Video Overview
འདི་ནི་རྒན་མོས་གསོས་པའི་ནེ་ཙོ་སུག་ཆད་ཅིག་གིས་ཚོང་དཔོན་རྒྱལ་པོའི་བསམ་བྱ་འགྲུབ་པར་བྱས་ཤིང་རྒན་མོ་སྐྱིད་པར་བྱས་པའི་གཏམ་རྒྱུད་ཅིག་ཡིན།
- དཀོན་མཆོག་སྐྱིད།གནའ་ཞིག་ལ།
- རྒན་མོ་གཅིག་ཡོད།
- དེ་ནས་རྒན་མོ་དེ་ཆུ་ཁ་ཆུ་ལེན་དུ་སོང་དུས།
- ནེ་ཙོ་སུག་ཆད་ཞིག་རྙེད་ནི་རེད།
- དེ་ནས་མོའི་ནེ་ཙོ་ཁྱེར་ནས་ཡོང་།
- དེ་གཉོར་ནས་ནེ་ཙོ་དེ་དྲག་ཏུ་བཅུག
- ནེ་ཙོ་དེར་ཁ་བརྡ་བྱས་ནས།
- མོ་ཡིས་བྱིས་པ་ཞིག་གི་ཚུལ་དུ་བཟུང་ནས་བསྡད།
- དེ་ནས་ནེ་ཙོ་དེས་བསམ་བློ་ཞིག་བཏང་ནས།
- ང་ཨ་མ་འདིས་གཉོར་ནས་འདི་འདྲ་ཞིག་གཅེས།
- ངས་རྒན་མོ་འདི་ལ་ཕན་ཐོགས་དགོས་ལ།
- གོ་ཆོད་དགོས་རྒྱུ་རེད་བསམ་ནས།
- དེ་ནས་ཉིན་ཞིག་ཁོ་ཡིས་ཨ་མ་དེ་ལ།
- ཨ་མ་ཟེར་དུས་ཨ་ཟེར།
- ད་ལོར་སྨད་ནས་ཚོང་བ་ཞིག་ཡོང་དགོས་ནི་རེད།
- ཚོང་བ་དེ་ཡར་རྒྱུགས་མར་རྒྱུགས་བྱེད་དུས།
- དེ་ཐོན་པ་རེད།
- ཁྱོད་ཀྱིས་ང་ཚོངས་དང་ཟེར།
- དེ་ལྟར་བཤད།
- ཁྱོད་མི་བཙོང་སྟེ་ཁྱོད་བཙོང་ན་ང་སུན་སྣང་སྐྱེས་ནས་བཟོད་པ་མ་རེད།
- ངས་དྲན་ནས་ཀྱང་མི་བཟོད་པ་རེད་ཟེར།
- དེ་ནས་བཙོང་ན་སྐྱོན་མི་འདུག
- ངས་ཁྱོད་ལ་སྐོར་བ་རྒྱག་ཐུབ་ཟེར།
- སྐྱོན་མེད་ཟེར།
- དེ་ལྟར་མོ་བཙོང་ཟེར་ནས་བཀོད་པ་མེད་པ་རེད།
- ཉིན་ཞིག་དེ་ཡིས་ཨ་ཁུ་རྒྱལ་བོ་ཞིག་ཚོང་བར་ཡོང་བཞིན་ཡོད།
- དེ་དུས་ཁྱོད་ཀྱིས་ཁོ་ཚོངས་ཟེར།
- དེས་ཉོ་བ་རེད།
- ཁྱོད་ཀྱིས་ངེད་ཚང་གི་སྡེར་མ་ཞིག་ཡོད་པ་དེ།
- ཡག་པོ་ཞིག་བཀྲུས་ནས་ང་ནང་དུ་བཞག་ནས།
- ཁྱོད་ཀྱིས་ནེ་ཙོ་ཡོད་མཁན་ཨེ་ཡོད་ནེ་ཙོ་ཉོ་མཁན་ཨེ་ཡོད་ཟེར་ན།
- ནེ་ཙོ་ཉོ་མཁན་ཡོད་ཟེར་བ་ཞིག་ལ།
- ནེ་ཙོའི་གོང་ཅི་ཡིན་ཞེས་ཁྱེད་ལ་འདྲི་ན།
- ནེ་ཙོའི་རིན་གོང་རང་གིས་གཏམ་ཟེར།
- ཁོའི་གོང་ཁོས་བཤད་ཟེར།
- ཡ་ཡ་ཟེར།
- སེམས་ཅན་ཚོང་ལ་ཡོང་ནས།
- སྡེར་མ་ཡག་པོ་ཞིག་བཀྲུས་ནས་ནང་དུ་བཞག་ནས།
- ནེ་ཙོ་ཉོ་མཁན་ཨེ་ཡོད་ནེ་ཙོ་ཉོ་མཁན་ཨེ་ཡོད་ཟེར།
