Skip to main content Skip to search
25 Jun 2018
5 min 48 sec
Video Overview
Creators: 
Duptho, Sonam Chophel

Pema Yangzom of Yabrang village sings “Chorten Laso,” a song she learned from her mother Pema Lhadon. The lyrics refer to the consecration of religious structures by lamas, the astrologers' choice of relevant dates to initiate the construction, and an homage to the mythological craftsman master Zow Beshu Karma for being skillful in architectural design. The song is sung at groundbreaking and consecration ceremonies of monasteries, temples, stupas, palaces, fortresses and houses. It is sung to create a positive interconnection, or tendrel, either individually or in groups, in which case there can be an accompanying dance. 

༉  བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཡབ་རང་ལས་ པདྨ་དབྱངས་འཛོམས་ཀྱིས་ གླུ་གཞས་མཆོད་རྟེན་ལགས་སོ་ས་གཞི་ལ་མཁན་ ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་གི་འབྱུང་ཁུངས་དང་བརྩམ་པ་པོ་ཚུ་མ་ཤེས་ཏེ་འབད་རུང་ མོ་རའི་ཨའི་པདྨ་ལྷ་སྒྲོན་ལས་ལྷབ་ལྷབ་ཨིན་པས། གླུ་གཞས་འཐེན་ནི་གི་གནས་སྟངས་འབད་བ་ཅིན་ ལྷ་ཁང་དང་མཆོད་རྟེན་ཁྱིམ་ལ་སོགས་པ་རབ་གནས་འབད་བའི་སྐབས་ལུ་འཐེན་ནི་གི་ཨིན་མས། དེ་སྦེ་འཐེན་དགོ་མི་དེ་ཡང་ མཆོད་རྟེན་ཅིག་བཞེངས་པའི་སྐོར་ལས་ཨིནམ་ད་ མཆོད་རྟེན་དེ་ ག་ཏེ་གི་མཆོད་རྟེན་ཨིན་ན་ དེ་ཡང་ངོས་འཛིན་འབད་ཚུགས། ཨིན་ས་ཅིག་རུང་ མཆོད་རྟེན་བཞེངས་མི་དེ་ གུ་རུ་རིན་པོ་གིས་གཙོས་པའི་རྩ་ཅན་གྱི་བླམ་ཚུ་གི་མཚན་ཚུ་འཐོན་ནི་འདུག

Transcript search
No results found for this search
0 of 0
  • པདྨ་དབྱངས་འཛོམས་
    Pema Yangzom: མཆོད་རྟེན་ལ་སེ་ས་གཞི་ལ་མཁན། །མཆོད་རྟེན་ལ་སེ་ས་གཞི་ལ་མཁན། །སྭོ་ཡ་ལ་ རྩིས་པ་འཕགས་པ་འཇམ་དཔལ། །སྭོ་ཡ་ལ་ རྩིས་པ་འཕགས་པ་འཇམ་དཔལ། །
  • པདྨ་དབྱངས་འཛོམས་
    Pema Yangzom: མཆོད་རྟེན་ལ་སེ་རྨང་རྡོ་ཐུབ་མཁན། །མཆོད་རྟེན་ལ་སེ་རྨང་རྡོ་ཐུབ་མཁན། །སྭོ་ཡ་ལ་ བཟོ་བོ་བི་ཤྭ་ཀརྨ། །སྭོ་ཡ་ལ་ བཟོ་བོ་བི་ཤྭ་ཀརྨ། །
  • པདྨ་དབྱངས་འཛོམས་
    Pema Yangzom: མཆོད་རྟེན་ལ་སེ་བང་རིམ་ལ་སྒྲིག་མཁན། །མཆོད་རྟེན་ལ་སེ་བང་རིམ་སྒྲིག་མཁན། །སྭོ་ཡ་ལ་ མཁས་པ་བེ་རོ་ཙ་ན། །སྭོ་ཡ་ལ་ མཁས་པ་བེ་རོ་ཙ་ན། །
  • པདྨ་དབྱངས་འཛོམས་
    Pema Yangzom: མཆོད་རྟེན་ལ་སེ་ཟུར་བཞི་ཕྲང་མཁན། །མཆོད་རྟེན་ལ་སེ་ཟུར་བཞི་ཕྲང་མཁན། །སྭོ་ཡ་ལ་ བཟོ་བོ་བི་ཤྭ་ཀརྨ། །་སྭོ་ཡ་ལ་ བཟོ་བོ་བི་ཤྭ་ཀརྨ། །
  • པདྨ་དབྱངས་འཛོམས་
    Pema Yangzom: མཆོད་རྟེན་ལ་སེ་སྲོག་ཤིང་ཕུལ་མཁན། །མཆོད་རྟེན་ལ་སེ་སྲོག་ཤིང་ཕུལ་མཁན། །སྭོ་ཡ་ལ་ རྩིས་པ་འཕགས་པ་འཇམ་དབྱངས། །སྭོ་ཡ་ལ་ རྩིས་པ་འཕགས་པ་འཇམ་དབྱངས། །
  • པདྨ་དབྱངས་འཛོམས་
    Pema Yangzom: མཆོད་རྟེན་ལ་སེ་ཉི་ཟླ་བཀལ་མཁན། །མཆོད་རྟེན་ལ་སེ་ཉི་ཟླ་བཀལ་མཁན། །སྭོ་ཡ་ལ་ ལྷ་ལྕམ་མན་ད་ར་བ། །ལྷ་ལྕམ་མན་ད་ར་བ། །
  • པདྨ་དབྱངས་འཛོམས་
    Pema Yangzom: མཆོད་རྟེན་ལ་སེ་སྐུ་དཀར་ཕུལ་མཁན། །མཆོད་རྟེན་ལ་སེ་སྐུ་དཀར་ཕུལ་མཁན། །སྭོ་ཡ་ལ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། །སྭོ་ཡ་ལ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། །
  • པདྨ་དབྱངས་འཛོམས་
    Pema Yangzom: མཆོད་རྟེན་ལ་སེ་རབ་གནས་གནང་མཁན། །མཆོད་རྟེན་ལ་སེ་རབ་གནས་གནང་མཁན། །སྭོ་ཡ་ལ་ གུ་རུ་པདྨ་འབྱུང་གནས། །སྭོ་ཡ་ལ་ གུ་རུ་པདྨ་འབྱུང་གནས། །
  • པདྨ་དབྱངས་འཛོམས་
    Pema Yangzom: ལགས་སོ།། །།