Video Overview
An interview on the history of Lamochok.
- Ü
- དགོན་པའི་དཀོར་གཉེར།ཨ་ནི། གསུངས་གནང་དང་།
- ཚེ་རིང་རྒྱལ་པོ།་
- ཚེ་རིང་རྒྱལ་པོ།ངག་དབང་བྱང་ཆུབ། ལྷུན་གྱིས་གྲུབ་པའི་རྩ་ཆེན་པོ།འདི་ནི་ཕྱག་བཏབ་མཁན་ནི་བླ་མ་རྗེ་སློབ་དཔོན་འོད་ཟེར་གྲུབ་རྟོགས་རྣམ་པ་རེད་ཟེ།
- དགོན་པའི་དཀོར་གཉེར།གྲུབ་མཐའ་ག་རེ་རེད། ལགས།
- ཚེ་རིང་རྒྱལ་པོ།གྲུབ་མཐའ་དགེ་ལུགས།
- དགོན་པའི་དཀོར་གཉེར།དགེ་ལུགས་པ་རེད་པས།
- ཚེ་རིང་རྒྱལ་པོ།རེད་ལགས། གྲུབ་མཐའ་དགེ་ལུགས་རེད་ལགས།
- དགོན་པའི་དཀོར་གཉེར།དགེ་ལུགས་པ་རེད་པཱ། གྲུབ་མཐའ།
- ཚེ་རིང་རྒྱལ་པོ།རེད་ལགས།
- དགོན་པའི་དཀོར་གཉེར།ལགས།ལགས། ཨ་ནི། ལྷ་ཁང་ག་ཚོད་ཡོའོ་རེད།
- ཚེ་རིང་རྒྱལ་པོ།ལྷ་ཁང་། ལགས།
- དགོན་པའི་དཀོར་གཉེར།འོང་ལགས།
- ཚེ་རིང་རྒྱལ་པོ།ལྷ་ཁང་ཁག་གཉིས་ལས་ཡོའོ་མ་རེད།
- དགོན་པའི་དཀོར་གཉེར།འོང་ལགས། གཉིས་ནང་རྟེན་ག་རེ། རྟེན་གཙོ་བོ་ག་རེ་རེད་ལགས།
- ཚེ་རིང་རྒྱལ་པོ།རྟེན་གཙོ་བོ་ཚངས་པ་རེད།
- དགོན་པའི་དཀོར་གཉེར།ལགས།
- ཚེ་རིང་རྒྱལ་པོ།ཚངས་པ།
- དགོན་པའི་དཀོར་གཉེར།ཚངས་པ།
- ཚེ་རིང་རྒྱལ་པོ།འོ། ཇོ་བོ་བྱང་ཆུབ་ཆོས་འཕེལ།
- དགོན་པའི་དཀོར་གཉེར།ལགས།ལགས། ཚངས་པ་འདི་ག་དུས་གདན་འདྲེན་ཞུས་པ་རེད། འདིའི་ནང་ལ།
- ཚེ་རིང་རྒྱལ་པོ།སྔོན་ལ་ཡ་ཚངས་པའི་སྐུ་རྟེན་མང་པོ་དགོན་པ་ཡོའོ་རེད་པཱ། འོ་འདི་གདུང་རྟེན་སྤུངས་སྐབས་སྦ་རྩ་གཅིག་༼ཧ་ཅང་ཆེན་པོ་གཅིག་༽གི་བཞི་ཡོའོ་རེད།
- དགོན་པའི་དཀོར་གཉེར།ལགས། ལགས།
- ཚེ་རིང་རྒྱལ་པོ།ཨ་ནི་རིག་གནས་གསར་བརྗེའི་སྐབས་ལ་གཏོར་པ་རེད་པཱ།
- དགོན་པའི་དཀོར་གཉེར།རེད། རེད། ཚངས་པ་དང་བསེ་ཁྲབ་ཆ་རེད་པས།
- ཚེ་རིང་རྒྱལ་པོ།ལགས།
- དགོན་པའི་དཀོར་གཉེར།ཚངས་པ་དང་བསེ་ཁྲབ།
- ཚེ་རིང་རྒྱལ་པོ།བསེ་ཁྲབ་ཟེར་མཁན་དེ་ཚངས་པའི་ད་ཁོ་ཁྲོས་པའི་གཟུགས། མི་ཁོང་ཁྲོ་ཟ་གྱི་རེད་ཟེར།
- དགོན་པའི་དཀོར་གཉེར།ལགས། ལགས།
- ཚེ་རིང་རྒྱལ་པོ།འདི་བྱས།
- དགོན་པའི་དཀོར་གཉེར།རེད། རེད།
- ཚེ་རིང་རྒྱལ་པོ།ད། ཚངས་པ་ཁོ་རང་ཞི་བ་ཐོག་ལ་རེད།
- དགོན་པའི་དཀོར་གཉེར།རེད། རེད།
- ཚེ་རིང་རྒྱལ་པོ།ད། ཁོ་རང་ཚངས་པ་ཞི་བ་དེ་ཁྲོས་པ་ཡིན་ཙང་། ཨ་ནི་་བསེ་ཁྲབ་ཡང་ཆགས་པ་རེད་པཱ། སྐུ་དྲག་པོ།
- དགོན་པའི་དཀོར་གཉེར།འདིའི་ནང་ལ་བསེ་ཁྲབ་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།ཡོའོ་རེད་ལགས།
- དགོན་པའི་དཀོར་གཉེར།འདིའི་ནང་ལོགས་ལ་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།འོ་ལགས། སྐུ་ངོ་མ་གཅིག་རང་རེད་ལགས།ཁོ་རང་
- དགོན་པའི་དཀོར་གཉེར།བསེ་ཁྲབ་དེ་གསང་ཕུ་ལ་ཡོའོ་མ་རེད་པས། གསང་ཕུ།
- ཚེ་རིང་རྒྱལ་པོ།ག་ས་ག་ལ་ཡོའོ་རེད་ལགས།
- དགོན་པའི་དཀོར་གཉེར།ག་ས་ག་ལ་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།ཡོའོ་རེད་ལགས།
- དགོན་པའི་དཀོར་གཉེར།ག་པར་ཡོའོ་རེད། དཔེར་ན་ཆ་བཞག་ན།
- ཚེ་རིང་རྒྱལ་པོ།བསེ་ཁྲབ་ལོའོ།