- དེ་ནས་རྒྱལ་བོ་ཞིག་གིས་ནེ་ཙོ་ངས་ཉོ་ཟེར།
- ཁྱོད་ཀྱི་ནེ་ཙོའི་གོང་ཅི་ཡིན་ཟེར།
- ནེ་ཙོའི་རིན་གོང་རང་གིས་གཏམ་ཟེར།
- དེ་ནས་ནེ་ཙོ་ཁྱོད་ཀྱི་གོང་ཅི་ཡིན་ཟེར།
- ངའི་ཨ་མ་འདི་ལ་མཛོ་བརྒྱ་ཁལ་བཀལ་ནས་བྱིན་ན་ཁོ་ཉོ་ཐུབ།
- དེ་མིན་ན་ཁོ་ཉོ་མི་ཐུབ་ཟེར།
- དེ་སྟེར་ཟེར་ནས་མཛོ་བརྒྱ་ལ་ཁལ་བཀལ་ནས་བྱིན་པ་རེད།
- དེ་ནས་རྒྱལ་བོ་ཡིས་ཁྱེར་ནས་བུད་སོང་།
- སོང་ནས་མར་ལ་སོང་དུས་སྒང་མཐོན་པོ་ཞིག་ཡོད།
- ཨ་ཁུ་རྒྱལ་བོ་ལགས་སྒང་གན་གི་མིང་ལ་ཅི་ཟེར།
- དེའི་མིང་ལ་འདུ་འདྲིལ་ཉི་མ་འཆར་མེད་ཟེར།
- གན་བཤིག་ནས་ས་མར་ལ་བདེ་བདེ་བྱས་ན་བཟང་གི
- ཉི་མ་ཡང་ཤར་རྒྱུ་མ་རེད་ཟེར།
- དེ་མི་རིང་གསུམ་ལ་མེད་པ་ཞིག
- ངེད་གཉིས་ཀྱི་རིང་ལ་ཡོད་པ་ཞིག་མ་རེད་ཟེར།
- དེ་ནས་མར་ལ་སོང་དུས་གྲམ་པ་ཆེན་པོ་ཞིག་ལ་ཐུག
- གྲམ་པ་ཆེན་པོ་ལ་ཐུག་དུས།
- ཨ་ཁུ་རྒྱལ་བོ་ལ་གྲམ་པ་འདིའི་མིང་ལ་ཅི་ཟེར།
- གན་མིང་ལ་ཧ་གྱང་གྲམ་པ་ལྡེ་གུ་ཟེར་བ་རེད་ཟེར།
- གན་རང་རང་དྲང་མོར་ནས་བུད་ན་མི་བཟང་ངམ་ཟེར།
- དེ་མི་རིང་གསུམ་ལ་མི་ཐུབ་པ་ཞིག
- ངེད་གཉིས་ཀྱི་རིང་ལ་ཐུབ་པ་ཞིག་མ་རེད་ཟེར།
- དེ་ནས་མར་ལ་སོང་དུས་རྒྱལ་ཁབ་ཅིག་ལ་ཐུག
- ཨ་ཁུ་རྒྱལ་བོ་ལགས་རྒྱལ་ཁབ་འདིའི་མིང་ལ་ཅི་ཟེར་ཟེར།
- དེའི་མིང་ལ་ཧི་ནི་གོང་ཤར་ཚང་ཟེར།
- དེ་ཚང་མའི་གོང་ན་ཡོད་པ་རེད།
- ཐུབ་པ་ཞིག་ཡོད་ནི་མ་རེད་ཟེར།
- བཙན་པོས་བཙན་ཐུབ་དང་གཉོམ་པོས་གཉོམ་ཐུབ་རེད་ཟེར།
- དེ་མར་ལ་བཏུལ་ནས་མི་འཇོག་ལ།
- དེ་མི་རིང་གསུམ་ལ་མི་ཐུབ་པ་ཞིག
- ངེད་གཉིས་ཀྱི་རིང་ལ་ཐུབ་པ་ཞིག་མ་རེད་ཟེར།
- དེ་ནས་མར་ལ་སོང་ནས་ཡུལ་ལ་ཐོན་སོང་།
- ཁོ་ཚང་གི་སྒོ་ནང་དུ་མཛོ་ཁེར་བཤེར་མ་བྱས་ན་འགྲོ་མི་ཐུབ་པ་ཞིག་རེད།
- དེ་འདྲའི་སྒོ་དོག་པ་ཞིག་རེད།
- དེ་ནས་མཛོ་ཁེར་བཤེར་བྱས་ནས་སོང་།
- དེ་ནས་ཡུལ་ལ་སོང་ནས།
- ཨ་ཁུ་རྒྱལ་བོ།
- ངེད་ཚང་གི་སྒོ་གན་གི་ནང་དུ།
