Skip to main content Skip to search
25 Jan 2016
4 min 8 sec
Rating
0
No votes yet
Video Overview
Creators: 
Sonam Chophel, Dawa Tshering

ཝང་གཞས་ ས་མི་རིགས་སྐྱེས་པ། ཟེར་མི་ཝང་གཞས་འདི་ སྤུ་ན་ཁ་རི་རྩ་ལས་ རྣམ་རྒྱས་ཀྱིས་འབད་འཐེནམ་ཨིན་མས། གཞས་འདི་ལུ་ཡང་ ཝང་གཞས་ འོ་ཆུ་པའི་གཞས་ ནུ་སྦི་གི་གཞས་ཟེར་ གཞས་ལུ་ཡང་ལེ་ཤ་ཅིག་འདུག གཞས་འདི་ཚུའི་ཚིག་ཡང་ ཆོས་སྐད་དང་འབྲེལ་བའི་ཚིག་ཚུ་ཡོདཔ་ལས་ གླུ་གཞས་གཞན་བཟུམ་སྦེ་ གོ་དོན་འཇམ་ཏོང་ཏོ་འབད་དེ་ ཧ་གོ་མི་ཚུགས་དོ་ཡོདཔ་ཨིན། ཝང་གཞས་ས་མི་རིགས་སྐྱེས་པ་རིགས་ཟེར་མི་འདི་ཡང་ གདངས་དབྱངས་ཐུང་ཀུ་འབད་དང་ རིངམ་འབད་ མ་འདྲཝ་གཉིས་འབད་འཐེནམ་ཨིན་པས། གཞས་ཚུ་གི་གདངས་དབྱངས་འདི་ རིང་ཐུང་གི་ཁྱད་པར་ཨ་ཙི་རེ་མ་གཏོགས་ ག་ར་གི་གཞི་གཅིག་རང་ཨིན་པས།

 

Show More