- དགོན་པའི་དཀོར་གཉེར།ལགས་ལགས།
- ཚེ་རིང་རྒྱལ་པོ།དགའ་ལྡན་ལ་ཡོའོ་རེད། ལམ་རྨུ་ཁང་ཡོའོ་རེད། ཕུ་ཟེར་ལ་ཡོའོ་རེད།
- དགོན་པའི་དཀོར་གཉེར།ལགས།
- ཚེ་རིང་རྒྱལ་པོ།འདིའི་སྦུག་དེར་དགོན་པོ་གཅིག་ཡོའོ་རེད་དའི་ལའི་ཡོའོ་རེད།
- དགོན་པའི་དཀོར་གཉེར།འདིའི་དགོན་པ་འདིའི་མིང་ལ་ག་རེ་ཟེར་གྱི་རེད།
- ཚེ་རིང་རྒྱལ་པོ།ཚེ་བསོད་ལགས།
- དགོན་པའི་དཀོར་གཉེར།ཚེ་བསོད།
- ཚེ་རིང་རྒྱལ་པོ།འོ་ཨོ།
- དགོན་པའི་དཀོར་གཉེར།ཨ་ལས། ཚེ་བསོད་དགོན་པ་ལ་ཡོའོ་རེད་པཱ།
- ཚེ་རིང་རྒྱལ་པོ།འོ་ལགས།
- དགོན་པའི་དཀོར་གཉེར།ལགས་སོ། ལགས་སོ། ཨ་ནི་ཚངས་པ་དང་ལྷ་བབ་དུས་ག་དུས་བབ་ཀྱི་རེད་པས། ལྷ་བབ་གོ་རེད་པཱ།ལྷ་ཕེབས་གོ་རེད་པཱ།
- ཚེ་རིང་རྒྱལ་པོ།ལྷ་བབ་དུས་ཙམ་ལ་ཟླ་བ་དང་པོའི་ཚེས་པ་གསུམ་ལ་ཡ་གཅིག་ཕེབས་ཀྱི་རེད།
- དགོན་པའི་དཀོར་གཉེར།ལགས་སོ།
- ཚེ་རིང་རྒྱལ་པོ།རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཞབས་ཕྱི་ཡོའོ་རེད་པཱ། ད།
- དགོན་པའི་དཀོར་གཉེར།ལགས་རེད།
- ཚེ་རིང་རྒྱལ་པོ།འོ་འདི་འདྲས་འདྲ་པོ་གཏང་། གཙང་བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་བྱེད་ཀྱི་རེད།
- དགོན་པའི་དཀོར་གཉེར།ཨ་ལས།
- ཚེ་རིང་རྒྱལ་པོ།ཨོའོ་དེར་ཚོར་སྐུ་གསུངས་ཞུས། ཚངས་པ་དཀར་པོ་ལ་འབུལ་རྟེན་བརྒྱབ། ཨ་ནི་ཁོ་རང་ཕེབས་ན་འགྲིག་ཀྱི་རེད།
- དགོན་པའི་དཀོར་གཉེར།ལགས་སོ། གཙང་བཀྲ་ཤིས་ལྷུན་པོ་དང་འདི་བར་ལ་འབྲེལ་བ་ག་རེ་ཡིན་ནམ།
- ཚེ་རིང་རྒྱལ་པོ།འདིའི་ཚངས་པ་འདི་པཎ་ཆེན་རིན་པོ་ཆེའི་དབུ་ལྷ།
- དགོན་པའི་དཀོར་གཉེར།ཨ་ལས། རེད།རེད།
- ཚེ་རིང་རྒྱལ་པོ།སྐྱེས་པའི་སྐྱེ་ལྷ།
- དགོན་པའི་དཀོར་གཉེར།ལགས་སོ། ལགས་སོ། ཨ་ལས།
- ཚེ་རིང་རྒྱལ་པོ།འོ།འདུག་བཟོ་རེད་ལགས།
- དགོན་པའི་དཀོར་གཉེར།ཨ་ནི། གཅིག་པཎ་ཆེན་རིན་པོ་ཆེ་རྦད་དེ་ཕེབས་ཀྱི་རེད། རེད་པཱ།
- ཚེ་རིང་རྒྱལ་པོ།ཕེབས་ཀྱི་རེད།
- དགོན་པའི་དཀོར་གཉེར།ལོ་ལྟར་རེ་བཞིན་ཕེབས་ཀྱི་རེད་པས།
- ཚེ་རིང་རྒྱལ་པོ།ཕེབས་ཀྱི་རེད་ལགས།
- དགོན་པའི་དཀོར་གཉེར།ཨ་ལས། ཨ་ནི་ཕེབས་ནི་ག་པར་བཞུགས་ཀྱི་ཡོའོ་རེད།
- ཚེ་རིང་རྒྱལ་པོ།ཡ་གའི་གཟིམ་ཆུང་ཁང་རི་ཡ་གའི་སྒང་ལ་གཟིམ་ཆུང་ཡོའོ་རེད་པཱ།
- དགོན་པའི་དཀོར་གཉེར།ལགས་རེད། ལགས་རེད།
- ཚེ་རིང་རྒྱལ་པོ།ད། རིག་གནས་གསར་བརྗེ་ཆེན་པོའི་རིང་ལ་ཁང་པ་སྒང་ག་གཏོར་སྐྱོགས་ལོག་༼མེད་པ་བཟོས་པའི་དོན་༽ད་བཞུགས་ས་མ་རེད་པ་ལགས།
- དགོན་པའི་དཀོར་གཉེར།རེད། རེད། རེད། རེད།
- ཚེ་རིང་རྒྱལ་པོ།ཨ་ནི། འོ་འདིར་ཡར་བཞུགས་ཀྱི་རེད། ཁྱུག་ཁྱུག་ཙམ་མ་གཏོགས་བཞུགས་ཀྱི་མ་རེད་པ་ལགས།
- དགོན་པའི་དཀོར་གཉེར།ལགས་རེད། ལགས་རེད།
- ཚེ་རིང་རྒྱལ་པོ།ཁྱུག་ཁྱུག་ཙམ་བཞུགས་ཁྲི་བརྒྱབ་ཨ་ནི་ཕེབས་འགྲོ་གི་རེད།
- དགོན་པའི་དཀོར་གཉེར།ལགས་སོ། ཚངས་པའི་སྐུ་ཁོག་འདི་ག་ནས་ཡོང་གི་ཡོའོ་རེད།
- ཚེ་རིང་རྒྱལ་པོ།ཁོང་གི་སྐུ་ཁོག་འདི་སྔོན་མ་འདི་ག་རང་ལ་ཡོའོ་རེད། ལགས།
