Video Overview
Dorji Tshering, 87 years old, from Radhi Gewog, Trashigang, shares about how he learned the skills of treating bones and joints. He served in animal husbandry for twenty-five years, treating animals. He learned these skills during the time of second king, Jigme Wangchuk. During that time, Trashigang District was ruled by a Dzongpon named Prince Dhopola. There was a powerful elder known as Mimi Tapoen, who was an expert in treating bones and joints. He approached Tapoen and was taught those skills.
- Radhi
- Trashigang
- རྡོ་རྗེ་ཚེ་རིང་ Dorji Tsheringའབྲུག་རྒྱལ་གཉིས་པའི་སྐབས་ལུ་ ད་ལྟོ་ནཱ་བཀྲ་ཤིས་སྒང་རྫོང་དཔོན་སྲས་དོ་པོ་ལ་ཟེར་བཞུགས་སྡོད་ནུག དེ་བསྒང་ལུ་ ནཱ་རྟ་དཔོན་ཟེར་འབོ་མི་ ད་ལྟོ་ ང་རྐང་ལག་བཅོ་ནི་གི་སྟོན་འབྱིན་མི་ མེས་མེས་རྟ་དཔོན་ཟེར་ ཁོ་དང་འ་ནཱི་འགྱོཝ་ད་ལུ་ ཁོ་དང་གཅིག་ཁར་ཕྱག་ཞུ་འགྱོཝ་ད་ལུ་ དེ་ལས་འ་ནཱ་ལས་ འབྲུག་རྒྱལ་གཉིས་པའི་སྐབས་ལུ་ སྲས་དོ་པོ་ལ་འདི།
- རྡོ་རྗེ་ཚེ་རིང་ Dorji Tsheringནཱ་ལུ་ཤུགས་ཁོ་ཡང་ ཤུགས་ཅན་ཨིནམ་འོང་ཏེ་ རྫོང་ཁག་གི་རྫོང་དཔོན་འབད་དེ་བཞུགས་པའི་སྐབས་ལུ་ འ་ནཱ་ལས་ཡར་ ནཱ་མེས་མེས་ཀྱི་ མེས་མེས་གཅིག་ཁར་ཕྱག་ཞུ་སྦེ་ དེ་ལས་ཨ་ལོའི་སེམས་ཟེར་དགའ་དགའཝ་མས་ཏེ་ མར་སོང་ ཆ་རོགས་འབད་འགྱོ་ཡི་འགྱོ་ཡི་ ཏེ་ང་རྐང་ལག་ཆག་མི་(རྐང་ལག་ཆག་ཆགཔ་བཅོ་ནི་)ཚུ་ཡང་ དེ་བསྒང་ལྷབ་ཅི་ ཏེ་དེ་བསྒང་ འབྲུག་རྒྱལ་གཉིས་པའི་སྐབས་ལུ།
- རྡོ་རྗེ་ཚེ་རིང་ Dorji Tsheringསྲས་དོ་པོ་ལ་བཞུགས་པའི་སྐབས་ལུ་ ཏེ་ཡར་ འབྲུག་རྒྱལ་གཉིས་པ་གིས་ མར་སྒརཔ་བཏང་སྟེ་ ཏེ་སྒརཔ་བཏངམ་ད་ལུ་ ནཱ་ལས་ ནཱ་ལས་ཡར་ རྒྱ་ཚ་མིན་རུ་སྦེ་ ཁྲ་པ་མོ་རུ་སྦེ་ ཏེ་དྲེལ་རུ་སྦེ་ འབག་ཡི་བ་ཏེ་ཡར་ ཆད་ཡར་ལས་སྒརཔ་བཏང་སྟེ་ འབགཔ་ད་ལུ་ ད་ མེས་མེས་དང་གཅིག་ཁར་ཕྱག་ཞུ་སྟེ་ཕར་ ལྕགས་ཟམ་ཚུན་ཚོད་སོང་ཡི་ཏེ་ང་བཅས་ཀྱིས་ཡང་།
