Skip to main content Skip to search
17 Aug 2018
6 min 22 sec
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • ནོར་བཟང་དང་ཆ་རོགས་ Norzang & Group
    ས་ཡང་རིན་ཆེན་གླིང་གི་གླིང་སྟོད་ན་ལ། །གནས་ཡང་བྱང་ཆུབ་གླིང་གི་ལེ་ཕོ་བྲང་ནང་ལ། །གནས་ཡང་བྱང་ཆུབ་གླིང་གི་ལེ་ཕོ་བྲང་ནང་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    མཚན་ལྡན་བླ་མ་གཅིག་གི་གསུང་སྐད་ལྷང་ལ། །འཁོར་དུ་རབ་བྱུང་བརྒྱ་དང་ལེ་རྩ་བརྒྱད་ཡོད་ལ། །འཁོར་དུ་རབ་བྱུང་བརྒྱ་དང་ལེ་རྩ་བརྒྱད་ཡོད་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ཡར་ལ་ཨོ་རྒྱན་པད་ཞྭ་ནམ་མཁའ་གང་ལ། །མར་ལ་ཆོས་འཁོར་བཟང་པོས་ལེ་ས་གཞི་གང་ལ། །མར་ལ་ཆོས་འཁོར་བཟང་པོས་ལེ་ས་གཞི་གང་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ཕྱག་ལ་རྡོ་རྗེ་དྲིལ་བུ་བཀྲ་ལ་ཤིས་ལ། །ཕྱག་ལ་རྡོ་རྗེ་དྲིལ་བུ་ལེ་གཡང་ལ་ཆགས་ལ། །ཕྱག་ལ་རྡོ་རྗེ་དྲིལ་བུ་ལེ་གཡང་ལ་ཆགས་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ས་ཡང་རིན་ཆེན་གླིང་གི་གླིང་སྟོད་ན་ལ། །གནས་ཡང་བྱང་ཆུབ་གླིང་གི་ལེ་ཕོ་བྲང་ནང་ལ། །གནས་ཡང་བྱང་ཆུབ་གླིང་གི་ལེ་ཕོ་བྲང་ནང་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    དབང་ཆེན་དཔོན་པོ་གཅིག་གི་གསུང་སྐད་ལྷང་ལ། །འཁོར་དུ་མཚོ་མ་བརྒྱ་དང་ལེ་རྩ་བརྒྱད་ཡོད་ལ། །འཁོར་དུ་མཚོ་མ་བརྒྱ་དང་ལེ་རྩ་བརྒྱད་ཡོད་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ཡར་ལ་རྒྱ་གར་པད་ཞྭ་ནམ་མཁའ་གང་ལ། །མར་ལ་ཁབ་བཞེས་དར་ཕུད་ལེ་ས་གཞི་གང་ལ། །མར་ལ་ཁབ་བཞེས་དར་ཕུད་ལེ་ས་གཞི་གང་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ཕྱག་ལ་[ཡག་རས་གཡུ་རས་?]བཀྲ་ལ་ཤིས་ལ། །ཕྱག་ལ་[ཡག་རས་གཡུ་རས་?]ལེ་གཡང་ལ་ཆགས་ལ། །ཕྱག་ལ་[ཡག་རས་གཡུ་རས་?]ལེ་གཡང་ལ་ཆགས་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ས་ཡང་རིན་ཆེན་གླིང་གི་གླིང་སྟོད་ན་ལ། །གནས་ཡང་བྱང་ཆུབ་གླིང་གི་ལེ་ཕོ་བྲང་ནང་ལ། །གནས་ཡང་བྱང་ཆུབ་གླིང་གི་ལེ་ཕོ་བྲང་ནང་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    རྒན་མོ་ཨ་མ་གཅིག་གསུང་སྐད་ལྷང་ལ། །ཆང་འཐུང་འབྲས་བུ་(མགྲོན་པོ་)བརྒྱ་དང་ལེ་རྩ་བརྒྱད་ཡོད་ལ། །ཆང་ཐུང་འབྲས་བུ་(མགྲོན་པོ་)བརྒྱ་དང་ལེ་རྩ་བརྒྱད་ཡོད་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ཡར་ལ་སུམ་ཆང་སེར་མོས་ནམ་མཁའ་གང་ལ། །མར་ལ་གླུ་གར་ཞབས་བྲོས་ལེ་ས་གཞི་གང་ལ། །མར་ལ་གླུ་གར་ཞབས་བྲོས་ལེ་ས་གཞི་གང་ལ། །
  • ནོར་བཟང་དང་ཆ་རོགས་ Norzang & Group
    ཕྱག་ལ་ཆང་གི་དགའ་སྤྲོ་བཀྲ་ལ་ཤིས་ལ། །ཕྱག་ལ་ཆང་གི་དགའ་སྤྲོ་ལེ་གཡང་ལ་ཆགས་ལ། །ཕྱག་ལ་ཆང་གི་དགའ་སྤྲོ་ལེ་གཡང་ལ་ཆགས་ལ། །
  • ནོར་བཟང་དང་ཆ་རོགས། Norzang and Group
    ས་ཡང་རིན་ཆེན་གླིང་གི་གླིང་སྟོད་ན་ལ། །གནས་ཡང་བྱང་ཆུབ་གླིང་གི་ལེ་ཕོ་བྲང་ནང་ལ། །གནས་ཡང་བྱང་ཆུབ་གླིང་གི་ལེ་ཕོ་བྲང་ནང་ལ། །གནས་ཡང་བྱང་ཆུབ་གླིང་གི་ལེ་ཕོ་བྲང་ནང་ལ།། །།