- དགོན་པའི་དཀོར་གཉེར།འདི་ག་རང་ལ་བཞུགས་ཀྱི་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།ཨ་ནི། མཚམས་རེ་གཅིག་ལ་ཁོ་རང་ཕར་ཕེབས་གསུངས་དགོས་རེད་པཱ།
- དགོན་པའི་དཀོར་གཉེར།ཨན། ཚངས་པའི་སྐུ་ཁོག་འདི་ཨ་ཁུ་ཨེ་འདྲས་རེད་གྲྭ་པ་རེད།
- ཚེ་རིང་རྒྱལ་པོ།སྐུ་ཁོག་འདི་གདུང་རྒྱུད་རེད། གདུང་རྒྱུད།
- དགོན་པའི་དཀོར་གཉེར།གདུང་རྒྱུད་རེད་པས།
- ཚེ་རིང་རྒྱལ་པོ།འོ་ཨོ།
- དགོན་པའི་དཀོར་གཉེར།ཨ་ལས།
- ཚེ་རིང་རྒྱལ་པོ།ཁོ་རང་གི་ཕྲུ་གུའི་ཕྲུ་གུ་་ཕྲུ་གུའི་ཕྲུ་གུ་བྱས་ནས་གདུང་རྒྱུད་མ་གཏོགས་ཡོའོ་མ་རེད་ལགས།
- དགོན་པའི་དཀོར་གཉེར།གདུང་རྒྱུད་བཞུགས་ས་ག་པར་བཞུགས་ཀྱི་ཡོའོ་རེད། སྐུ་ཁོག་བཞུགས་ས་ག་པར་བཞུགས་ཀྱི་ཡོའོ་རེད།
- ཚེ་རིང་རྒྱལ་པོ།སྔོན་མ་ལགས།
- དགོན་པའི་དཀོར་གཉེར།འོ་ལགས།
- ཚེ་རིང་རྒྱལ་པོ།སྔོན་མ་འདིའི་འོག་འདིའི་བཞུགས་ས་ཡོའོ་རེད། དགོན་པ་སྦ་ཙ་གཅིག་༼ཆེན་པོ་གཅིག་༽ཡོའོ་རེད།
- དགོན་པའི་དཀོར་གཉེར།ཨ་ནི། དགོན་པ་ཟེར་གྱི་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།རེད་ལགས། དགོན་པ་རེད།
- དགོན་པའི་དཀོར་གཉེར།བཞུགས་ས་འདི་མིང་ལ་ག་རེ་ཟེར་གྱི་ཡོའོ་རེད།
- ཚེ་རིང་རྒྱལ་པོ།ལ་མོ་བྱང་ཆུབ་ལྕོག། མ་གའི་མར་མ་གཅིག་ལ་མོ།
- དགོན་པའི་དཀོར་གཉེར།ལ་མོ་ལྕོག་རེད་པས།
- ཚེ་རིང་རྒྱལ་པོ།ལ་མོ་ལྕོག་མཱ།༼མ་རེད།༽ ལ་མོ་མི་ཡུལ་ཟེར་ཡས་གཅིག་ཡོའོ་རེད་མ་གའི་འོག་མ་གིར།
- དགོན་པའི་དཀོར་གཉེར།ལགས་སོ།
- ཚེ་རིང་རྒྱལ་པོ།གང་ལྟར་སྔོན་མ་རྒྱལ་སྒོ་ཨེ་འདྲས་གཉིས་ཀ་གཉིས་རེད་ལགས།
- དགོན་པའི་དཀོར་གཉེར།ལགས་སོ།
- ཚེ་རིང་རྒྱལ་པོ།འདིའི་འོག་ལ་དགོན་པའི་རྒྱལ་སྒོ་བྱས། འདིའི་འོག་ལ་མ་གིའི་རྒྱལ་སྒོ་བྱས།
- དགོན་པའི་དཀོར་གཉེར།ལགས། ལགས།
- ཚེ་རིང་རྒྱལ་པོ།འདིའི་འོག་དེའི་རྒྱལ་སྒོ་གཉིས་འདི་འདྲས་ཟེར།
- དགོན་པའི་དཀོར་གཉེར།ཨ་ལས། རེད། རེད། སྐུ་ཁོག་འདིའི་གདུང་རྒྱུད་ཨེ་མི་ཚང་འདིའི་མིང་ལ་ག་རེ་ཟེར་གྱི་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།ལ་མོ་གཞུང་རྐྱང་།
- དགོན་པའི་དཀོར་གཉེར།ལགས།
- ཚེ་རིང་རྒྱལ་པོ།ལ་མོ་གཞུང་རྐྱང་།
- དགོན་པའི་དཀོར་གཉེར།ལ་མོ་གཞུང་རྐྱང་ཟེར་གྱི་ཡོའོ་རེད་པས། སྐུ་ཁོག་འདི་ལ་མོ་གཞུང་རྐྱང་ཟེར་གྱི་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།རེད་ལགས། འོ་འདིའི་སྐུ་ཁོག་འདི་ད་འདི་ང་ཚོའི་ལོ་རྒྱུས་སྒང་ན་ས་བཤད་པ་ན་ལྕོག་བཞི་ཡོའོ་རེད་པཱ། བོད་ལྗོངས་ཡོངས་ལ་ལྕོག་བཞི།
- དགོན་པའི་དཀོར་གཉེར།རེད། རེད།
- ཚེ་རིང་རྒྱལ་པོ།ལ་མོ་ལྕོག བསམ་ཡས་ལྕོག ཁྲ་འབྲུག་ལྕོག གནས་ཆུང་ལྕོག ཨོ་འདི་ལྕོག་ཁོངས་ལ་ཚུད་ཡོའོ་རེད། ད་འདི།
- དགོན་པའི་དཀོར་གཉེར།རེད། རེད། ཁྲ་འབྲུག་ལྕོག་འདི་ཚངས་པ་རེད། རེད་པཱ།
- ཚེ་རིང་རྒྱལ་པོ།ཚངས་པ་རེད།
- དགོན་པའི་དཀོར་གཉེར།རེད། རེད།