- མཛོ་བརྒྱ་ལ་ཁལ་བཀལ་ན་ཆུད་པ་ཞིག་ཡིན་ན་མི་ཆོག་གམ།
- དེ་མི་རིང་གསུམ་ལ་མི་ཐུབ་པ་ཞིག
- ངེད་གཉིས་ཀྱི་རིང་ལ་ཐུབ་པ་ཞིག་མ་རེད་ཟེར།
- ཨོ་ཟེར།
- དེ་ནས་བསྡད་པ་ཡིན།
- ཕྱི་ལོར་ཨ་ཁུ་རྒྱལ་བོ་ཚོང་ལ་སོང་བ་ཡིན།
- ཚོང་ལ་ལམ་ལ་ཆས།
- དེ་ནས་ཁོ་བསྡད་པ་ཡིན།
- དེ་ནས་ཁོ་ཡིས་རྒྱལ་བོ་བཙན་པོ་ཚང་ཟེར་བ་དེའི།
- བྱིས་པ་དེ་བརྐུས་པ་རེད།
- འདུ་འདྲིལ་ཉི་མ་འཆར་མེད་དེའི་འོག་ཏུ་སྦས།
- དེ་ནས་ཁོ་ཡིས་མོ་བར་མོ་བཏབ་ནས་རྩིས་པར་རྩིས་བརྒྱབ་ནས།
- ཁྱོད་ཚང་གི་བྱིས་པ་མཚམས་པོར་བདེ་སྐྱིད་ངང་ཡོད་ཀི་ཟེར།
- འདུ་འདྲིལ་ཉི་མ་འཆར་མེད་དེ།
- ས་མར་ལ་བདེ་བདེ་བྱས་ཏེ།
- ཉི་མ་འཆར་བ་ཞིག་ཏུ་བཏང་ན་རྙེད་ཀི་ཟེར།
- དེའི་རྗེས་སུ་རྒྱ་བོད་སོག་གསུམ་པོ་ཁྲལ་བཞག་ནས།
- ད་རྐོས་ཟེར།
- བརྐོ་རུ་བཅུག་ནས་ས་མར་ལ་བདེ་བདེ་བྱས་ནས།
- ཉི་མ་འཆར་བ་ཞིག་ཏུ་བཏང་།
- མོ་བར་མོ་བཏབ་ནས་རྩིས་པར་རྩིས་བརྒྱབ་ནས།
- ནངས་མོར་བཙལ་ན་རྙེད་ཟེར།
- དགོང་མོ་ཁྱེར་ནས་སོང་སྟེ་ཧ་གྱང་གྲམ་པ་གདུགས་ཀྱི་འོག་ཏུ་སྦས།
- དེ་ནས་ཡང་བཙལ་ནས་མ་རྙེད་པ་ཡིན།
- དེ་ནས་ཡང་མོ་བར་མོ་བཏབ་ནས་རྩིས་པར་རྩིས་བརྒྱབ་ནས།
- དེ་ཧ་གྱང་གྲམ་པ་གདུགས་ཀྱི་འོག་ན་ཡོད་གི་ཟེར།
- མཚམས་པོར་བདེ་སྐྱིད་རེད་ཟེར།
- རང་རང་གི་དྲང་མོ་ནས་བུད་པ་ཞིག་དང་བཏུས་ནས་བསལ་ཏེ།
- རྒྱ་བོད་སོག་གསུམ།
- རང་རང་གི་དྲང་མོ་ནས་འབུད་པ་ཞིག་ཏུ་བཏང་ན་རྙེད་གི་ཟེར།
- ཡང་རྒྱ་བོད་སོག་གསུམ་ལ་ཁྲལ་བཞག་ནས།
- ཁྱོད་ཚོས་འཐུས་ཟེར་ནས།
- རང་རང་གི་དྲང་མོ་ན་ལམ་ཡོད་པ་དེ་འདྲ་ཞིག་ཏུ་བཏང་།
- སང་ཉིན་བཙལ་ན་རྙེད་གི་ཟེར་བའི་དགོང་མོར།
- ཁོ་ཡིས་ཁྱེར་ནས་སོང་སྟེ་ཁོ་ཚང་གི་སྒོ་འོག་ཏུ་སྦས།
- དེ་ནས་ཡང་བཙལ་ནས་མ་རྙེད་པར།
- ཡང་མོ་བར་མོ་བཏབ་ནས་རྩིས་པར་རྩིས་བརྒྱབ་ནས།
- ད་ལྟ་གང་ན་ཡོད་གི
- ཁོང་གི་བུ་བཙལ་ན་རྙེད་དམ།
- བཙལ་ན་མི་རྙེད་ན་མི་བཙལ་ཟེར།
