Skip to main content Skip to search
21 Jun 2018
3 min 3 sec
Video Overview
Creators: 
Sonam Chophel, Duptho

The Boedra song “Nge Madro Miyi Lungpa” is sung by Samten Wangmo from Bimkhar village, Yangtse Gewog, Trashiyangtse Dzongkhag. The lyrics of the song describe “the lands to which I have not been.” The song is sung mostly in public, or on formal occasions for general entertainment. The song has been sung in their village since very old times. 

 

བསམ་གཏན་དབང་མོ་གྱིས་  ངའི་མ་འགྲོ་མི་ཡི་ལུང་པ་ཟེར་བའི་ བོད་སྒྲའི་ གླུ་གཞས་འཐེན་འདི་ཡོདཔ་ཨིན་མས། གླུ་གཞས་འདི་ ངའི་མ་འགྲོ་མི་ཡུལ་ལུང་པའི་ སྐོར་ལས་ཨིན་མས། གླུ་གཞས་འདི་ མི་མངས་འརྫོམས་ས་ལུ་དང་ དུས་སྟོན་ཚུ་དང་ རྐྱབ་སྲོལ་ཡོདཔ་ཨིན་མས། གླུ་གཞས་འདི་ དུས་དང་ཕུ་ལས་ར་ འཐེན་སྲོལ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • བསམ་གཏན་དབང་མོ་ Samten Wangmo
    ངེད་མ་འགྲོ་མི་གི་ལུང་པ་འགྲོ་ལ་ནི་བསམ་པ་ཡོ་ཡོ། །ཉི་མ་ལོ་ནས་རིང་སོང་ཡ་ལ་སྐལ་བཟང་ལོ(ལ)། །ངེད་ཉི་མ་ལོག་ནི་རིང་སོང་ཡ་ལ་སྐལ་བཟང་ལོ(ལ)། །
  • བསམ་གཏན་དབང་མོ་ Samten Wangmo
    ངེད་ཉི་མ་རིང་བ་མ་ཚད་འགྲོ་ལ་ནི་བསམ་པ་ཡོ་ཡོ། །ཕ་ཡུལ་ས་ཐག་རིང་སོང་ཡ་ལ་སྐལ་བཟང་ལོ(ལ)། །ཕ་ཡུལ་ས་ཐག་རིང་སོང་ཡ་ལ་སྐལ་བཟང་ལོ(ལ)། །
  • བསམ་གཏན་དབང་མོ་ Samten Wangmo
    ངེད་འགྲོ་དགོ་འགྲོ་དགོ་བསམ་སོང་འགྲོ་ལ་ནི་བསམ་པ་ཡོ་ཡོ། །རྟ་ལ་སྒ་ཅིག་རྒྱབ་སོང་ཡ་ལ་སྐལ་བཟང་ལོ(ལ)། །རྟ་ལ་སྒ་ཅིག་རྒྱབ་སོང་ཡ་ལ་སྐལ་བཟང་ལོ(ལ)། །
  • བསམ་གཏན་དབང་མོ་ Samten Wangmo
    ངེད་རྟ་ལ་སྒ་ཅིག་རྒྱབ་ན་འགྲོ་ལ་ནི་བསམ་པ་ཡོ་ཡོ། །དགའ་བའི་མི་དང་ཕྲད་སོང་ཡ་ལ་སྐལ་བཟང་ལོ(ལ)། །དགའ་བའི་མི་དང་ཕྲད་སོང་ ཡ་ལ་སྐལ་བཟང་ལོ(ལ)། །
  • བསམ་གཏན་དབང་མོ་ Samten Wangmo
    ངེད་དགའ་བའི་མི་དང་ཕྲད་ཚེ་འགྲོ་ལ་ནི་བསམ་པ་ཡོ་ཡོ། །ཞག་གཅིག་ཞག་གཉིས་ལུས་སོང་ཡ་ལ་སྐལ་བཟང་ལོ(ལ)། །ཞག་གཅིག་ཞག་གཉིས་ལུས་སོང་ཡ་ལ་སྐལ་བཟང་ལོ(ལ)། །
  • བསམ་གཏན་དབང་མོ་ Samten Wangmo
    ངེད་ཞག་གཅིག་ཞག་གཉིས་ལུས་ཚེ་འགྲོ་ལ་ནི་བསམ་པ་ཡོ་ཡོ། །རང་གི་ཕ་ཡུལ་དྲན་སོང་ཡ་ལ་སྐལ་བཟང་ལོ(ལ)། །རང་གི་ཕ་ཡུལ་དྲན་སོང་ཡ་ལ་སྐལ་བཟང་ལོ(ལ)། །ལགས་སོ་ལགས།། །།