- ཚེ་རིང་རྒྱལ་པོ།འདི་བདེ་བ་བཞིའི་ཁུངས་གཏོགས་རེད། དེའི། ལ་མོ་བདེ་བ་ཟེར། ཁང་པ་ཕ་གིའི་གཉིས་དེ་གཉིས་བདག་པོ་གཅིག་ཡོའོ་རེད་པཱ་ལགས།
- དགོན་པའི་དཀོར་གཉེར།ལགས་རེད།
- ཚེ་རིང་རྒྱལ་པོ།འོ། དེར་ལ་མོ་སྡེ་བ།
- དགོན་པའི་དཀོར་གཉེར།ལ་མོ་སྡེ་བ་ཟེར་གྱི་རེད། རེད་པཱ།
- ཚེ་རིང་རྒྱལ་པོ།འོ་ཨོ།
- དགོན་པའི་དཀོར་གཉེར།ལགས་སོ། ཨན། ལྷ་ཕེབས་དུས་གང་འདྲས་ཟེར་ཕེབས་ཀྱི་རེད།
- ཚེ་རིང་རྒྱལ་པོ།ལྷ་ཕེབས་དུས་གངས་རིའི་ཡ་གའི་་ཕེབས་ཚར་སོང་ན་སྐུ་ཕྱག་ཞུས། མཇལ་བསྐུར་གནང་། ཨ་ནི་གྲྭ་པས་ཆོས་འཁོར་གཏང་། ཨ་ནི་ཕེབས་ཀྱི་རེད་ལགས།
- དགོན་པའི་དཀོར་གཉེར།ཨ་ལས། བཀའ་ལུང་གནང་གི་རེད་པས།
- ཚེ་རིང་རྒྱལ་པོ།བཀའ་ལུང་གནང་གི་རེད་ལགས།
- དགོན་པའི་དཀོར་གཉེར།བཀའ་ལུང་ག་རེ་ག་རེ་གནང་གི་རེད།
- ཚེ་རིང་རྒྱལ་པོ།བཀའ་ལུང་ང་ཚོས་ཧ་གོ་གི་མ་རེད་ང་ཚོ་ཆུང་ཆུང་རེད་པཱ། ལོ་ཡར་མི་གྲྭ་པའི་མཁན་པོ་དང་ཁོ་རང་མིའི་ཚངས་པའི་སྐུ་ཁོག་གི་ཞབས་ཕྱི་ཏེ་ཞབས་གྲས་ཟེར་མཁན་འདྲ་པོ་མང་གཅིག་ཡོའོ་རེད་པཱ
- དགོན་པའི་དཀོར་གཉེར།ལགས་རེད། ལགས་རེད།
- ཚེ་རིང་རྒྱལ་པོ།དེ་ཚོས་བཤུས་འགྲོ་གི་རེད།
- དགོན་པའི་དཀོར་གཉེར།ཨ་ལས། བཤུ་མཁན་དེཨེ་ཞབས་གྲས་ཀྱིས་བཤུ་ཀྱི་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།འོ་ཨོ་ལགས།
- དགོན་པའི་དཀོར་གཉེར།ཨ་ལས། ལགས་སོ་ལགས་སོ། འདི་བྱས། ལམ་མོ་འདི་དང་གནས་ཆུང་བར་ལ་འབྲེལ་བ་ག་རེ་ཡོའོ་རེད། གནས་ཆུང་ཆོས་སྐྱོངས་དང་ལ་མོ་ཆོས་སྐྱོངས་བར་ལ།
- ཚེ་རིང་རྒྱལ་པོ།དེ་འབྲེལ་བ་ཟེར་ཡོའོ་མ་རེད་ལགས།
- དགོན་པའི་དཀོར་གཉེར།ཨ་ལས།
- ཚེ་རིང་རྒྱལ་པོ།མ་གིའི་རྨེ་རུ།
- དགོན་པའི་དཀོར་གཉེར།འོང་།
- ཚེ་རིང་རྒྱལ་པོ།ད་ལྟ་འདིའི།
- དགོན་པའི་དཀོར་གཉེར།རྨེ་རུ་རྙིང་པ།
- ཚེ་རིང་རྒྱལ་པོ།འོ། འདི་དང་འབྲེལ་བ་ཡོའོ་རེད།
- དགོན་པའི་དཀོར་གཉེར།ཨ་ལས། འདི་དང་འབྲེལ་བ་གང་འདྲས་ཡོད་ནམ།
- ཚེ་རིང་རྒྱལ་པོ།འདིའི་རྨེ་རུ་འདི་ཚངས་པ་རེད་པཱ།
- དགོན་པའི་དཀོར་གཉེར།འོ་རེད།
- ཚེ་རིང་རྒྱལ་པོ།འདོད་པ་གཅིག་པ་རེད་ལགས། བསྐངས་གསོ་བཏང་པ་ཡིན་ན་ཁོའི་་གསོས་ཁ་གཏང་པ་ཡིན་ན་གཅིག་པ་རེད།
- དགོན་པའི་དཀོར་གཉེར།རྨེ་རུ་རྙིང་པ་ཟེར་ཡས་འདི་རེད་པས།རྨེ་རུ་གསར་པ་རེད། རྨེ་རུ་གསར་པ་འདི་རེད་པཱ། རྨེ་རུ་རྙིང་པ་ཟེར་ན་གཙུག་ལག་ཁང་གི་རྒྱབ་ལོགས་འདིའི་ཡོད་པཱ།
- ཚེ་རིང་རྒྱལ་པོ།ཨོ། འདི་མ་རེད་ལགས།
- དགོན་པའི་དཀོར་གཉེར།ཨ་ལས། ད་ལྟ་འདིའི་དཔེ་ཆ་དཔར་བརྒྱབ་ས་འདི། འདིའི་ནང་ལོགས་ལ།
- ཚེ་རིང་རྒྱལ་པོ།འོ་ཨོ། འདི་རེད། འོག་ཚེམ་བུ་རྒྱག་ཡས་མདོ་སྦུགས་འོ།
- དགོན་པའི་དཀོར་གཉེར།འོ། འདུག། འདུག། འདུག། འདིའི་སྐུ་ཁོག་འདི་མར་འགྲོ་གི་རེད་པས། རྨེ་རུ་ལ་འགྲོ་གི་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།ལགས།
- དགོན་པའི་དཀོར་གཉེར།སྐུ་ཁོག་འདི། སྐུ་ཁོག་འདི་རྨེ་རུ་ལ་མར་འགྲོ་གི་རེད་པས།
- ཚེ་རིང་རྒྱལ་པོ།འགྲོ་གི་རེད་ལགས།
- དགོན་པའི་དཀོར་གཉེར།ག་དུས་འགྲོ་གི་རེད་པས།