- དེ་ཨ་ཁུ་རྒྱལ་བོ་ཚང་གི་སྒོ་འོག་ཏུ་ཡོད་གི
- ཁྱོད་ཚོས་སྒོ་བཤིག་ནས།
- མཛོ་བརྒྱ་ལ་ཁལ་བཀལ་ན་ཆུད་པ་ཞིག་བྱས་ན་རྙེད་གི་ཟེར།
- དེ་ནས་སྒོ་བཤིག་ནས་མཛོ་བརྒྱ་ལ་ཁལ་བཀལ་ན་ཆུད་པ་བྱས་ནས།
- ཕྱིར་ལས་ནས།
- ད་ལྟ་བཙལ་ན་རྙེད་དམ་ཟེར་དུས།
- ཁྱེར་ནས་སོང་སྟེ་ཧི་ནི་གོང་ཤར་ཚང་གི་འོག་ཏུ་སྦས།
- ཧི་ནི་གོང་ཤར་ཚང་གི་མཁར་འོག་ཏུ་སྦས།
- ད་ལྟ་གང་ན་ཡོད།
- བཙལ་ན་ཨེ་རྙེད་དམ།
- མོ་བར་མོ་བཏབ་རྩིས་པར་རྩིས་བྱས།
- མི་རྙེད་ན་ཁོང་གིས་མི་བཙལ་ཟེར།
- རྙེད་ན་བཙལ་རྒྱུ་ཟེར།
- ཁྱོད་ཚང་གི་བུ་མཚམས་པོར་བདེ་སྐྱིད་རེད།
- ཧི་ནི་གོང་ཤར་ཚང་གི་ཤུལ་ཐུར་མས།
- བཙལ་ན་མི་རྙེད་པ་ཞིག་ཏུ་བཏང་ན་རྙེད་གི་ཟེར།
- དེ་ནས་ཧི་ནི་གོང་ཤར་ཚང་ལ་སོང་ནས།
- ཁྱོད་ཚང་གི་མཁར་དེ་བཤིག་ནས།
- ངེད་ཚང་གི་བུ་བཙལ་དགོས་ཟེར་དུས།
- ཧི་ནི་གོང་ཤར་ཚང་གིས་བཤིག་ཏུ་མ་བཅུག་པ་རེད།
- སྐབས་དེར་ཧི་ནི་གོང་ཤུར་ཚང་།
- ཤུལ་ཐུར་མས་བཙལ་ན་མི་རྙེད་པ་ཞིག་ཏུ་བཏང་།
- བུ་མཚམས་པོར་བདེ་སྐྱིད་ཀྱིས་རྙེད་པ་རེད།
- དེ་ནས་རྒྱལ་བོ་དེ་ཚང་གི
- རྒྱལ་བོ་བཙན་པོ་ཚང་གི་བུ་ཁྲིད་ནས་ཡུལ་ལ་སོང་།
- དེ་ནས་རྒྱལ་བོ་དེ་ཚོང་ལ་སོང་ནས།
- ཚོང་བརྒྱབ་ནས་མར་ལ་ཡོང་དུས།
- འདུ་འདྲིལ་ཉི་མ་འཆར་མེད་དེ།
- ཉི་མ་འཆར་བ་ཞིག་ཏུ་བཏང་ཡོད།
- འདུ་འདྲིལ་ཉི་མ་འཆར་མེད་འདི་ས་ས་རྡོ་རྡོ་མ་རེད།
- ཉི་མ་འཆར་བ་ཞིག་ཏུ་བཏང་ཡོད་པ།
- ནེ་ཙོའི་དྲིན་ཡིན་རྒྱུ་རེད་ཟེར།
- དེ་ནས་མར་ལ་ཡོང་བ་ཡིན།
- དེ་ནས་ཡུལ་ལ་ཐོན་དུས།
- ཁོ་ཡིས་ཉི་མ་རྩིས་བརྒྱབ་ནས།
- ནེ་ཙོ་ཁོ་ཡིས་ཉི་མ་རྩིས་བརྒྱབ་ནས་བསྡད་དུས།
- རྒྱལ་བོ་ཐོན་ས་ལ།
- རྒྱལ་བོ་ཡི་བཙུན་མོ་དེ་གཉིས་ཀྱིས།
- ཁོ་ལ་མ་གཅེས་པར་ཁོ་གསོད་ཨེ་ཐུབ་བལྟས་ནས་བསྡད།
- ནས་བཙོས་ནས་བྱིན།
- དེ་ལྟར་བྱས།
- ཁོ་ཡིས་མ་ཟོས་ཡང་ཟོས་ནས་བསྡད།
- དེ་ནས་དགོང་གཅིག་སྟེ་དགོང་མ་ཞིག་ལ།
- ཉིན་ཞིག་ཉི་མ་ཞིག་ལ།