- རྡོ་རྗེ་ཚེ་རིང་ Dorji Tsheringསེམས་ཅན་ཚུ་བདའ་རོགས་འབད་དེ་ དེ་བསྒང་ལུ་འདི་ སྣུམ་འཁོར་ལམ་འདིནི་མེད་ [མེ་ས་ཁར་ཚུན་ཚོད་རང་?] ནཱ་ལས་ ཡར་གྱི་ལམ་ལས་བདའ་འབག་སྟེ་ བསྐྱེལ་ཡི་བ་ཏེ་ཡར་ ཡར་ལུ་ དཔོན་སྲས་དོ་པོ་ལ་འདི་ཡར་ལྟ་སྟེ་ འབྲུག་རྒྱལ་གཉིས་པ་གིས་འོང་དགོ་ཟེར་བཀའ་གནང་སྟེ་ ད་ལྟོ་ ཏེ་ཡར་བྱོན་སྦེ་ ཡར་ད་ལྟོའི་དབང་ཆོས་གླིང་ལུ་བཞུགས་སར་ དཔོན་ཕར་འབྱོན་སྦེ་ ཏེ་ཕྱག་དབང་ལུ་ མ་བཙུགས་པས་ཏེ་ཡར།
- རྡོ་རྗེ་ཚེ་རིང་ Dorji Tsheringའབྲུག་རྒྱལ་གཉིས་པ་གིས་ དབང་ཚད་ ནཱ་གི་ ཁོ་གི་སྦྱིན་བདག་ཨིནམ་བ་ཏེ་ ད་ལྟོ་སྐྱ་གླིང་ཤོང་ཕུ་ ཡོད་སྦི་ནང་ དེ་ལས་ བསམ་མཁར་ རང་ཤིང་མཁར་ བཀྲ་ཤིས་སྒང་སྤམ་ ག་ར་གཞན་ག་ཅི་ཡང་མི་ཕོག་བ་ཏེ་ཁོང་ཚུ་ ད་ལྟོ་ འུར་ལཱ་དམངས་ཐཱན་ག་ཅི་ཡང་མི་ཕོག་ ཏེ་ མང་ཐཱན་གྱི་ལཱ་རྐྱངམ་ཅིག་ཕོག་འོང་ ད་ལྟོ་ནཱ་ རང་འབྱུང་གི་ འ་ནཱ་ལཱ་འབད་ནི་རྐྱངམ་ཅིག་ཕོག་འོང་ རང་འབྱུང་དང་སྦུག་ན་ འ་ནཱི་ཆུ་ཞིང་ འ་ནཱི་ལཱ་རྐྱངམ་ཅིག་འབད་འོང་ཁོང་ཚུ།
- རྡོ་རྗེ་ཚེ་རིང་ Dorji Tsheringལཱ་ཁག་ཚུ་ག་ར་ནཱ་སྐྱ་གླིང་ཤོང་ཕུཔ་ཚུ་གིས་འབད་འོང་ ཡོད་སྦི་ནང་པ་གིས་ དེ་ལས་ ལྕང་ལཱ་ཚུ་ག་ར་ མར་བསམ་མཁར་པ་དང་ རང་ཤིང་མཁར་པ་ བཀྲ་ཤིང་སྒང་སྤམ་པ་གིས་འབད་འོང་ དེ་བསྒང་ལུ་ ལཱ་མར་ལས་ ལྕང་ལཱ་འབད་བར་འོངམ་ད་ལུ་ ཏེ་མར་ལས་ ཁོང་ལས་མི་མ་ལངས་པར་ ང་བཅས་ཚུ་ལཱཔ་འཚོལ་ཏེ་ ནཱ་ལས་ཕར་འགྱོ་འོང་ཏེ་ལཱ་སར་ དེ་བསྒང་ལུ་འདི་ བོད་བཀྲམ་རེ་རེ་རྐྱངམ་ཅིག་ཨིན་གླ།