- ཚེ་རིང་རྒྱལ་པོ།ཟླ་བ་དང་པོའོ་ནང་དུ་པར།
- དགོན་པའི་དཀོར་གཉེར།ཨ་ལས། ཨ་ནི་མི་གི་ལ་ཕེབས་ཀྱི་ཡོའོ་རེད་པཱ།
- ཚེ་རིང་རྒྱལ་པོ།ཨ་ནི། མ་གའི་ཨམ་འབྲས་མ་རེད་པཱ་ར་མ་ཇོལ་མོའི་ནང་སྐུ་གསོལ་ཞུས།
- དགོན་པའི་དཀོར་གཉེར།ལགས། ལགས།
- ཚེ་རིང་རྒྱལ་པོ།ཨ་ནི། ཡ་གའི་ཕེབས་ཀྱི་རེད།
- དགོན་པའི་དཀོར་གཉེར།ཨ་ལས། དཱ། ཕ་གི། ཨ་ནི། ད་གིན་ཕ་གིའི་ནང་ལ་ཞགས་པ་གཅིག་འདུག་ག། ཞགས་པ་དེ་ག་རེ་བྱེད་ཡས་རེད།
- ཚེ་རིང་རྒྱལ་པོ།ཞགས་པ་དེ་ཁོ་རང་གི་དཔེ་ཆ་ཁོ་རང་ནང་གི་ཞགས་པ་འདི་འདྲས་གཞན་ཞགས་པ་བྱེད་ཡས་ག་ཡི་༼གང་ཡང་༽མ་རེད།
- དགོན་པའི་དཀོར་གཉེར།ཨ་ལས། ཞགས་པ་ནག་པོ་རིང་པོ་གཅིག་འདུག་ག།
- ཚེ་རིང་རྒྱལ་པོ།འོ་འདི་ཁོ་རང་གི་དཔེ་ཆའི་ནང་ལ་གསལ་བསྡད་ནི་མ་གཏོགས་གཞན་གའི་བྱེད་ཡས་མ་རེད།
- དགོན་པའི་དཀོར་གཉེར།ལགས། ལགས། ལགས། ཨན། ལྷ་བབ་དུས་ག་ཡའི༼གང་ཡང་༽་བྱེད་ཀྱི་མ་རེད་པཱ།
- ཚེ་རིང་རྒྱལ་པོ།འན་འེ། ༼གང་ཡང་བྱེད་ཀྱི་མ་རེད།༽
- དགོན་པའི་དཀོར་གཉེར།བེད་སྤྱོད་གཏང་གནང་གི་མ་རེད་པས།
- ཚེ་རིང་རྒྱལ་པོ།འོང་། ༼མ་རེད།༽
- དགོན་པའི་དཀོར་གཉེར།ཨ་ལས། ལགས། ལགས། ལ་མོ་ལྕོག། ལ་མོ་དགོན་པ། ཨན། འདིའི་ལ་མོ་འདིར་ལྷ་ཁང་ག་ཚོད་ཡོའོ་རེད། དགོན་པ་དེའི།
- ཚེ་རིང་རྒྱལ་པོ།དང་པོ་སྤྱི་ཚོགས་་རྙིང་མའི་སྒང་དེར་ལྷ་ཁང་གཉིས་རེད།
- དགོན་པའི་དཀོར་གཉེར།ལགས་སོ།
- ཚེ་རིང་རྒྱལ་པོ།སྒྲོན་མའི་གསེར་ཟངས་སྐུ་ཉི་ཤུ་རྩ་གཅིག་གང་ལྷག་མ་དང་བཅས་པའི་ཉི་ཤུ་རྩ་གཅིག་ཡོའོ་རེད།
- དགོན་པའི་དཀོར་གཉེར།ལགས་སོ།
- ཚེ་རིང་རྒྱལ་པོ།དེའི་མདུན་དེར་ཡ་དེ་འདྲས་ཀྱི་སྐུ་རྟེན་ཀྱི་གདུང་རྟེན་དངུལ་དཀར་པོ་སྦ་རྩ་ཅིག་༼ཆེན་པོ་ཅིག་༽གི་བཞི་ཡོའོ་རེད།
- དགོན་པའི་དཀོར་གཉེར།ལགས་སོ། དེ་ནས།
- ཚེ་རིང་རྒྱལ་པོ།དེའི་འོག་དེར་ཆོས་ཁང་བྱེད་ཀྱི་རེད་པཱ་ལགས།
- དགོན་པའི་དཀོར་གཉེར།འོ་རེད།
- ཚེ་རིང་རྒྱལ་པོ།བྱས་ཙང་ད་ལྟ་འདི་ཚངས་པ་བཞུགས་ས་དང་ཡ་གའི་མགོན་ཁང་གཅིག་ཡོའོ་རེད།
- དགོན་པའི་དཀོར་གཉེར།ལགས་སོ།
- ཚེ་རིང་རྒྱལ་པོ།གཞི་ནི་སྔོན་ལ་ནི་རྟ་མགྲིན་ཡོའོ་རེད། འཇིགས་བྱེད་ཡོའོ་རེད། ཚངས་པ། ཨ་ནི་མི་དེ་རེད་པཱ།
- དགོན་པའི་དཀོར་གཉེར།ལགས་རེད།
- ཚེ་རིང་རྒྱལ་པོ།དེ་མིན་པའི་ལྷ་ཞེ་དྲག་ཡོའོ་རེད།
- དགོན་པའི་དཀོར་གཉེར།ལགས། ལགས། ལྷ་ག་རེ་ག་རེ་ཡོའོ་རེད་འདི་ནང་ལོགས་ལ།
- ཚེ་རིང་རྒྱལ་པོ།སྐུ་ལྔ་དེ་འདྲས་རིགས།
- དགོན་པའི་དཀོར་གཉེར།རྒྱལ་པོ་སྐུ་ལྔ་ཡོའོ་རེད་པས། འདིའི་ནང་ལོགས་ལ།
- ཚེ་རིང་རྒྱལ་པོ།ཡོའོ་རེད་ལགས།
- དགོན་པའི་དཀོར་གཉེར།ཨ་ལས། ལགས་སོ་ལགས་སོ།
- ཚེ་རིང་རྒྱལ་པོ།སྐུ་མཚམས་འདོན་པ་ཡང་འདོན་གྱི་རེད་
- དགོན་པའི་དཀོར་གཉེར།ལགས་སོ་ལགས་སོ།
- ཚེ་རིང་རྒྱལ་པོ།ད་ག་མདུན་དེར་ཆོས་ཆང་ཞུ་སའི་འདིའི་༼འདི་ལ་༽རྩིག་པ་འདི་ལ་ཡ་ཤིང་འདི་ག་ཙམ་འདི་ག་ཙམ་རྐྱང་འདུག་ག
- དགོན་པའི་དཀོར་གཉེར།འོ་འདུག། འདུག། འདུག།
