Skip to main content Skip to search
23 Mar 2015
4 min 4 sec
Video Overview
Creators: 
Sonam Chophel, Dawa Tshering

༉  མགར་ས་རྫོང་ཁག་ ལ་ཡག་རྒེད་འོག་ ལུང་སྒོ་ལྷ་ཁང་གི་སྐོར་ལས་ རིན་ཆེན་གྱིས་བཤད་མི་ནང་ ལྷ་ཁང་འདི་གི་ནང་རྟེན་གཙོ་བོ་དེ་ཡང་ བཅུ་གཅིག་ཞལ་ལུ་ གནས་བརྟན་བཅུ་དྲུག་གིས་མཐའ་བསྐོར་ཏེ་བཞུགས་ཡོདཔ་ད་ ལྷ་ཁང་ཆགས་ཚུལ་དེ་ཡང་ སྤ་རོ་སྐྱིད་ཆུ་ལྷ་ཁང་། བུམ་ཐང་བྱམས་པ་ལྷ་ཁང་། བྲོ་བོ་ལུང་སྒོ་ལྷ་ཁང་། ཟེར་གདན་ས་འདྲན་འདྲ་བཅགས་བཅགསཔ་ཨིན་པས། ལྷ་ཁང་དེ་ ལ་ཡག་ལུང་སྒོའི་གཡུས་ཀྱི་མི་ཚུ་གིས་ ཕྱག་དང་མཆོད་པ་ཕུལ་ཏེ་ མགུ་གཏད་སའི་སྐྱབས་གནས་ངོ་མ་ཅིག་ཨིན་པས།

Rinchen from Lungo village in Gasa Dzongkhag (district), tells us that the Laya Lungo Lhakhang was built for a purpose similar to that of Paro Kyichu Lhakhang, Bumthang Jambay Lhakhang and Drowo Lungo Lhakhang. It is believed that the Tibetan king Songtsen Gampo built Lungo Temple in the seventh century, at the same time as he built those other temples. The temple is an important communal center for the people of Laya Lungo and their religious activities. The major sacred relic in the temple is a statue of an eleven-headed Avalokiteshvara (Chuchi Zhel — Bodhisattva of compassion) surrounded by the sixteen sthaviras (Nyeten Chudrug — Sthavira nikāya was a Buddhist school that split from the Mahāsāṃghika school).

Transcript search
No results found for this search
0 of 0
