན། ཁ་ལག་བཟའ་ས། ཕོར་པ་བཞག་ས། རེད་པཱ། ང་ཚོ་བོད་རིགས་ཀྱི་ཕོར་པ་བཞག་ས་དང་ཁ་ལག་བཟའ་ས་གང་ག་བེད་སྤྱོད་བྱེད་ཀྱི་ཡོག་རེད། རེད་པཱ། འོ་འདི་རེད།
  • བྱས་ཙང་འདའི་ཡིན་ན་ཨཱ་ནི་རྒྱ་ཅོག་ཟེར་གྱི་ཡོག་རེད། རེད་པཱ།
  • བྱས་ཙང་ཅོག་རྩེ་དང་རྒྱ་ཅོག་གཉིས་བར་ལ་ཁྱད་པར་དེ་འདྲས་ཤིག་བཞག་གི་ཡོག་རེད། རེད་པཱ། ལྟ་དེ་ནས་ང་རང་ཚོ་རྒྱ་སྐད་ནང་ལ་སྒྲོག་རྩེ་ཟེར་མཁན་ཨེ་འདྲས་ཡོག་རེད། རེད་པཱ།
  • ལྟ་སྒྲོག་རྩེ་ཟེར་ཡག་དེ་ཚོ་ང་ཚོ་བོད་སྐད་ལའི་སྒྲོག་རྩེ་ཚུར་སྦྱར་བསྡད་ཡོག་རེད། རེད་པཱ།
  • ལྟ་སྒྲོག་རྩེ་ཟེར་དུས་ཙམ་པ་ཨཱ་ནི་སྤྱིར་བཏང་ནས་གཅིག་ཡི་གེ་བྲིས་ས་རེད་པཱ། གཞུང་ལས་ཁང་ནང་ལ་ལྟ་གཅིག་དེབ་ཤ་སྟག་བཞག་ས་རེད་པཱ།
  • གཅིག་ཡར་པ་མཐོ་པོ་ཡོད་བསྡད་པ་རེད་པཱ། རྒྱ་ཆེ་པོ་ཡོད་བསྡད་པ་རེད་པཱ། དེ་འདྲས་བཟོ་ལྟ་ལ་ཡིན་ན་ཨཱ་ནི་ཕ་གིར་སྒྲོག་རྩེ་སྒྲོག་རྩེ་ཟེར་གྱི་ཡོག་རེད། རེད་པཱ། སྒྲོག་རྩེ་སྒྲོག་རྩེ་ཟེར་གྱི་ཡོག་རེད། རེད་པཱ།
  • ལྟ་དེ་ནས་ཡིན་ན་དཔེར་ན་སྒྲོག་རྩེ་འོ། ལྟ་གསོལ་ཅོག ལྟ་གསོལ་ཅོག གསོལ་ཟེར་དུ་གང་རེད་ཟེར་ན། གསོལ་ཆས་བཞག་སའི་ཅོག་རྩེ་བྱས་པ་རེད་རེད་པཱ།
  • གསོལ་ཆས། ལྟ་གསོལ་ཆས་ཟེར་དུས་ཙམ་ལ་ག་རེ་ཟེར་གྱི་ཡོག་རེད་གང་ག་གོ་གི་རེད། གསོལ་ཆས་ཟེར་ན་ཨཱ་ནི་ཇ་ལའི་གོ་གི་རེད། ཆང་ལའི་གོ་གི་རེད། ཁ་ལག་ལའི་གོ་གི་རེད། རེད་པཱ། དེ་ཚོ་གང་ག་གོ་གི་ཡོག་རེད་པཱ།
  • བྱས་ཙང་ཅོག་རྩེ་འདིའི་གང་ག་རེ་བཞག་གི་ཡོག་རེད་ཟེར་ན། ཨཱ་ནི་ཇ་རེད་པཱ། ཆང་། ཁ་ལག་རེད་པཱ། གསོལ་ཆས་སྒྲིག་གི་ཡོད་བཞག་ས་སོང་ཨཱ་ནི་ཁོ་གསོལ་ལྕོག་ལབ་པ་རེད། རེད་པཱ། གསོལ་ཆས་བཞག་སའི་ཅོག་རྩེ་འོ་འདུག་སེ་སླེབས་ཡོང་གི་ཡོག་རེད།
  • ལྟ་འཛིན་གྲྭ ལྟ་འཛིན་གྲྭ་ནི་ང་ཚོ་ཤེས་ཀྱི་རེད། སློབ་སྦྱོང་བྱེད་སའི་འཛིན་གྲྭ་རེད་པཱ། འོ་འདི་འདྲས་སེ་རེད། བྱས་ཙང་དེ་རིང་ང་རང་ཚོ་འདིའི་ནང་ལོགས་ལ་ཡཱ་ཡིན་ན་ཨཱ་ནི་སློབ་ཚན་གཉིས་པ་འདིའི་ནང་ལོགས་ནས་ཡིན་ན་ཨཱ་ནི་ཚིག་གསར་འདི་འདྲས་ཤིག་རེད་ཤག རེད་པཱ།
  • གཙོ་བོ་ཤེས་དགོས་ཡག་དེ་ཨཱ་ནི་འོ་ལྟ་པས་དང་། གས་དང་། རེད་པཱ། ངས་དང་། ཚོ་དང་། སུ་དང་། འདི་གས་ཀྱི་བེད་སྤྱོད་བྱེད་སྟངས་ཡིན་ན་བཤད་ཡོག་རེད་ལ།
  • འདི་ནང་ལ་མ་གཞི་ཨཱ་ནི་ཞེ་དྲགས་མང་པོ་བཤད་ཡག་ཡོག་རེད། རེད་པཱ། ཡིན་ནའི་ང་ཚོ་སློབ་ཚན་དང་ཐད་ཀར་ཨཱ་ནི་འབྲེལ་བ་ཡོད་བསྡད་པ་དང་། རེད་པཱ།
  • ཨཱ་ནི་ཏིག་ཙམ་གལ་ཆེན་པོའི་ཐོག་ནས་ཡིན་ན་ཨཱ་ནི་གསལ་བཤད་ཏིག་ཙམ་ཏིག་ཙམ་བྱས་ཡོག་རེད། རེད་པཱ། ཡང་དེ་མ་ཡིན་པའི་བཤད་དགོས་ཡག་མང་པོ་ཡོག་རེད་འདའི་ཡིན་ནའི་ལྟ་ང་ཚོ་གཤམ་ལ་ཡཱ་སྐབས་ཐོག་སྐབས་ཐོག་འདོན་ཡོང་གི་རེད་རེད་པཱ།
  • འདི་འདོན་དུས་ཙམ་ལ་ཡིན་ན་ང་ཚོ་ཞེ་དྲགས་བཤད་ཆོག་གི་རེད་ཟེར། རེད་པཱ། བྱས་ཙང་དེ་རིང་ང་ཚོ་སློབ་ཚན་གཉིས་པ་འདི་བཤད་མཚམས་འདི་འདྲས་ཤིག་ལ་བཞག་གི་ཡིན། རེད་པཱ།