11 Jan 2016
3 min 12 sec
Video Overview
Creators:
Dradul Dorjay
འདི་ནི་རང་གི་བླ་མ་དང་དཔོན་པོ་ཕ་མ་བཅས་ལ་དད་ཞེན་ཆེ་བར་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་རང་གི་བླ་མ་དང་ཕ་མ་དཔོན་པོ་གསུམ་ལ་དད་ཞེན་ཆེ་བ་དང་བརྩི་མཐོང་ཆེ་བས་ཁོང་ཅག་གི་དོན་དུ་ཅི་ཞིག་སྒྲུབ་དགོས་རུང་ཕངས་མེད་ཡིན་པ་དང་བློ་བརྟན་འགྱུར་མེད་ཡིན་པ་བརྗོད་ཡོད།
- ༼ཡེ་་་གླུ་བ་ལོ་ལོ་ཡ་རེ་ལེན་དགོ༽
- གྲལ་མགོ་སྐོར་ར་གོས་གདན་བཏིང་།།༼གླུ་བ་ལོ་ལོ་ཡ་རེ་ལེན་དགོ༽
- གོས་རི་མོ་གནོག་ན་གནོག་གི་ཞིག།།༼གླུ་བ་ལོ་ལོ་ཡ་རེ་ལེན་དགོ༽
- གན་གནོག་ནོ་རང་གི་བླ་མ་རེད།།༼གླུ་བ་ལོ་ལོ་ཡ་རེ་ལེན་དགོ༽
- གྲལ་སྐེད་སྐོར་ར་ཕྲུག་གདན་བཏིང་།།༼གླུ་བ་ལོ་ལོ་ཡ་རེ་ལེན་དགོ༽
- ཕྲུག་ཐིག་ལེ་གནོག་ན་གནོག་གི་ཞིག།༼གླུ་བ་ལོ་ལོ་ཡ་རེ་ལེན་དགོ༽
- གན་གནོག་ནོ་རང་གི་དཔོན་པོ་རེད།༼གླུ་བ་ལོ་ལོ་ཡ་རེ་ལེན་དགོ༽
- གྲལ་རྔ་སྐོར་ར་བལ་གདན་བཏིང་།།༼གླུ་བ་ལོ་ལོ་ཡ་རེ་ལེན་དགོ༽
- བལ་ཁ་ཆུ་གནོག་ན་གནོག་གི་ཞིག།།༼གླུ་བ་ལོ་ལོ་ཡ་རེ་ལེན་དགོ༽
- གན་གནོག་ནོ་རང་གི་ཕ་མ་ཡིན།།༼གླུ་བ་ལོ་ལོ་ཡ་རེ་ལེན་དགོ༽
- གླུ་ཤེས་ནི་མིན་ར་དགའ་ནི་ཡིན།།༼གླུ་བ་ལོ་ལོ་ཡ་རེ་ལེན་དགོ༽