- ཚེ་རིང་རྒྱལ་པོ།དེའི་སྒང་ལ་ཡ།གནམ་སྲས་བརྒྱད་ཡོའོ་རེད།
- དགོན་པའི་དཀོར་གཉེར།ཨ་ལས། ལགས་སོ།
- ཚེ་རིང་རྒྱལ་པོ།འདི་ག་ཙ་༼ཙམ་༽གཅིག་གི་བརྒྱད།
- དགོན་པའི་དཀོར་གཉེར།ལགས་སོ་ལགས་སོ།
- དགོན་པའི་དཀོར་གཉེར།ཨ་ནི། ཨེ། འདིར་རྣམ་པར་སྣང་མཛད་དང་རྒྱལ་བ་རིགས་ལྔ་དང་ཉེ་བའི་སྲས་ཆེན་བརྒྱད་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།འདི་འདྲས་ཡོའོ་མ་རེད།
- དགོན་པའི་དཀོར་གཉེར།འདི་འདྲས་ཡོའོ་མ་རེད་པས།
- ཚེ་རིང་རྒྱལ་པོ།ཉེ་བའི་སྲས་ཆེན་བརྒྱད། ཡོད་ནམ།
- དགོན་པའི་དཀོར་གཉེར།ཉེ་བའི་སྲས་ཆེན་བརྒྱད་ཡོད་ཀྱི་རེད། ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།ཉེ་བའི་སྲས་ཆེན་བརྒྱད་སྐོར་ཆོས་མཇལ་ཞུ་ཡས་ཨེ།
- དགོན་པའི་དཀོར་གཉེར།ཨོ་ལགས།
- ཚེ་རིང་རྒྱལ་པོ།འདི་འདྲས་ཡོའོ་མ་རེད།
- དགོན་པའི་དཀོར་གཉེར།ཡོའོ་མ་རེད་པཱ།ལྷ་ཁང་རྣམས་ལ་འདི་འདྲས་ཡོའོ་མ་རེད་པཱ།
- ཚེ་རིང་རྒྱལ་པོ།ཡོའོ་མ་རེད།
- དགོན་པའི་དཀོར་གཉེར།ཨ་ལས། རེད། རེད། རེད། ཨ་ནི། ཐོག་མ་འདི་བྲག་ཕུག་ཅིག་རེད་ཟེར་གྱི་ཡོའོ་རེད་པཱ།
- ཚེ་རིང་རྒྱལ་པོ།ལགས།
- དགོན་པའི་དཀོར་གཉེར།ཐོག་མ་ཐོག་མ་ཐོག་མ་འདི་ལྷ་ཁང་འདི་ཀླུ་མིས་མ་བཞེངས་གོང་ལ་བྲག་ཕུག་རེད་པས། བྲག།
- ཚེ་རིང་རྒྱལ་པོ།བྲག་རེད་འདི།
- དགོན་པའི་དཀོར་གཉེར།ཨ་ལས།
- ཚེ་རིང་རྒྱལ་པོ།བྲག་རེད་ལགས།
- དགོན་པའི་དཀོར་གཉེར།ཆུང་ཆུང་གཅིག
- ཚེ་རིང་རྒྱལ་པོ།བྲག་སྒང་ལ་ཆགས་ཡོའོ་རེད།
- དགོན་པའི་དཀོར་གཉེར།ཨ་ལས་ལས།
- ཚེ་རིང་རྒྱལ་པོ།འདིའི་ཕར་ས་དེ་ལ་བྲག་བི་ཙམ་གཅིག་འདུག་ག ལགས།
- དགོན་པའི་དཀོར་གཉེར།འོ་འདུག འོ་འདུག་འདུག
- ཚེ་རིང་རྒྱལ་པོ།བྲག་སྒང་ལ་ཆགས་བསྡད་ཡོའོ་རེད།
- དགོན་པའི་དཀོར་གཉེར།ཨ་ལས། ལགས་སོ། རེད། རེད། ཕ་གི་ལྷ་ཚངས་པའི་བཞུགས་ཁྲི་རེད་པས།
- ཚེ་རིང་རྒྱལ་པོ།མ་རེད་ལགས།
- དགོན་པའི་དཀོར་གཉེར།ལགས་འོང་། ཨ་ནི་ག་རེ་རེད།
- ཚེ་རིང་རྒྱལ་པོ།ཕ་གི་མ་རེད། ཕ་གི་ང་ཚོས་ཆོས་བྱེད་ཡས་ཀྱི་རེད།
- དགོན་པའི་དཀོར་གཉེར།ཨ་ལས། ལགས་སོ། སྦྱིན་སྲེག་བཀྲག་༼བསྲེག་༽ས་མིན་འགྲོ།
- ཚེ་རིང་རྒྱལ་པོ།འོ་ཨོ། རེད་ལགས།
- དགོན་པའི་དཀོར་གཉེར།ག་དུས་བཀྲག་༼བསྲེག་༽གི་རེད། སྦྱིན་སྲེག
- ཚེ་རིང་རྒྱལ་པོ།ཁ་ཟིན་༼སྔོན་༽ཟླ་བ་གསུམ་པའི་ནང་ལ་བཀྲག་༼བསྲེག་༽པ་རེད་ལགས།
- དགོན་པའི་དཀོར་གཉེར།ཨ་ལས། དེ་འཆམ་འཁྲབ་ཀྱི་རེད་པས་སྤྱི་ཚོགས་རྙིང་པའི་སྒང་ལ།
- ཚེ་རིང་རྒྱལ་པོ།མཚམས་རེ་འཁྲབ་ཀྱི་རེད་ལགས། ཟླ་བ་བཅུ་པའི་ཉི་ཤུ་ལྔ།དྲུག།བདུན་འདི་བར་ལ་སྔོན་མ་ཡིན་ན།
- དགོན་པའི་དཀོར་གཉེར།བོད་ཟླ་བཅུ་པའི་ཉི་ཤུ་ལྔ་དང་དྲུག བདུན་འདི་བར།
- ཚེ་རིང་རྒྱལ་པོ།འོ་ཨོ། ལྔ་། དྲུག བདུན།
- དགོན་པའི་དཀོར་གཉེར།ལགས་སོ། འཆམ་གྱི་གཞུང་ག་རེ་འཁྲབ་ཀྱི་རེད་ལགས།
- ཚེ་རིང་རྒྱལ་པོ།གཞུང་ཁོ་རང་དཔེ་ཆ་གཞིར་བཟུང་རེད་ལགས།
- དགོན་པའི་དཀོར་གཉེར།ཨ་ལས། ག་རེ། ལྷ་ག་རེ་ག་རེ་དོན་གྱི་རེད། འཆམ་འཁྲབ་དུས།
