Skip to main content Skip to search
28 Jun 2018
14 min 29 sec
Video Overview
Creators: 
Rinchen Dorji, Khandu, Sonam Chophel, Rinchen Dorji

Aum Chimi Dema and Pema from Lhangmikha village under Paro district sang “Labay Labay”. There are few lyrics to the song, but the melody helps make the song longer. It is an auspicious song, describing the meeting place between the high sky, sun and moon as auspicious and without the dangers of bad deeds. It also describes the sacred place of Dorjiden (Bodhgaya) where thousands of masters were enlightened, and from where Buddha dharma flourishes all over the world. The lyrics of the song glorifies Paro and the sacred Paro Rinpung Dzong. Thus, the song aspires for happiness and to meet time again and again in those sacred places without misfortunes. These auspicious songs are unsually sung during important occasions.

 

སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ གླང་མིག་ཁ་གཡུས་ཚན་ལས་ ཨམ་འཆི་མི་སྒྲོལ་མ་དང་ པདྨ་གཉིས་ཀྱིས་ ལེགས་པས་ལེགས་པས་ཟེར་ བཀྲིས་པའི་གླུ་གཞས་འདི་འཐེནམ་ཨིནམ་ད་ འདི་གི་ཚིག་འདི་ གནམ་མེད་ས་མེད་ཐུང་ཀུ་ཨིན་རུང་ གདངས་གིས་སྦེ་གིས་སྦེ་རིངམོ་བཟོཝ་མས། གླུ་གཞས་འདི་ནང་ གནམ་དང་ཉིམ་ཟླ་བའི་སྐོར་ལས་ འགྲེལ་བཤད་རྐྱབ་མ་ཚད་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ བླམ་དགེ་བའི་བཤེས་གཉེན་ སྟོང་ཕྲག་ལས་བཅད་དེ་ སངས་རྒྱས་ས་དང་ འཛམ་གླིང་ཀུན་ཏུ་ དམ་པའི་ཆོས་དར་ཁྱབ་གནང་སའི་ གནས་ཆེན་རྡོ་རྗེ་གདན་གྱི་སྐོར་ལས་ཡང་ འགྲེལ་བཤད་རྐྱབ་མས། ད་རུང་གླུ་གཞས་འདི་ནང་ སྤ་རོ་རིན་སྤུངས་རྫོང་དང་ ས་གནས་ཚུའི་སྐོར་ལས་བསྟོད་པ་རྐྱབ་ཏེ་ ད་ལས་ཕར་ཡང་ རྐྱེན་དང་བར་ཆན་མེད་པར་ གནས་ཁྱད་པར་ཅན་འདི་ཚུ་ནང་ ལོག་ཞལ་ཡང་ལས་ཡང་དུ་ ཞལ་དངོས་སུ་མཇལ་བཅུག་ཟེར་ སྨོན་ལམ་བཏབ་མས། 

 