  • པ་སངས། Pasang
    ལགས་སོ་ལགས། ལུང་གུ་ སླབ་མི་འདི་ ཧེ་མ་འདི་ འ་ནཱི་ གཡུས་ཀྱི་མིང་ ལུང་གུ་མེན་པས་ལགས། ང་བཅས་ར་ མི་གིས་ ལུང་གུ་ཟེར་ སླབ་མས། གཞན་ ལུང་ཁུ་ ལུང་ཁུ་ཅིག་ཨིན་མས་བ་ལགས། ལུང་ཁུ་ བླམ་ཅིག་ ཞབས་དྲུང་བྱོནམ་ཏེ་ཨིན་ན་ བླམ་འབྲུག་པ་ཀུན་ལས་བྱོནམ་ཏེ་ཨིན་ན་ ང་གིས་བརྟན་བརྟན་ཅིག་རང་ ཞུ་མི་ཤེས་པས་ལགས། ཏེ་ བླམ་ཅིག་བྱོནམ་ད་ ང་བཅས་ཀྱི་ འ་ནཱ་ ལུང་ཁུ་ཟེར་མི་ཅིག་ནང་ལུ་ ཨམ་གསུམ་འབད་མི་ཅིག་ ནཱ་ཐགས་འཐག་འབད་ ཁོང་ཉིམ་གསོ་འབད་ ཐགས་འཐག་ ཏེ་ འབྱུ་འདི་ཚུ་ ཧེ་མ་འབད་བ་ཅིན་ ང་བཅས་ ལུང་ཁུ་ཟེར་ འ་ནཱི་ གཡུས་གནམ་མེད་ས་མེད་ ལུང་ཁུ་ཅིག་ནང་འབད་ནི་འདི་གི་ བྱཱོ་ རྒྱ་རེད་ མོན་བྱཱ་འདི་ཚུ་ ག་ར་འཚོཔ་ཨིན་མས།
  • པ་སངས། Pasang
    བྱཱ་རྐྱངམ་ཅིག་མ་འཚོ་པའི། གཞན་ག་ར་འཚོཔ་ཨིན་མས་ལགས། དེ་ལསནི་ ཏེ་ འ་ནཱི་འཚོ་དོ་ཡོདཔ་ད་ དེ་ལསནི་ ཏེ་ ཨམ་འདི་ཚུ་ ཐམ་འདི་ཚུ་བརྡལ་ ཉིམ་ག་ནི་བ་དྲོཝ་སྦེ་ཤར་ ཟླཝ་གསུམ་པ་དང་ བཞི་པའི་ནང་འོང་ནི་མས་ ད་ལསནི་ ཉིམ་ཤར་ ཐམ་བརྡལ་ ཁོང་ ཐགས་འཐག་འབད་སྡོད་སྡོདཔམས།
  • པ་སངས། Pasang
    ཨམ་གཅིག་གིས་ ང་བཅས་ གཡག་འདི་གི་སྤུ་གི་ ཕད་ཙི་ཐགས་འཐག་མས་ ཨམ་གཅིག་གིས་ ང་བཅས་ཀྱི་ ཨམ་སྲུ་གི་ དཀྱི་ར་འཐག་ ཨམ་གཅིག་གིས་ ཁོང་ སྦོ་ལོག་ཁར་ པིན་སྐྱི་སྦེ་ ཉིམ་གསོ་སྦེ་སྡོདཔ་ད་ དེ་ལསནི་ ཏེ་ བླམ་ཅིག་ ཡར་ལས་མར་བྱོན་སྦེ་ ཏེ་ ཨ་མ་ བསོད་སྙོམས་ཅིག་ལྷང་གནང་ བླམ་འདི་གི་ འ་ནཱི་སྦེ་ བསོད་སྙོམས་ཅིག་ཞུ་སྦེ་ བསོད་སྙོམས་ཅིག་ ལྷང་གནང་ཟེར་ སླབ་ད་ ཨམ་གཅིག་གིས་ སླབ་མས་ལོ་ ཡ་ལ་ ང་བཅས་ ནཱ་ ལཱ་ཐགས་འཐགཔ་ མིག་གིས་ མ་མཐོངམ་འདྲེས་ བསོད་སྙོམས་བྱིནམ་མ་ ང་བཅས་ ནཱ་ལཱ་འབད་དགོ་ས། བསོད་སྙོམས་བྱིནམ་སྡོད་ལོ་ཡོདཔ་འདྲེས་ ཡར་བོད་པའི་ སྒོམ་ཆེན་འདི་ཚུ་ རྫོགས་ནི་རང་མེད་ ར་དུག་དམརཔོ་གྱོན་མི་དེ་ཚུ་ རྫོགས་ནི་ར་མེད།