- རྒྱལ་བོ་ཐོན་ལ་ཉེ་ནས་ཁོ་ཡིས་རྩིས་བརྒྱབ་ནས།
- ཐོན་ལ་ཉེ།
- དེ་ནས་བཙུན་མོ་དེ་གཉིས་ཀྱིས།
- ནེ་ཙོ་ཁྱོད་གང་ནས་ཉལ་རྒྱུ་ཡིན།
- ཨ་མ་གཉིས་ལ་མ་གསང་བར་ཤོད་ཟེར།
- ངེད་གཉིས་ཀྱིས་ཁང་བ་བརྒྱ་དང་བརྒྱད་གློངས་ནས།
- ཀ་ར་སྒམ་ཆུང་གང་ཡོད་གི
- ཁྱོད་ཀྱིས་དེ་ཟོས་ནས་ཨ་མར་མ་གསང་བར་ཤོད་ཟེར།
- ང་འུ་ཚང་གི་སྐར་ཁུང་གོང་མའི་ནང་ནས་ཉལ་རྒྱུ་ཟེར།
- དེ་ནས་སོང་ནས་ཀ་ར་ཟོས་ནས།
- དགོང་མོ་སྐར་ཁུང་གོང་མའི་ནང་དུ་འཇོག་ཚུལ་བྱས་ནས།
- ཁང་བ་མཐོ་སའི་ཤེལ་སྒོ་ནང་ནས་བལྟས་ནས་བསྡད་དུས།
- ཉལ་ནས་འགྲོ་དུས་ཨ་ཡེ་གཉིས་ཀ་ཡོང་ནས།
- རྒྱལ་བོའི་བཙུན་མོ་གཉིས་ཀྱིས་སྐར་ཁུང་གོང་མ་ལ་རྡོ་ཡིས་བརྒྱབ་ནས།
- ནེ་ཙོ་སུག་ལོ་ཁྱོད་ཀྱིས་འདི་བྱོས་གན་བྱོས་ཟེར་ནས།
- སྐར་ཁུང་ཐམས་ཅད་བཅག་པ་རེད།
- དེ་ནས་ཕྱིའི་ནངས་མོར་ཁོ་སོང་ནས།
- ཨ་ཙི་ནེ་ཙོ་ཁྱོད་གང་ནས་ཉལ་བ་ཡིན་ཟེར།
- ང་འུ་ཚང་གི་སྐར་ཁུང་གོང་མའི་ནང་ནས་ཉལ་བ་ཡིན་ཟེར།
- ཨོ་ཨོ་ཟེར།
- དེ་ནས་དགོང་མོ་ཡང་།
- ཁོང་གཉིས་ཀྱིས་ཁང་བ་བརྒྱ་དང་བརྒྱད་གློངས་ཡོད།
- ཀ་ར་ཤིང་ཙེ་གང་ལས་མ་རྙེད་ཐལ།
- ཁྱོད་ཀྱིས་དེ་ཟོས་ནས།
- ཁྱོད་གང་ནས་ཉལ་རྒྱུ་ཡིན།
- ཨ་མ་གཉིས་ལ་དྲང་མོར་ཤོད་ཟེར།
- ཨ་མ་གཉིས་ལགས་ང་རང་ངེད་ཚང་གི་སྐར་ཁུང་བར་མ་ནང་ནས་ཉལ་ཟེར།
- དགོང་མོ་ཡང་ཁོ་སོང་ནས།
- སྐར་ཆུང་བར་མ་ནས་གཉིད་ཚུལ་བྱས་ནས།
- ཁང་བ་མཐོ་སའི་ནང་དུ་སོང་ནས་བལྟས་ནས་བསྡད།
- ཡང་ནམ་གུང་ཞིག་ལ་གཉིས་ཀ་ལངས་ནས་སོང་སྟེ།
- ནེ་ཙོ་སུག་ལོ་ཁྱོད་ཀྱིས་གན་བྱོས་འདི་བྱོས་ཟེར་ནས།
- སྐར་ཁུང་ནང་དུ་རྡོ་ཡིས་བརྒྱབ་ནས།
- སྐར་ཁུང་བར་མ་བཅོམ་པ་རེད།
- ཡང་ནངས་མོར་ཁོ་ལངས་ནས་སོང་དུས།
- ཨ་ཙི་ནེ་ཙོ་སུག་ལོ་ཁྱོད་གང་ནས་ཉལ་བ་ཡིན་ཟེར།
- ང་སྐར་ཁུང་བར་མ་ནས་ཉལ་བ་ཡིན་ཟེར།
- དགོང་མོ་ཡང་དེ་ལྟར་བཤད།
- ཁང་བ་བརྒྱ་དང་བརྒྱད་གློངས་མོད།
- ཀ་ར་ཤིང་ཙེ་གང་རྙེད་ཐལ།
- ཁྱོད་ཀྱིས་དེ་ཟོས་ནས།