- ཚེ་རིང་རྒྱལ་པོ།ལྷ་ཕེབས་དུས་ཙམ་ལ། དགོན་ཐོག་འབའ་ནི་ཕྱག་བཏབ་མཁན་འདི་གཅིག་ཡོའོ་རེད་པཱ་ལགས།
- དགོན་པའི་དཀོར་གཉེར།འོ་རེད།
- ཚེ་རིང་རྒྱལ་པོ།འོ།འདིས་དང་པོ་འདོན་གྱི་རེད།
- དགོན་པའི་དཀོར་གཉེར།ཨ་ལས། དེ་ནས་།
- ཚེ་རིང་རྒྱལ་པོ།དེ་ནས་ཡིན་ན། ཞིང་སྐྱོང་བཞི་ཡོའོ་རེད་ལགས།
- དགོན་པའི་དཀོར་གཉེར།ཨ།
- ཚེ་རིང་རྒྱལ་པོ།དུར་བདག་བཞི།
- དགོན་པའི་དཀོར་གཉེར།རེད། རེད། རེད། རེད།
- ཚེ་རིང་རྒྱལ་པོ།དེ་དུས་ཨ་ནི། ཚངས་པས་འཁོར་འདི་འདྲས་མཐོང་གི་རེད་ལགས།
- དགོན་པའི་དཀོར་གཉེར།ལགས། ལགས། ལགས།
- ཚེ་རིང་རྒྱལ་པོ།ཨ་ནི་ཚངས་པ་མཐོང་གི་རེད་པཱ་ལགས།
- དགོན་པའི་དཀོར་གཉེར།རེད། རེད། ཚངས་པའི་འཁོར་ག་རེ་ག་རེ་ཡོའོ་རེད།
- ཚེ་རིང་རྒྱལ་པོ།ཚངས་པའི་འཁོར་ཞེ་དྲག
- དགོན་པའི་དཀོར་གཉེར།ནོའོ།༼ལགས།༽ ག་རེ་ག་རེ་ཡོའོ་རེད།
- ཚེ་རིང་རྒྱལ་པོ།སྤྲུལ་པ་རྣམ་པ་དྲུག
- དགོན་པའི་དཀོར་གཉེར།ཨ་ལས།
- ཚེ་རིང་རྒྱལ་པོ།སྤྲུལ་པ་རྣམ་པ་དྲུག ཁོང་རང་ཚངས་པར་སྤྲུལ་པ་རྣམ་པ་དྲུག་བསྟན་རྒྱུ་ཡོའོ་རེད་པཱ།
- དགོན་པའི་དཀོར་གཉེར།རེད། རེད། རེད། རེད།
- ཚེ་རིང་རྒྱལ་པོ།དེ་ནས་རྒྱལ་ཆེན་སྐུ་ལྔ།
- དགོན་པའི་དཀོར་གཉེར།ཨ་ལས།
- ཚེ་རིང་རྒྱལ་པོ།འོ་འདི་འདྲས་ཟེར།
- དགོན་པའི་དཀོར་གཉེར།ལགས། ལགས། དཔེ་ཧར་་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།གཡས་དཔེ་ཧར་་རྒྱལ་པོ།
- དགོན་པའི་དཀོར་གཉེར།འོང་།
- ཚེ་རིང་རྒྱལ་པོ།དཔེ་ཧར་རྒྱལ་པོ་འོ་འདིའི་སྒང་ལ་གཤམ་དེ་ནས་མར་ཁ་གཙང་གཅིག་ལངས་འདུག་གོ
- དགོན་པའི་དཀོར་གཉེར།འོང་་་་།
- ཚེ་རིང་རྒྱལ་པོ།འོ་འདི་རེད་ལགས།
- དགོན་པའི་དཀོར་གཉེར།དཔེ་ཧར་རྒྱལ་པོ།
- ཚེ་རིང་རྒྱལ་པོ།འོ་ཨོ།
- དགོན་པའི་དཀོར་གཉེར།རྩེ་དམར་པོར་ཡོའོ་རེད་པས།
- ཚེ་རིང་རྒྱལ་པོ།ལགས།
- དགོན་པའི་དཀོར་གཉེར།རྩེ་དམར།
- ཚེ་རིང་རྒྱལ་པོ།འོ། འདི་དཔེ་ཧར་རྒྱལ་པོ་ཟེར་མཁན་འདི་རྩེ་དམར་ཟེར་མཁན་འདི་དང་གཅིག་རེད་ལགས།
- དགོན་པའི་དཀོར་གཉེར།ཨ་ལས་ལས། དེ་གཉིས་ངོ་བོ་ཅིག་བརྩིས་ཀྱི་རེད་པས།
- ཚེ་རིང་རྒྱལ་པོ།རེད་ལགས།
- དགོན་པའི་དཀོར་གཉེར།ཨ་ལས་ལས།
- ཚེ་རིང་རྒྱལ་པོ།ངོ་བོ་གཅིག་རེད་ལགས།
- དགོན་པའི་དཀོར་གཉེར།དེ་ཕེབས་ཀྱི་རེད་པས་འདིར།
- ཚེ་རིང་རྒྱལ་པོ།བསྡད་ཡོའོ་མ་རེད། ཕ་གའི།
- དགོན་པའི་དཀོར་གཉེར།དེ་ཕེབས་ཀྱི་མ་རེད་པས།
- ཚེ་རིང་རྒྱལ་པོ།ཨོང་འོང་།༼མ་རེད།༽
- དགོན་པའི་དཀོར་གཉེར།ཨ་ལས། ལགས། ལགས འདི། ལྷ་མོ་འཆམ་འཁྲབ་དུས་འདིའི་༼འདི་ལ་༽ཡོའོ་རེད་པས། འཆམ་ནང་ལོགས་འཁྲབ་དོན་ཡོང་གི་རེད་པས།
- ཚེ་རིང་རྒྱལ་པོ།ལགས།
- དགོན་པའི་དཀོར་གཉེར།འཆམ་ནང་ལོགས་ཡོའོ་རེད་པཱ།
- ཚེ་རིང་རྒྱལ་པོ།དཔེ་ཧར་རྒྱལ་པོ་ཨས།
- དགོན་པའི་དཀོར་གཉེར།ལགས་ལགས།
- ཚེ་རིང་རྒྱལ་པོ།ཡོའོ་རེད་ལགས།
- དགོན་པའི་དཀོར་གཉེར།རྩེ་དམར་པོར་ཡོའོ་རེད་པཱ།
- ཚེ་རིང་རྒྱལ་པོ།རྩེ་དམར་པོར་ཡོའོ་རེད་ལགས།
- དགོན་པའི་དཀོར་གཉེར།ཨ་ལས།
