06 Jan 2016
4 min 10 sec
Video Overview
Creators:
Tibetan & Himalayan Library
This is a video of Kelsang Kyi from Nyingshuk Township in Chentsa singing a song called "In the Land of the Chinese." This song is part of a collection of folk songs from the Rebgong cultural area.
འདི་ནི་དམ་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་ཡང་ཡང་བསྐོར་བར་སྨོན་ལམ་འདེབས་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་དབུས་ལྷ་ལྡན་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལ་ནི་ལྷ་འཕགས་པ་སྤྱན་རས་གཟིགས་ཀྱི་གདན་ས་ཡིན་པ་དང་གནས་འདིར་ཆོས་ཀྱི་འཁོར་ལོ་ཡང་ཡང་བསྐོར་བར་སྨོན་ལམ་འདེབས་པ་དང་། སྨད་རྒྱ་ནག་ཡུལ་གྱི་རི་བོ་རྩེ་ལྔ་ནི་ལྷ་འཇམ་པའི་དབྱངས་ཀྱི་གདན་ས་ཡིན་པ་དང་གཟུངས་ཡི་གེ་དྲུག་མའི་ཆོས་འཁོར་ཡང་ཡང་བསྐོར་བར་སྨོན་ལམ་འདེབས་པའི་གླུ་ཞིག་ཡིན།
- ༼ཡེ་་་ཡ་རེ་ད་ཡ་རེ་་ཡེ་ལེན་གོ༽
- བོད་ཁ་ཅན་གྱི་ས་ཆ་ན།།
- གནས་པོ་ཏ་ལ་ཡི་ཕོ་བྲང་ཡོད།།
- ལྷ་སྤྱན་རས་གཟིགས་ཀྱི་གདན་ས་རེད།།
- རྗེ་བློ་བཟང་བསྟན་པའི་ཆོས་འཁོར་བསྐོར།།
- འདི་ཡང་ཡང་བསྐོར་བའི་སྨོན་ལམ་འདེབས།།
- གླུ་བར་མ་འཇོག་དབྱངས་འདུག་བདེ་བྱེད།།
- ༼ཡེ་་་ཡ་རེ་ད་ཡ་རེ་་་་་ཡེ་ལེན་གོ༽
- སྨད་རྒྱ་ནག་ཡུལ་གྱི་ས་ཆ་ན།།
- རྒྱ་ནག་རི་བོ་རྩེ་ལྔ་ཡོད།།
- ལྷ་འཇམ་པའི་དབྱངས་ཀྱི་གདན་ས་རེད།།
- གཟུངས་ཡི་གེ་དྲུག་མའི་ཆོས་འཁོར་བསྐོར།།