- ཁོང་གཉིས་ལ་མ་གསང་བར་དྲང་མོར་ཤོད།
- ཁྱོད་འདི་གང་ནས་ཉལ་རྒྱུ་ཡིན་ཟེར།
- ང་འུ་ཚང་གི་སྐར་ཁུང་ཞོལ་མ་ནང་ནས་ཉལ་རྒྱུ་ཟེར།
- དེ་ནས་ཡང་དགོང་མོ་སོང་ནས།
- སྐར་ཁུང་ཞོལ་མ་ནས་གཉིད་ཚུལ་བྱས་ནས།
- ཁང་བ་མཐོ་སའི་ནང་དུ་སོང་ནས་བལྟས་ནས་བསྡད།
- ཡང་ནམ་གོང་ལ་གཉིས་ཀ་ཡོང་ནས།
- དཀར་ཡོལ་ཞོལ་མའི་ནང་དུ་རྡོ་ཡིས་བརྒྱབ་ནས།
- ནེ་ཙོ་སུག་ལོ་ཁྱོད་ཀྱིས་གན་བྱོས་འདི་བྱོས་ཟེར་ནས་གནོད་པ་ཡིན།
- དེ་ནས་ཕྱི་ཉིན་ཁོ་མ་སོང་བར་བསྡད།
- ཡ་ད་ནེ་ཙོ་ཡོང་རྒྱུ་མེད་གི།
- བསད་པ་ཡིན་ནམ་ཟེར་དུས་ཡིན་ཟེར།
- ཁོ་ཉིན་འགའ་ལ་མ་སོང་བར་བསྡད།
- བསམ་བློ་ཞིག་བཏང་ནས།
- རྒྱལ་བོ་ཉིན་འགའ་ཡི་རྗེས་ནས་ཐོན་རྒྱུ་རེད།
- དེ་ནས་ཁོ་སོང་བ་ཡིན།
- ཨ་ཙི་ནེ་ཙོ་ཁྱོད་གང་ནས་བསྡད་པ་ཡིན་ཟེར།
- ང་འུ་ཚང་གི་སྐར་ཁུང་ཞོལ་མ་ནང་ནས་གཉིད་ནས་བསྡད།
- ཨ་མ་གཉིས་ངས་ཁྱོད་གཉིས་ལ་བློ་ཞིག་བསླབ།
- ཁྱོད་གཉིས་ཀྱིས་ངེད་ཚང་གི་སྐར་ཁུང་གོང་ཞོལ་ཚང་མ།
- ནེ་ཙོ་སུག་ལོ་ཁྱོད་ཀྱིས་གན་བྱོས་འདི་བྱོས་ཟེར་ནས།
- ཁོ་ལ་ཨུ་ཚུགས་བྱས་ནས་གཉོག་པ་རེད།
- དེ་གཉོག་ན་ཁྱོད་གཉིས་ཀྱིས་ཅི་བྱས་ན་བྱས།
- ང་མེད་ན་བཟང་གི
- ཁྱོད་གཉིས་ཀྱིས་འུ་ཚང་གི་སྒོ་ཁ་ནས་ས་ཞིག་བརྐོས་ཏེ།
- ཆུ་སྡེར་མ་གང་དང་ནས་སྡེར་མ་གང་།
- འབྲས་སྡེར་མ་གང་བཅས་བཞག་ནས།
- ང་སྡེར་མ་ཞིག་གི་ནང་དུ་བཞག་ནས།
- ངེད་བཞི་བོ་ཆུད་པའི་ས་ཞིག་བརྐོས་ནས་ནང་དུ་བཅུག
- ཁ་རྡོ་ལེབ་ཅིག་གིས་བཅད་ནས་སྟེང་དུ་ས་ཞིག་བཏབ་ན།
- དེ་ཚར་རག་བར་དུ་ང་ཤི་ནི་མ་རེད།
- དེ་ཚར་དུས་ང་ཤི་འགྲོ་བ་རེད།
- དེ་ནས་ཁྱེད་གཉིས་ཀྱིས་རྒྱལ་བོ་ཐོན་ན།
- ཁ་བརྡ་ཅི་ལྟར་བྱས་ན་འདོད་ན་དེ་ལྟར་བྱས་ན་ཆོག་ནི་རེད།
- དེ་བདེན་ན་བདེན་ན་དེ་བདེན་གི་ཟེར་ནས།
- ཁོ་གཉིས་ཀྱིས་སྒོ་ཁ་ནས་ས་ཞིག་བརྐོས་ཏེ།
- ཆུ་སྡེར་མ་གང་དང་ནས་སྡེར་མ་གང་།
- འབྲས་སྡེར་མ་གང་དང་ནེ་ཙོ་བཅས་བཞག་ནས།