- རྡོ་རྗེ་ཚེ་རིང་ Dorji Tsheringབོད་བཀྲམ་རེ་རེ་བྱིན་ཏེ་ གླ་བྱིན་ཏེ་ འ་ནཱི་ ནཱ་ད་ལྟོ་ རེད་བསྡུ་སྟེ་ རེད་སྐམ་སྟེ་ ཆུམ་བཟོ་ འ་ནཱི་ཚུ་ག་ར་ ཡར་ཚོང་ནང་བཙུགས་འོང་བ་ཏེ་ ད་ལྟོ་ མར་འགྲིམ་དཔོན་བསོད་ནམས་ཟེར་ཡོད་མེན་ན་ཏེ་ འ་ནཱི་གི་ ཨ་པ་གི་བསྒང་ལུ་ ཨ་པ་གི་ཨ་པ་ཨིན་མས་ ཁོའི་ཨ་པ་འདི་ ཨོ་རྒྱན་དབང་འདུས་ཟེར་སླབ་འོང་བ་ འ་ནཱི་གི་ཨ་པ་གི་ཨ་པའི་བསྒང་ལུ་ ཡར་ལྟ་ཚོང་དཔོན་ཟེར།
- རྡོ་རྗེ་ཚེ་རིང་ Dorji Tsheringཡར་ལས་ཡར་འབག་ དེ་ལས་ ཡར་ལས་མར་ལྟ་ཚྭ་བཏོན་འབག་ ཚྭ་དང་ དེ་ལས་ སྟར་གོ་ཚུ་ དེ་ལས་འ་ནཱི་བཟུམ་ ཉ་འ་ནཱི་བཟུམ་འབག་དེས་བ་ ཡར་ལས་མར་ ནཱ་ལས་ཡར་ཆུམ་འབག་སྟེ་ ཆུམ་དྲེལ་ཚུ་ལུ་བཀལ་ཏེ་ ཡར་འབག་ འབག་སྟེ་ དེ་ལས་ནཱ་ལུ་ བཀྲ་ཤིས་སྒང་དཔོན་གྱིས་འཆམ་རྐྱབ་ད་ སྟར་གོ་འདི་ ཏེ་བོད་བཀྲམ་དང་སོར་འབག་འབགཔ་ སྟར་གོ་འདི།
- རྡོ་རྗེ་ཚེ་རིང་ Dorji Tsheringཡར་ འ་ནཱ་བལྟ་གཟིགས་ལས་མར་ལྟ་སྟེ་ སྟར་གོ་ཚུ་བཀོ་འོང་སྟེ་མར་ལྟ་སྟེ་ འཆམ་རྐྱབ་པའི་སྐབས་ཐང་ནང་ འ་ནཱི་ག་ཐོབ་རྐྱབ་འོང་ཏེ་བླ་་་་་་་ དེ་བསྒང་འདི་ གཞོནམ་སྡོད་ཅི་ཏེ་ང་བཅས་ ག་ཐོབ་རྐྱབ་སྟེ་ མགུ་ཏོ་དང་མགུ་ཏོ་ཕོག་འོང་ཏེ་ ག་ཐོབ་རྐྱབ་སྦེ་བསྡུཝ་ད་ དེ་ལས་བགའ་སྟེ་ དེ་ལས་འ་ནཱ་ལས་བོད་བཀྲམ་བཀོ་འོང་ཏེ་ཡར་མར་ལྟ་ བོད་བཀྲམ་[དབུར་ཀ་?]ལས་བཏོན་ཏེ།
- རྡོ་རྗེ་ཚེ་རིང་ Dorji Tsheringབོད་བཀྲམ་མར་ རྡོ་གཅལ་གུ་ སོར་བཏང་བཀོཝ་ད་ལུ་ བོད་བཀྲམ་ག་ཐོབ་རྐྱབ་ད་ལུ་ ཏེ་མགུ་ཏོ་དང་མགུ་ཏོ་འཕྱད་དེ་བརྒྱལ་འགྱོ་ བོད་བཀྲམ་འཐུ་ནི་རང་དབང་མེད་ དཔོན་ཐལ་རྩེ་བརྡུངས་ཏེ་ ཞལ་བགད་བཞེས་འོང་ཏེ་ཡར་ དེ་བསྒང་ལུ་ ང་གིས་བོད་བཀྲམ་གཅིག་འབད་མི་ཅིག་ཐོབ་ཅི་ང་གིས་ཡང་ འ་ནཱི་སྦུག་ལས་ཕར་ཨེབ་འགྱོ་སྦེ་ ཤུགས་ཅན་སྡོད་ཡི་བ་ཏེ་བཀྲ་ཤིང་སྒང་དཔོན་རང་ཟེར།
- རྡོ་རྗེ་ཚེ་རིང་ Dorji Tsheringསྲས་དོ་པོ་ལ་རང་ཟེར་ གདོང་སྒོར་སྒོར་སྦེ་ གཟུགས་ཨ་ཙི་ཅིག་ཐུང་ཀུ་སྦེ་ འ་ནཱ་འབྲུག་རྒྱལ་གཉིས་པའི་སྐབས་ལུ་ དེ་སྦེ་ཕྱག་ཞུ་སྟེ་ སྡོད་ནུག ད་ལྟོ་ ང་བཅས་ཀྱི་མེས་མེས་ ང་ལུ་སྟོན་བྱིན་མི་མེས་མེས་འདི་ རྟ་དཔོན་ཟེར།། །།