  • པ་སངས། Pasang
    ང་བཅས་ བསོད་སྙོམས་ བྱིན་ལོ་མེད་ཟེར་ སླབ་མས་ལོ་ འདི་ལས་ ཨམ་གཅིག་གིས་ སླབ་མས་ལོ་ ང་བཅས་ ཐམ་འདི་ཡང་ ག་དེ་སྦེ་ བཞག་ནུག་དགོ འ་ནཱི་ཚུ་ ནཱ་ཕར་བརྡལ་ ཚུར་སྐོང་འབད་དགོ་པས་ས། ཁྱོད་ བསོད་སྙོམས་བྱིན་ ཁྱིམ་ནང་ འགྱོ་འབད་བྱིན་ལོ་མེད། དེ་ལསནི་ བསོད་སྙོམས་མ་བྱིན་མས། ཏེ་ ཨམ་གཅིག་གིས་ འ་ དེ་འབད་མ་སླབ་ སྒོམ་ཆེན་ཨིན་མས་ རོགས་ཆོསཔ་གཅིག་ཨིན་མས། བསོད་སྙོམས་ཅིག་བྱིན་ད་ཟེར་ སླབ་ཏེ་ མོ་གིས་ ཡར་འབོ་སྦེ་ ཇ་ཅིག་བྱིན་ ཕྱེ་ཅིག་དང་ དརཝ་ཅིག་བྱིན་ བསོད་སྙོམས་ཅིག་བྱིན་ དེ་ལས་བཏང་།
  • པ་སངས། Pasang
    ཏེ་ ཁོང་ སླབ་སླབ་མས་ ང་བཅས་ར་ ཆརཔ་རྐྱབ་པ་ཅིན་ འ་ནཱི་ ད་རེས་ ད་ལྟར་རང་ ཉིམ་ཤར་སྡོད་རུང་ ད་ལྟ་རང་ ཆརཔ་རྐྱབ་འོང་། ཆརཔ་རྐྱབ་པ་ཅིན་ ང་བཅས་རང་ ཐམ་སྐམ་མི་ཚུགས་པས། ང་བཅས་རང་ ཐམ་བརྡལ་དགོ་པས། ཁོ་ སྒོམ་ཆེན་འདི་ བསོད་སྙོམས་ལྷང་ནི་ཡོད་པ་ལུ་ ག་ཅི་ ལེ་ཤ་སླབ་ནི་འདུག་ཟེར་ ཏེ་ སྒོམ་ཆེན་དེ་གིས་ དེ་ལས་ སྒོམ་ཆེན་འདི་གིས་ ཁོང་ལུ་ ཁྱོད་ཀྱི་ ལུང་འདིའི་ མིང་ལུ་ ལུང་ཁུག་ཟེར་ སླབ་མ་རེད་ཟེར་ ཏེ་ གསུངས།
  • པ་སངས། Pasang
    དེ་ལས་ ང་ ཨ་ཕར་ཚུར་འོང་ཡི་ ལམ་བདའ་འདི་ ཕར་ཕར་ ཁྱོད་ཀྱི་ རྒྱབ་ལས་ ཐང་སྦོམ་ཅིག་ ཕར་རི་ཅིག་འདུག འ་ནཱི་གི་མིང་ ལུང་ཁུ་ཤག་པའི་ གཤམ་བྱག་ཟེར་ སླབ་ནི་ཟེར་སླབ་ནུག
  • པ་སངས། Pasang
    དེ་ལས་ འ་ནཱི་ ཚུར་ཧོངས་མ་ ཐང་ཅིག་འདུག འ་ནཱ་ ལུང་ཁུ་ ཁྲོམ་པའི་ ཁྲོམ་བཤད་ཟེར་ སླབ་ནི་ཟེར་ སླབ་ནུག དེ་ལས་འ་ནཱི་ ཨ་ཡར་ལྟག་ལས་ སྤོ་ཏོ་ཅིག་འདུག འ་ནཱི་ལུ་ ལུང་ཁུ་གོང་མའི་ གོང་ཅུ་གངས་ཟེར་ སླབ་ནི་ཟེར་ སླབ་ནུག