- ཁ་རྡོ་ལེབ་ཅིག་བཀབ་ནས་སྟེང་དུ་ས་ཞིག་བཏབ་ནས་བཞག
- དེ་ནས་རྒྱལ་བོ་མར་ལ་ཐོན་ནས།
- ཧ་གྱངང་གྲམ་པ་ལྡེ་གུ་ཡིས་བསལ་ནས།
- ཡང་ཧ་གྱང་གྲམ་པ་ལྡེ་གུ་ཡིས་བསལ་ནས།
- རྒྱ་བོད་སོག་གསུམ་པོ་རང་རང་གི་དྲང་མོ་ནས་བུད་པ་ཞིག་ཏུ་བཏང་ཡོད།
- དེ་ངའི་ནེ་ཙོ་ཡི་དྲིན་རེད་ཟེར།
- མི་རིང་གསུམ་ལ་མ་འགྲུབ་པ།
- ནེ་ཙོ་ཡི་རིང་ལ་འགྲུབ་སོང་བ་རེད།
- ཨ་སྐྱིད་ལ་སྐྱིད་ལ་ཟེར།
- ངའི་སྒོ་དེ་ཅི་འདྲ་ཞིག་ཏུ་ལས་མེད་གི་འདོད་ནས།
- ཧི་ནི་གོང་ཤར་ཚང་གི་དྲང་མོ་ལ་ཐོན་དུས།
- ཧི་ནི་གོང་ཤར་ཚང་གི་ཤུལ་ཐུར་མས་བཙལ་ན་མི་རྙེད་པ་ཞིག་བཟོས་ཡོད།
- ཧི་ནི་གོང་ཤར་ཚང་གི་ཤུལ།
- ཐུར་མས་བཙལ་ན་མི་རྙེད་པ་ཞིག་བཟོས་ཡོད་པ་དེ།
- ངའི་ནེ་ཙོའི་དྲིན་ཡིན་ནི་རེད།
- མི་རིང་གསུམ་ལ་སྒྲུབ་མ་ཐུབ་པ་རེད།
- ངའི་ནེ་ཙོའི་རིང་ལ་འགྲུབ་སོང་བ་རེད།
- ཨ་སྐྱིད་ལ་སྐྱིད་ལ་ཟེར་ནས་དགའ་ནས་མར་ལ་ཡོང་དུས།
- སྒོ་ལས་ནས་མཛོ་བརྒྱ་ལ་ཁལ་བཀལ་སྟེ་སོང་ན་ཆོག་པ་ཞིག་ལས་ཡོད།
- ཨ་སྐྱིད་ལ་སྐྱིད་ལ།
- ངའི་སྒོ་ལས་ནས།
- མཛོ་བརྒྱ་ཁལ་བཀལ་ནས་ཆུད་པ་ཞིག་ཏུ་བཏང་ཡོད་པ།
- ཁོའི་ནེ་ཙོའི་དྲིན་ཡིན་ནི་རེད།
- ཁོས་མི་རིང་གསུམ་ལ་མ་འགྲུབ་པ།
- ད་ལྟ་འགྲུབ་སོང་བ་རེད།
- དེ་ནས་ནེ་ཙོ་སྔོན་ལ་རྒྱུགས་པ་མེད་པ་རེད།
- ནེ་ཙོ་ཡོད་པ་ནེ་ཙོ་ཡོང་འདོད་ནས།
- ནེ་ཙོ་རྒྱུགས་རྒྱུ་མེད་སོང་།
- དེ་ནས་ཨ་ཡེ་གཉིས་སྔོན་ལ་བུད་ནས་ཐོན་བྱུང་།
- ངའི་ནེ་ཙོ་གང་ལ་བུད་སོང་ཟེར།
- ཁྱོད་ཀྱི་ནེ་ཙོ་ངེད་གཉིས་གང་ལ་འགྲོ་རྒྱུ།
- ཟོས་ཟོས་འཐུང་འཐུང་ནས་ཤི་སོང་ཟེར།
- ཁོའི་ནེ་ཙོ་དེ་ལྟར་མི་འཆི་ཟེར་ནས།
- ཨ་བླ་མ་མཁྱེན་ལས་ཀ་ལས་ཡོད་ལ་ཟེར།
- ནེ་ཙོ་སུག་ལོ་ཞིག་གིས་ཅི་ཞིག་ལས།
- ཁོང་གཉིས་ཀྱིས་ལས་པ་ཡིན་ཟེར།
- ནེ་ཙོ་སུག་ལོ་ཞིག་གིས་ལས་ཀ་ལས་ཐུབ་བམ་ཟེར།
- ཁོང་གཉིས་ཀྱིས་ལས་པ་ཡིན་ཟེར།
- མི་རིང་གསུམ་ལ་མ་འགྲུབ་པ་ཞིག
- ཁྱེད་གཉིས་ཀྱིས་ད་བར་དུ་མི་ལས།