- ཚེ་རིང་རྒྱལ་པོ།ཡོའོ་རེད་ལགས།
- དགོན་པའི་དཀོར་གཉེར།རེད། རེད། རེད། རེད། ཨ་ལས། ཨ་ནི། གནས་ཆུང་ལ་འགྲོ་གི་མ་རེད་པཱ། དཔེ་ཧར།
- ཚེ་རིང་རྒྱལ་པོ།གནས་ཆུང་ལ་འགྲོ་གི་མ་རེད་ལགས།
- དགོན་པའི་དཀོར་གཉེར།གནས་ཆུང་དང་འདི་གཉིས་བར་ར་༼དབར་ལ་༽འབྲེལ་བ་ཟེར་གལ་ཡོའོ་མ་རེད།
- ཚེ་རིང་རྒྱལ་པོ།ཡོའོ་མ་རེད།
- དགོན་པའི་དཀོར་གཉེར།ཡོའོ་མཱ།
- ཚེ་རིང་རྒྱལ་པོ།ད་འདི་ཁོངས་ལ་དགོན་པ་གསུམ་ཡོའོ་རེད། །་་་་་་་་་་་་་་་་་་་་་་་་་་་་་་། ཆུང་ཆུང་གཅིག་བྱས་འདི་བྱས། འོ་འདི་གས་གསུམ་པོ་གཅིག་རེད་ལགས།
- དགོན་པའི་དཀོར་གཉེར།ལགས་སོ།
- ཚེ་རིང་རྒྱལ་པོ།འདིའི་དཀྱིལ་ནས་མ་དགོན་འདི་རེད་ལགས།
- དགོན་པའི་དཀོར་གཉེར།ལགས་སོ་ལགས་སོ།
- ཚེ་རིང་རྒྱལ་པོ།མ་དགོན་འདི།
- དགོན་པའི་དཀོར་གཉེར།ལགས་སོ།
- ཚེ་རིང་རྒྱལ་པོ།ད། ང་ཚོ་སེ་རྭ། འབྲས་སྤུངས། དགའ་ལྡན་བྱས་པ་རེད་པཱ་ལགས།
- དགོན་པའི་དཀོར་གཉེར།འོང་རེད།
- ཚེ་རིང་རྒྱལ་པོ།དགའ་ལྡན་འདི་འདྲས་ལ་མ་དགོན་རེད་པཱ་ལགས།
- དགོན་པའི་དཀོར་གཉེར།འོ་རེད་ལགས། རེད། རེད། སེ་འབྲས་དགའ་གསུམ་དགའ་ལྡན་འདི་མ་དགོན་རེད་རེད། རེད་པཱ། འདི་འབྲི་གུང་བཀའ་བརྒྱུད་མ་རེད་པས། དགོན་པ་འདི།
- ཚེ་རིང་རྒྱལ་པོ།ལགས།
- དགོན་པའི་དཀོར་གཉེར།འབྲི་གུང་མ་རེད་པས།
- ཚེ་རིང་རྒྱལ་པོ།འདི་ལགས།
- དགོན་པའི་དཀོར་གཉེར།འོ་ཨོ།
- ཚེ་རིང་རྒྱལ་པོ།བཀའ་བརྒྱུད་མ་རེད།
- དགོན་པའི་དཀོར་གཉེར།ཨ་ལས། དགེ་ལུགས་པ་རང་རེད། རེད་པཱ།
- ཚེ་རིང་རྒྱལ་པོ།རེད། རེད། དགེ་ལུགས་པ་རེད།
- དགོན་པའི་དཀོར་གཉེར།ཨ་ལས། རྒྱལ་དབང་ལྔ་པ་དེ་ནས་འགྱུར་བ་མིན་འགྲོ། དགེ་ལུགས་པ། རྒྱལ་བའི་ལྔ་པའི་གོང་ལ་ཕལ་ཆེར་འབྲི་གུང་གི་ཡིན་པ་ཡོད་། བཀའ་བརྒྱུད་པ་ཡིན་གྱི་རེད།
- ཚེ་རིང་རྒྱལ་པོ།བཀའ་བརྒྱུད་པ་ཡིན་གྱི་རེད་པཱ་ལགས།
- དགོན་པའི་དཀོར་གཉེར།རེད། རེད། ཀླུ་མེད་སྐབས་ལ་བཀའ་གདམས་པ་རེད་པཱ།
- ཚེ་རིང་རྒྱལ་པོ།ངག་དབང་མི་ནག་རྗེས་ལ་ཨ་ནི་ཚུར་བསྒྱུར་གནང་པ་གང་པཱ།
- དགོན་པའི་དཀོར་གཉེར།ཨ་ནི། བཀའ་རྒྱུད་ཡིན་པ་བྱས་བཀའ་རྒྱུད་ནས། རྒྱལ་བ་ལྔ་པའི་སྐབས་ལ་ཕལ་ཆེར་འགྱུར་བ་ཡིན་གྱི་རེད། རྒྱལ་མཆོག་ལྔ་པའི་སྐབས་ལ་ཕལ་ཆེར་འགྱུར་པ་ཡིན་གྱི་རེད། རེད། རེད། རེད།
- ཚེ་རིང་རྒྱལ་པོ།རྒྱལ་མཆོག་ལྔ་པའི་དུས་མཚམས་ཡིན་གྱི་རེད་པཱ།
- དགོན་པའི་དཀོར་གཉེར།བཙུན་མ་ཟེར་ཡས་འདི། གང་། བཙུན་མ་གཙོ་བོ་ག་རེ་རེད། བཙུན་མ། བཙུན་མོ་ཚལ།
- ཚེ་རིང་རྒྱལ་པོ།བཙུན་མ་གཅིག་པ་རེད་ལགས། གཅིག་པ་རེད་ལགས།
- དགོན་པའི་དཀོར་གཉེར།གཅིག་པ་རེད་ལགས། ཚངས་པ་རེད་པས།
- ཚེ་རིང་རྒྱལ་པོ།འོང་།
- དགོན་པའི་དཀོར་གཉེར།ཨོ་འོ། ཕ་གི་ལྕོག་འདི་ག་རེ་རེད། རི་ཕ་གའི་སྒང་ལ་ལྕོག་གཅིག་འདུག་ག
- ཚེ་རིང་རྒྱལ་པོ།འདི་གི་ང་ཚོའི་ལུང་པ་འདིའི་སྐྱེ་་ལྷ་རེད།
- དགོན་པའི་དཀོར་གཉེར།སྐྱེས་ལྷ་མིང་ལ་ག་རེ་ཟེར་གྱི་རེད།
- ཚེ་རིང་རྒྱལ་པོ།དྲག་པོ་པ།
- དགོན་པའི་དཀོར་གཉེར།ལགས། ཨོའོ།