  • པ་སངས། Pasang
    དེ་ལས་ཨ་ཡར་ ལྟག་ལས་ཐང་ཅིག་འདུག འ་ནཱི་ནང་ ལུང་ཁུ་ ན་ཡ་ནང་ཟད་གངས་ཟེར་ སླབ་ནི་ཟེར་ སླབ་ནུག དེ་ལས་ ཨ་མར་ཨ་ཕར་གི་ གྱེད་པ་ལོག་གི་ ཐང་འདི་ནང་ ལུང་ཁུ་ བདའ་ཡི་བདའ་རི་རོ་ཟེར་ སླབ་ནི་ཟེར། ཏེ་ ནཱ་ལས་ མར་འགྱོཝ་ད་ ཐང་ཡོད་ག་ཟེར་ ནཱ་ལས་ མར་འགྱོཝ་ད་ ཐང་ཡོད་ཟེར་ མར་ལུང་ཁུ་ བྱག་འཆར་ཞིང་ཟེར་ སླབ་ད་ཟེར་ བྱག་གཡུས་ཀྱི་མིང་།
  • པ་སངས། Pasang
    དེ་ལས་ མ་མར་ཐང་ཆུང་ཀུ་ཅིག་ལྷོདཔ་ད་ ཁྱོད་ཀྱི་ འ་ནཱི་གཡུས་ཀྱི་མིང་ ལུང་ཁུ་ ལྟོ་པའི་ལྟོ་ཁ་ཟེར་ སླབ་ད་ཟེར་ འ་ནཱི་སྦེ་ བླ་མ་གིས་ འ་ནཱེ་སྦེ་གསུངས། དེ་ལས་བརྟེན་ ལུང་ཁུ་ཟེར་ སླབ་མི་འདི་ ཏེ་ འ་ནཱེ་སྦེ་ཨིན། ད་རེས་འབདཝ་ མི་གིས་ ལུང་སྒོ་ལུང་སྒོ་ཟེར་ དར་ཡར་སོངམ་མས། ཧེ་མ་འབད་བ་ཅིན་ ལུང་ཁུ་ཟེར་ སླབ་ཨིན་ལགས།
  • པ་སངས། Pasang
    ཏེ་ ལུང་ཁུ་ཟེར་ སླབ་དགོ་མི་ བླམ་ལུ་ སྨད་པ་རྐྱབ་ འ་ནཱི་འབད་ནི་དེ་གིས་ འ་ནཱི་གིས་སྦེ་ དེ་ལས་ ཏེ བླམ་འདི་ལུ་ བསོད་སྙོམས་ཅིག་གནང་ཟེར་ སླབ་ད་ བླམ་དེ་ ཨིན་ནི་འདི་ ཞབས་དྲུང་རང་ ཨིན་དོ་མས་ལགས། ཏེ་ བསོད་སྙོམས་ཅིག་གནང་ཟེར་སླབ་ད་ བསོད་སྙོམས་མ་བྱིན་ དེ་ལས་ བླམ་འདི་གིས་ མཐུ་རྐྱབ་འདི་ འ་ནཱི་ བླམ་གྱི་ དབུ་ཞྭམོ་འདི་ ཕུད་སྦེ་ བླ་མའི་ སྤ་འཁར་འདི་གུ་འཛེགས་སྦེ་ བསྐོར་གསུམ་རྐྱབཔ་ཅིག་ ཉིནམ་འདི་ ལ་ལས་ཕར་འཛུལ་སོང་ནུག་ལོ།
  • པ་སངས། Pasang
    དེ་ལས་ ཆརཔ་ཤར་ར་ར་ར་རྐྱབ་ཅིན་ དེ་ལསནི་ ཏེ་ ཐམ་དེ་ཚུ་ག་ར་ ཐམ་བརྡལ་བརྡལཝ་དེ་ཚུ་ ག་ར་ཆུ་གིས་ འབག་སྟེ་ མར་ལས་མར་བཤལ་ད་ ཏེ་ ལུང་ཁུག་ཟེར་མི་དེ་ནང་ལུ་ རྒྱ་རེད། མོན་བྱཱ། ཏེ་ འ་ནཱི་ཚུ་ བྱཱོ་འ་ནཱི་ཚུ་ ག་ནི་ཡང་ མ་འཚོཔ་འདི་ བླ་མའི་ འ་ནཱེ་སྦེ་ མཐུ་སྔགས་རྐྱབ་རྐྱབཔ་འབད་ནི་དེ་གིས་ ག་ནི་ཡང་ མ་འཚོ་མི་འདི་ འ་ནཱི་ཨིན་ཟེར་ སླབ་ནི་ཨིན་ལགས།
