Skip to main content Skip to search
25 Jan 2016
6 min 24 sec
Video Overview
Creators: 
Sonam Chophel, Dawa Tshering

གཞུང་སྒྲ་དང་ བོད་སྒྲ་ རིག་གསར་གི་གླུ་གཞས་ཚུ་གི་གྲས་ཁར་མ་ཚུད་པའི་ གཞས་ཟེར་སླབ་སྲོལ་ཡོད་པའི་ནང་ལས་ ཝང་གཞས་ འོ་ཆུ་པའི་གཞས་ ནུ་སྦི་གི་གཞས་ལ་སོགས་པ་ཚུ་ཡོད་པའི་ནང་གསལ་ ཝང་གཞས་ ས་བོད་ཀྱི་བྱ་ཆེན་ངང་པ་འདི། ཟེར་ག་ནི་བ་ཧན་ཏོང་ཏོ་འབད་དེ་ སྤུ་ན་ཁ་རི་རྩ་ལས་ རྣམ་རྒྱས་ཀྱིས་འབད་འཐེནམ་ཨིན་མས། གཞས་ཀྱི་ཚིག་ཚུ་ཡང་ མ་འདྲཝ་མ་འདྲཝ་ལེ་ཤ་འཐེན་ནི་འདུག ཨིན་རུང་ ཚིག་ག་ཅི་བཟུམ་རང་འཐེན་རུང་ ཤར་ཕྱོགས་པའི་ཨ་ལོ་བཟུམ་སྦེ་ར་ གདངས་དབྱངས་གཅིག་མ་གཏོགས་ སོ་སོ་སྦེ་འཐེན་ནི་མིན་འདུག།

 

Namgay from Punakha sings a zhey here. He is an expert when it comes to singing different types of zhey. He can sing more than ten types of zhey. Even if the tunes are the same for each those songs, it is still impressive to hear him singing. 

 

Transcript search
No results found for this search
0 of 0
  • རྣམ་རྒྱས། Namgay ས་བོད་ཀྱི་བྱ་ཆེན་ངང་པ་འདི། །ས་བོད་ཀྱི་བྱ་ཆེན་ངང་པ་འདི་དབའི། །
    The huge swan of Tibet. oy! the huge swan of Tibet.
  • རྣམ་རྒྱས། Namgay བྱ་ངང་པའི་སྐྱེས་ས་འཚོལ་དགོ་པས། །བྱ་ངང་པའི་སྐྱེས་ས་འཚོལ་དགོ་པས་། །
    Have to search swan's birth place. Have to search swan's birth place.
  • རྣམ་རྒྱས། Namgay བྱ་ངང་པའི་སྐྱེས་ས་འཚོལ་བལྟ་ཚེ། །བྱ་ངང་པའི་སྐྱེས་ས་འཚོལ་བལྟ་ཚེ་དབའི། །
    While searching for swan's birth place. oy! while searching for swan's birth place.
  • རྣམ་རྒྱས། Namgay ངང་པ་སྐྱེས་ས་ཅིག་དང་ག་ནི་བཟང་། །ངང་པ་སྐྱེས་ས་ཅིག་དང་ག་ནི་བཟང་།
    The swan's birth place is very auspicious. The swan's birth place is very auspicious.
  • རྣམ་རྒྱས། Namgay ནང་སྐྱེས་སུ་བཟང་མ་མི་ཆད༼མི་ཚད༽་པར། །ནང་སྐྱེས་སུ་བཟང་མ་མི་ཆད༼མི་ཚད༽་པར་དབའི། །
    Not only its inside auspicious birth place. oy! Not only its inside auspicious birth place.
  • རྣམ་རྒྱས། Namgay བྱ་ངང་པའི་ཕྱོགས་སུ་འཚོལ་དགོ་པས། །བྱ་ངང་པའི་ཕྱོགས་སུ་འཚོལ་དགོ་པས། །
    But also have to search towards swan's direction. But also have to search towards swan's direction.
  • རྣམ་རྒྱས། Namgay བྱ་ངང་པའི་ཕྱོགས་སུ་འཚོལ་བལྟ་ཚེ། །བྱ་ངང་པའི་ཕྱོགས་སུ་འཚོལ་བལྟ་ཚེ་དབའི། །
    While searching in the direction of the swan. oy! While searching in the direction of the swan.
  • རྣམ་རྒྱས། Namgay ངང་པ་བཞུགས་སུ་ཅིག་དང་ཡུམ་མཚོ་བཟང་། །ངང་པ་བཞུགས་སུ་ཅིག་དང་ཡུམ་མཚོ་བཟང་། །
    The ocean towards the swan's residence was auspicious. The ocean towards the swan's residence was auspicious.
  • རྣམ་རྒྱས། Namgay ངང་པ་མཉམ་འགྲོ་མཚོ་ལུ་བཞུགས་བལྟ་ཚེ། །ངང་པ་མཉམ་འགྲོ་མཚོ་ལུ་བཞུགས་བལྟ་ཚེ་དབའི། །
    While going togather with swan towards the ocean. oy! While going togather with swan towards the ocean.
  • རྣམ་རྒྱས། Namgay མར་མཚོ་མ་འཁྱིལ་ལས་མ་གྲོལ་བས། །མར་མཚོ་མ་འཁྱིལ་ལས་མ་གྲོལ་བས། །
    Was not freed from the down ocean pond. Was not freed from the down ocean pond.
  • རྣམ་རྒྱས། Namgay མར་མཚོ་མ་འཁྱིལ་ལས་གྲོལ་བལྟ་ཚེ། །མར་མཚོ་མ་འཁྱིལལས་གྲོལ་བལྟ་ཚེ་དབའི། །
    Whereas after being freed from the down ocean pond. oy! Whereas after being freed from the down ocean pond.
  • རྣམ་རྒྱས། Namgay བྱ་ངང་པ་རང་ཡང་སེམས་དགའ་བས། །བྱ་ངང་པ་རང་ཡང་ལུས་སྤྲོ་བས། །
    I, the swan also feeling happy. I, the swan also enjoying.
  • རྣམ་རྒྱས། Namgay སེམས་ཤོར་ལ་དགའ་ཡི་ངང་པ་ཟེར་ཡོ། །རྒྱ་ནག་ལེགས་པའི་ཤོག་སྒྲོག་བརྒྱང་དགོ་པས། །རྒྱ་ནག་ལེགས་པའི་ཤོག་སྒྲོག་བརྒྱང་དགོ་པས། །
    Danced saying, I the swan fell in love as well as felt happy. Have to stretch the beautiful wings of the China. Have to stretch the beautiful wings of the China.