Transcript search
No results found for this search
0 of 0
  • འཆི་མེད་སྒྲོལ་མ་དང་ པདྨ་
    ཨ་ལེགས་པས་ལེགས་པས་ལེགས་པས་ས་དབའི། །ཨ་ལེགས་པའི་ཕྱོགས་ལས་ཞུ་ཆེ་གེ །ཞུ་ཆེ་གེ Aa...good, good, its very good oy! Aaa......Will say from a good side. Will say...
  • འཆི་མེད་སྒྲོལ་མ་
    དགུང་མཐོ་བའི་བཀྲ་ཤིས་དབའི་རྩེ་མོ་ལས་དབའི། །ལྷ་ལ་ཉིན་ཟླ་ཟུང་གཅིག་དབའི་བཀྲ་ཤིས་པས། །བཀྲ་ཤིས་པས། Oy! from the top of the auspicious high sky, the god is as auspicious as the sun and a moon. Is auspicious
  • པདྨ་
    ཨ་ལེགས་པས་ལེགས་པས་དབའི་ལེགས་པས་ས་དབའི། །ཨ་ལེགས་པའི་ཕྱོགས་ལས་དབའི་ཞུ་ཆེ་གེ །ཞུ་ཆེ་གེ Aa...good, good, its very good oy! Aaa......Will say from a good side. Will say...
  • འཆི་མེད་སྒྲོལ་མ་
    ལས་ནག་པོའི་གཟའ་གིས་མ་འཛིན་པར་དབའི། །དཀར་སངས་(གསལ་)གསལ་ཟླ་མནན་པའི་དབའི་བཀྲ་ཤིས་ཤོག། བཀྲ་ཤིས་ཤོག Without being seized by the dangers of bad deeds, may there occur an auspicious day suppressing the bad day with a bright pure white moon. May there occur an auspicious day......
  • པདྨ་
    ཨ་ལེགས་པས་ལེགས་པས་དབའི་ལེགས་པས་ས་དབའི། །ཨ་ལེགས་པའི་ཕྱོགས་ལས་དབའི་ཞུ་ཆེ་གེ །ཞུ་ཆེ་གེ Aa...good, good, its very good oy! Aaa......Will say from a good side. Will say...
  • འཆི་མེད་སྒྲོལ་མ་
    གཡུས་རྡོ་རྗེ་གདན་གྱི་གཡུས་རྒྱབ་ན་དབའི། །ས་ལ་པདྨ་འདབ་བརྒྱད་གཡང་ཆགས་པས། །གཡང་ཆགས་པས། Oy! In the village behind of Dorji Den(Bodha Gaya), flourished a auspicious beautiful lotus in the land. Flourished.....
  • པདྨ་
    ཨ་ལེགས་པས་ལེགས་པས་དབའི་ལེགས་པས་ས་དབའི། །ཨ་ལེགས་པའི་ཕྱོགས་ལས་དབའི་ཞུ་ཆེ་གེ །ཞུ་ཆེ་གེ Aa...good, good, its very good oy! Aaa......Will say from a good side. Will say...
  • འཆི་མེད་སྒྲོལ་མ་
    གནས་རྡོ་རྗེ་གདན་གྱི་༼༼དགོད་བྲོ་༽༽ཁར་དབའི། །གནས་ལ་༼༼ལུང་སྒྱུར་ཐོབ་དགོ་དབའི་འོག་གི་ལོ། །འོག་གི་ལོ།༽༽ At the
  • པདྨ་
    ཨ་ལེགས་པས་ལེགས་པས་དབའི་ལེགས་པས་ས་དབའི། །ཨ་ལེགས་པའི་ཕྱོགས་ལས་དབའི་ཞུ་ཆེ་གེ །ཞུ་ཆེ་གེ Aa...good, good, its very good oy! Aaa......Will say from a good side. Will say...
  • འཆི་མེད་སྒྲོལ་མ་
    གདུང་གདུང་རྒྱུད་མཐོ་བོ་དབའི་པད་གླིང་གདུང་དབའི། །ཆོས་ལ་དམ་ཆོས་དརཝ་དབའི་༼༼དཔོན་གྱི་བཞེས་། །དཔོན་གྱི་བཞེས། །༽༽ Oy! the Peling lineage- the upper class lineage, was ruled by the king of dharma who flourished a religion. Ruled by a king......
  • པདྨ་
    ཨ་ལེགས་པས་ལེགས་པས་དབའི་ལེགས་པས་ས་དབའི། །ཨ་ལེགས་པའི་ཕྱོགས་ལས་དབའི་ཞུ་ཆེ་གེ །ཞུ་ཆེ་གེ Aa...good, good, its very good oy! Aaa......Will say from a good side. Will say...
  • འཆི་མེད་སྒྲོལ་མ་
    གཡུས་བདེ་ཅན་བདེཝ་དབའི་སྤ་གྲོ་གཡུས་དབའི། །རྫོང་ལ་ཆགས་ཐངས་ལེགས་པོ་དབའི་རིན་སྤུངས་རྫོང་། །རིན་སྤུངས་རྫོང་། Oy! A blissful place of Pado(Paro) village, where beautifully land a Paro Rinpong Dzong. Rinpong Dzong.....
  • པདྨ་
    ཨ་ལེགས་པས་ལེགས་པས་དབའི་ལེགས་པས་ས་དབའི། །ཨ་ལེགས་པའི་ཕྱོགས་ལས་དབའི་ཞུ་ཆེ་གེ །ཞུ་ཆེ་གེ Aa...good, good, its very good oy! Aaa......Will say from a good side. Will say...
  • འཆི་མེད་སྒྲོལ་མ་
    ཡར་གཟིམ་ཅུང་ལྷ་ཡུལ་དབའི་ཕོ་བྲང་ནང་དབའི། །ཨམ་ལ་༼༼སྐྱེ་གཤིགས་ཅན་མོ་༽༽དབའི་འཁྲུངས་བཞག་ཡོད། །འཁྲུངས་བཞག་ཡོད། Oy! Up in the fortress of paradise, gave birth to a Keshed Chenmo. Give birth.......
  • པདྨ་
    ཨ་ལེགས་པས་ལེགས་པས་དབའི་ལེགས་པས་ས་དབའི། །ཨ་ལེགས་པའི་ཕྱོགས་ལས་དབའི་ཞུ་ཆེ་གེ །ཞུ་ཆེ་གེ Aa...good, good, its very good oy! Aaa......Will say from a good side. Will say...
  • འཆི་མེད་སྒྲོལ་མ་
    རྒྱབ་གསེར་ཁྲི་ཀ་བར་དབའི་ཧེན་ཏེ་བཞུགས་དབའི། །མདུན་ལ་ཕྱག་རྒྱ་སྦུང་གིས་(ཕྱག་མཇལ་སྤུངས་ཀྱིས་)ཕུལ་ཏེ་བཞུགས། །ཕུལ་ཏེ་བཞུགས། Sits by leaning the back on the pillar of the golden throne, sits with the offerings of a heap of presents in the front. Offered......
  • པདྨ་
    ཨ་ལེགས་པས་ལེགས་པས་དབའི་ལེགས་པས་ས་དབའི། །ཨ་ལེགས་པའི་ཕྱོགས་ལས་དབའི་ཞུ་ཆེ་གེ །ཞུ་ཆེ་གེ Aa...good, good, its very good oy! Aaa......Will say from a good side. Will say...
  • འཆི་མེད་སྒྲོལ་མ་
    ལོ་དུས་ཅི་འཛོམས་ས་དབའི་སང་ཕོད་འཛོམས་དབའི། །ཞལ་ལ་ཡང་ཡང་འཛོམས་པའི་སྨོན་ལམ་ཞུ། །སྨོན་ལམ་བཏབ། Let meet next year in the place we gathered today, and lets pray for our frequent meeting ever. Let pray.......
  • འཆི་མེད་སྒྲོལ་མ་དང་ པདྨ་
    ཨ་ལེགས་པས་ལེགས་པས་དབའི་ལེགས་པས་ས་དབའི། །ཨ་ལེགས་པའི་ཕྱོགས་ལས་དབའི་ཞུ་ཆེ་གེ །ཞུ་ཆེ་གེ། །། Aa...good, good, its very good oy! Aaa......Will say from a good side. Will say....