  • པ་སངས། Pasang
    དེ་ལསནི་ ཏེ་ ང་བཅས་རང་གི་ གཡུས་འདི་གི་མིང་ཡང་ ལུང་ཁུ་ཟེར་ དེ་ལསནི་ ཏེ་ ཕར་ཕར་ ང་བཅས་ཀྱི་ ཆུ་ཕར་ཁ་ ཚོགས་པ་ཅིག་ཡོད་ལགས། ཚོགས་པ་གི་ ཁྱིམ་གྱི་ ཕར་ཧོངས་མ་ ཧེ་མ་ ཏེ་ འ་ནཱི་ ཞབས་དྲུང་གི་ བཞུགས་བཞུགས་པའི་ གཟིམ་ཅུང་ཅིག་རང་ཡོད་པ་ཏེ་ ན་ཧིང་ ཞེ་ཧིང་ཅིག་ལས་ བརྡལ་ད་ནུག
  • པ་སངས། Pasang
    གཞན་ ཨ་ཕཱི་ནང་ གཟིམ་ཅུང་རང་ཡོདཔ་ཨིན། ཏེ་ འ་ནཱི་ནང་ལུ་ ཨམ་ཅིག་གིས་ ཞབས་དྲུང་ཡར་བྱོན་ཟེར་ ཇ་ཅིག་ཡང་དྲངས་ སྲུ་ཇ་ཅིག་ཡང་དྲངས་ ཏེ་ འདི་ལས་ཏེ་ སྲུ་ཇ་དྲངས་ འདི་ལས་ཏེ་ མོ་གིས་ བཞུགས་ཟེར་ ད་རེས་ དགུང་ཞག་ ཨ་ནཱ་བཞུགས་ད་ཟེར་ ཞག་འདི་ནཱ་ སྡོད་རང་མི་སྡོད་ཟེར་ ཇ་དྲངམ་ད་ ཇ་རྫ་ སའི་རྫམ་ཅིག་ནང་ ཇ་ཅིག་དྲངསམ་ད་ དེ་ལས་ཏེ་ བླ་མ་གིས་ ཨ་ནཱི་ཇ་འདི་ བླམ་ཅི་ཡང་གུ་འཐུང་ ལྕགས་རྫ་གང་སྦེ་མི་ཅིག་ ལྕགས་རྫ་ནང་ བཞག་སྦེ་ ཕྱག་ལུ་བསྣམས་ དེ་ལས་ རྫམ་ནང་ལས་ ཅིག་ཡང་མེདཔ་སྦེ་ སྤུདའཐུང་སྦེ་ ལྕགས་རྫ་གངམ་འདི་ ལོག་འདི་རང་ རྫམ་ནང་བླུགས་སྦེ་ དར་གྱི་ ཁ་བསྡམ་སྦེ་ བཞག་སྦེ།
  • པ་སངས། Pasang
    ཨ་མ་ ཁྱོད་ག་ཅི་ཚབ་རུང་ མི་མགྱོནམ་ག་ཅི་འོང་རུང་ ཚབ་རུང་ ཏེ་ ཁྱོད་ཀྱིས་ རྫམ་འདི་ ཁ་མ་སྣོས་མ་རེད། བསྡམ་བསྡམ་ས་བཞག་ཟེརཝ་ད་ ཨམ་དེ་གིས་ ཞག་གཉིས་ལངམ་ད་ མི་ཅིག་མགྱོནམ་ཅིག་ཐོན་འོང་ཡི། ཇ་རྫམ་མེད་པ་ སྒོམ་ཆེན་དེ་གིས་ ངེ་ ཇ་རྫི་ཁ་ མ་སྣོས་ཟེར་ ཁ་བསྡམ་བཞག་མས། ང་རང་ ནཱ་མགྱོནམ་འདི་ ཇ་རྫ་མིན་འདུག ད་ ཇ་རྫ་ཁ་ སྣོས་དགོ་པས་ཟེར་ སླབ་ད།
