Skip to main content Skip to search
20 Jun 2018
6 min 15 sec
Video Overview
Creators: 
Sonam Tobgye

"Ashi Dangsa Lingla" is an old boedra song from Pangkhar Chiwog in Khoma Gewog. The singers are Dechen Peldrön, Jangchup Peldrön and Sonam Dema from Lubi village. This song is about the circumstances and beauty of a Queen in her realm. It describes the uniqueness and exquisiteness of the queen's belongings, particularly her crown and royal attire. The tradition of singing this particular song in celebrations, festivals and annual rituals in Pangkhar Chiwog goes back to the time of the singers’ ancestors. This song is not usually heard in other regions. 

༉  ཨ་ཞེ་དང་ས་ལིང་ལ་འདི་ ལྷུན་རྩེ་རྫོང་ཁག་ ཁོ་མ་རྒེད་འོག་ སྤང་མཁར་སྤྱི་འོག་ནང་འཐེན་སྲོལ་ཡོད་པའི་འབོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ཨིན་མས། གླུ་གཞས་འཐེན་མི་འདི་ སྤང་མཁར་སྤྱི་འོག་ ལུ་བི་གཡུས་ཚན་ལས་བདེ་ཆེན་དཔལ་སྒྲོན་དང་ བྱང་ཆུབ་དཔལ་སྒྲོན་དེ་ལས་བསོད་ནམས་སྒྲོལ་མ་ཚུ་ཨིནམ་དང་ གླུ་གཞས་དེ་ ཨ་ཞེའི་མཛད་རྣམ་དང་གནས་ལུགས་སྐོར་ལས་ཨིན་མས། གླུ་གཞས་དེ་གིས་ ཨ་ཞེའི་རྒྱུ་ཆས་ དམིགས་བསལ་དུ་ དབུ་རྒྱན་དང་འོན་ཇུ་ གྱོན་ཆས་ཚུའི་སྐོར་ལས་བཤད་པ་རྐྱབ་སྟེ་འདུག གླུ་གཞས་དེ་ སྤང་མཁར་སྤྱི་འོག་ནང་རྐྱངམ་ཅིག་ རྟེན་འབྲེལ་དང་དགའ་སྟོན་ དེ་ལས་ལོ་མཆོད་ཚུའི་སྐབས་ལུ་ཕམ་ཚུ་གིས་འཐེན་ནི་ཡོདཔ་མ་གཏོགས་ ལུང་ཕྱོགས་གཞན་དང་གླུ་སྒྲོམ་ཚུ་ནང་ལུ་ཡང་འཐེན་ནི་མེདཔ་ཨིན་མས། གླུ་གཞས་དེ་ ད་ཚུན་ཕམ་རྒན་རྒས་རྐྱངམ་ཅིག་གིས་འཐེནམ་མ་གཏོགས་ ན་གཞོན་ཚུ་གིས་སྤྲོ་བ་ཅིག་མི་བསྐྱེད་དོ་ཡོདཔ་དང་ དེ་ཡང་ན་གཞོན་ཚུ་གིས་རིག་གསར་གྱི་གླུ་གཞས་ཚུ་ལུ་དགའ་ནི་དེ་གི་ཨིན་མས།

Transcript search
No results found for this search
0 of 0
  • བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
    Dechen Peldon, Jangchub Peldon, Sonam Dema: ཨ་ཞེ་དྭངས་ས་གླིང་ལ་དགའ་ཡང་དགའ་ལ། །དྭངས་ས་དབང་མོའི་གླིང་ལ་ཡ་དབུ་ཞྭ་ལ་གདམ་པ། །དྭངས་ས་དབང་མོའི་གླིང་ལ་ཡ་དབུ་ཞྭ་ལ་གདམ་པ། །དབུ་ཞྭ་དང་དབུ་ཞྭ་འདྲ་ས་མེད་ལ། །གཙང་དང་བྱང་རྩེ་ཁྲོམ་ནས་ཡ་ཉོས་པ་དང་རེད། །གཙང་དང་བྱང་རྩེ་ཁྲོམ་ནས་ཡ་ཉོས་པ་དང་རེད། །གོང་བརྒྱ་ལ་མ་སྤྲོད་གོང་བརྒྱ་སྤྲོད་ལ། །ཀྲང་ཀ་བརྒྱ་དང་སྲང་གང་ཡ་[ཞོ་བརྒྱད་དང་སྤྲོད?]། །ཀྲང་ཀ་བརྒྱ་དང་སྲང་གང་ཡ་[ཞོ་བརྒྱད་དང་སྤྲོད?]། །
  • བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
    Dechen Peldon, Jangchub Peldon, Sonam Dema: ཨ་ཞེ་དྭངས་ས་གླིང་ལ་དགའ་ཡང་དགའ་ལ། །དྭངས་ས་དབང་མོའི་གླིང་ལ་ཡ་སྐུ་སྟོད་གདམ་པ། །དྭངང་ས་དབང་མོའི་གླིང་ལ་ཡ་སྐུ་སྟོད་གདམ་པ། །སྐུ་སྟོད་དང་སྐུ་སྟོད་འདྲ་ས་མེད་ལ། །གཙང་དང་བྱང་རྩེ་ཁྲོམ་ནས་ཡ་ཉོས་པ་དང་རེད། །གཙང་དང་བྱང་རྩེ་ཁྲོམ་ནས་ཡ་ཉོས་པ་དང་རེད། །གོང་བརྒྱ་ལ་མ་སྤྲོད་གོང་བརྒྱ་སྤྲོད་ལ། །ཀྲང་ཀ་བརྒྱ་དང་སྲང་གང་ཡ་[ཞོ་བརྒྱད་དང་སྤྲོད?]། །ཀྲང་ཀ་བརྒྱ་དང་སྲང་གང་ཡ་[ཞོ་བརྒྱད་དང་སྤྲོད?]། །
  • བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
    Dechen Peldon, Jangchub Peldon, Sonam Dema: ཨ་ཞེ་དྭངས་ས་གླིང་ལ་དགའ་ཡང་དགའ་ལ། །དྭངས་ས་དབང་མོའི་གླིང་ལ་ཡ་ན་བཟའ་གདམ་པ། །དྭངས་ས་དབང་མོའི་གླིང་ལ་ཡ་ན་བཟའ་གདམ་པ། །ན་བཟའ་དང་ན་བཟའ་འདྲ་ས་མེད་ལ། །གཙང་དང་བྱང་རྩེ་ཁྲོམ་ནས་ཡ་ཉོས་པ་དང་རེད། །གཙང་དང་བྱང་རྩེ་ཁྲོམ་ནས་ཡ་ཉོས་པ་དང་རེད། །གོང་བརྒྱ་ལ་མ་སྤྲོད་གོང་བརྒྱ་སྤྲོད་ལ། །ཀྲང་ཀ་བརྒྱ་དང་སྲང་གང་ཡ་[ཞོ་བརྒྱད་དང་སྤྲོད?]། །ཀྲང་ཀ་བརྒྱ་དང་སྲང་གང་ཡ་[ཞོ་བརྒྱད་དང་སྤྲོད?]། །ཡ་ལགས་སོ་ལགས།། །།