  • པ་སངས། Pasang
    ཁ་སྣོས་འདི་ བལྟ་བའི་བསྒང་ལས་ གཞན་ལུང་བསྟན་ཡོད་དོ་མས། ཏེ་ ཁོ་གིས་ མོ་གིས་ ཁ་སྣོས་བཏང་ནི་དེ་གིས་ ཇ་འདི་རང་རྐྱངམ་ཅིག་ ཇ་རྫམ་འདི་ ལྟེམ་ལྟེ་གང་སྦེ་ སྡོན་ནུག་ལོ། ཏེ་ གཞན་ག་ནི་ཡང་མེད་དོ་སྨེ། དེ་ལས་འ་ནཱེ་སྦེ་ ལུང་ཁུ་ཟེར་མི་འདི་ ལམ་ལུགས་ལས་ གནམ་མེད་ས་མེད་ ལེགས་ཤོམ་མ་འབད་ དགུང་ཞག་གནསཔ་བརྙའ་མ་བྱིན་ འ་ནཱེ་འབད་ནི་འདི་གིས་ ཏེ་ ལུང་ཁུ་ཟེར་སླབ་མས།
  • པ་སངས། Pasang
    འདི་ལས་མར་ མཇུག་ལས་མར་ ཨ་ཙི་ ང་བཅས་གཡུས་ལས་ མར་མཇུག་ལས་མར་ མཆོད་རྟེན་ཅིག་ཡོད། མཆོད་རྟེན་གྱི་ལྟག་ལུ་ ཏེ་ ཞབས་དྲུང་གི་ཞབས་རྗེ། ཞབས་དྲུང་སྐུ་ངལ་གནང་ས། འདི་ལས་ ཞབས་དྲུང་གི་ འ་ནཱི་ཞལ་འཁྱུ་བཤལ་སྦེ་ ཆུ་འབོ་ས། འདི་ལས་ འ་ནཱི་བདུད་བཏུལ་བཏུལཝ་གི་པར། ང་བཅས་ཀྱི་ གླང་དང་ ཤཝ་གི་ རྭཝ་བཟུམ་སྦེ་ རྡོ་གུ་ལས་པར་ འ་ནཱི་བཟུམ་སྦེ་ཡོད།
  • པ་སངས། Pasang
    ཏེ་ ལུང་ཁུ་ཟེར་ སླབ་མི་གི་ འ་ནཱི་ ལུང་བསྟན་འདི་རང་ འ་ནཱི་སྦེ་ བླམ་ལུ་ བསོད་སྙོམས་མ་བྱིན་འབདན་འདི་གིས་ ང་བཅས་ཀྱི་ ལུང་ཁུ་གི་ གཡུས་འདི་ ཚར་ཅིག་ སྟོང་ནི་སྟོང་ནི་རང་སྦེ། ང་བཅས་ ལུང་ཁུ་ལྷ་ཁང་འདི་ཡང་ ལྷ་ཁང་ཡང་ཉམས་ དེ་ལསནི་ མ་པ་རང་སྟོང་ནི་སྦེ་ འདི་ལས་ གཡུས་ཡང་ ག་ཏེ་ཡང་མེད་ སྦ་སྒོ་རེ་རེ་གཉིས་གཉིས་ ནོར་བྱང་ས་བཟུམ་སྦེ་ འགྱོ་འགྱོཝ་ཡོད།
  • པ་སངས། Pasang
    གཞན་ག་ནི་ཡང་མེད་ ཏེ་ ད་རེས་འདི་ རོགས་ག་ར་ མི་གོང་འཕེལ་ ཡར་རྒྱས་འགྱོ་ ཁོང་ གཞུང་བཀའ་དྲིན་ཆེ་ནི་འདི་གིས་ ཁྱིམ་ག་ར་ གསརཔ་རྐྱབ་ ད་ གཡུས་སྦོམ་སྦེ་ཆགས་ ཏེ་ དགའ་ཏོག་ཏོ་ཡོད། ཧེ་མ་འབདཝ་ད་ ང་བཅས་ ལུང་ཁུ་གཡུས་འདི་ སྟོང་རང་སྟོང་ནི་བཟུམ་སྦེ་རང་ ཡར་སོང་ནུག་ ག་ནི་ཡང་མིན་འདུག