- ད་ལོར་ལས་ཐུབ་པ་མ་རེད།
- ཁོང་གི་ནེ་ཙོ་ཡིན་ནི་རེད།
- ཡིད་མ་ཆེས་པར།
- དེ་ནས་སོང་ནས་ཁལ་བླངས་ནས་མར་ལ་འཇོག་དུས།
- ཨ་ཁུ་རྒྱལ་བོ་ང་འདི་ན་ཡོད་ཟེར།
- སྒྲ་ཞིག་གྲགས་བྱུང་འདོད་ནས།
- ཡར་བལྟ་མར་བལྟ་ཞིག་བྱས་ནས་མ་ཤེས་པ་རེད།
- དེ་ནས་ཡང་ཁོས་རྟ་ཡི་སྒ་བླངས་ནས།
- རྟ་དེའི་སྒ་བླངས་ནས་དེ་ལྟར་བྱེད་དུས།
- ཨ་ཁུ་རྒྱལ་བོ་ང་འདི་ན་ཡོད་ཟེར།
- སྒོ་ཡི་འདབས་ན་གྲགས་བཞིན་ཡོད།
- དེ་ནས་རྒྱུགས་ནས་ནེ་ཙོ་ཁྱོད་གང་ན་ཡོད་ཟེར་དུས།
- ཨ་ཁུ་རྒྱལ་བོ་ང་འདི་ན་ཡོད་ཟེར་དུས་ས་འབུར་ཞིག་ཡོད།
- དེ་ནས་ཁོས་དེ་ཕར་འདེད་ཚུལ་འདེད་བྱས་ནས་བལྟས་དུས།
- རྡོ་ལེབ་ཅིག་ཡོད།
- རྡོ་ལེབ་དེའི་ཁ་ཕྱེ་དུས།
- ཆུ་སྡེར་མ་གང་འཐུང་ནས།
- ནས་སྡེར་མ་གང་དང་འབྲས་སྡེར་མ་གང་བོ་ཟོས་རྗེས།
- སྡེར་མའི་ནང་ན་བསྡད་ཡོད།
- དེ་ནས་ཁྱོད་ལ་ཅི་ཞིག་བྱས་པ་ཡིན་ཟེར་དུས།
- ནེ་ཙོ་དེ་ཡུལ་ལ་ཡོང་ནས།
- ཁྱོད་ལ་ཅི་ཞིག་བྱས་པ་ཡིན་ཟེར་དུས།
- ཨ་མ་གཉིས་ཀྱིས་ཁོ་ལ་མི་གཅེས་པ་ཡིན།
- ངས་ཨ་མ་གཉིས་ལ་བློ་བསླབ་པ་ཡིན།
- ང་སྒོ་འོག་ནས་ས་འོག་ཏུ་སྦོས་ཟེར་ནས་གཉིས་ཀྱིས་སྦས་པ་ཡིན།
- འདུ་འདྲིལ་ཉི་མ་འཆར་མེད་དེ་ཉི་མ་འཆར་བ་ཞིག་ཏུ་བཏང་ཡོད།
- དེར་ཞོ་གང་མ་དགོས་ཕུན་གང་ཁྱོད་ལ་དགོས་ཟེར་བ་མེད།
- ཧ་གྱང་གྲམ་པ་ལྡེ་གུ་དེ་བསལ་ནས།
- རྒྱ་བོད་སོག་གསུམ་རང་རང་གི་དྲང་མོ་ནས་བུད་པ་ཞིག་བཅོས་ཡོད།
- དེའི་ཕྱོགས་ནས་ཁྱོད་ལ་གཞན་ཞིག་གིས།
- ཞོ་གང་མི་དགོས་ཕུན་གང་ཡང་ལེན་མི་ཟེར།
- ཧི་ནི་གོང་ཤར་ཚང་གི་ཤུལ་ཐུར་མས་བཙལ་ན་མི་རྙེད་པ་ཞིག་ལས་ཡོད།
- དེའི་ཕྱོགས་ནས་ཁྱོད་ལ་མི་གཅིག་གིས་ཀྱང་གྱོད་མི་བརྒྱག་ཟེར།
- འུ་ཚང་གི་སྒོ་ནང་དུ་མཛོ་བརྒྱ་ལ་ཁལ་བཀལ་ན་ཆུད་པ་ཞིག་ཏུ་བཏང་ཡོད།
- དེའི་ཕྱོགས་ནས་ཁྱོད་ལ་གཞན་ཞིག་གིས་ཞོ་གང་མི་དགོས།
- ཕུན་གང་ཡང་ལེན་མི་ཟེར།
- འུ་ཚང་གི་གླ་བ་གཡང་ཁོ་ཡིན་ན་འདྲ།
- འུ་ཚང་གི་ཨ་མ་གཉིས་ཡིན་ན་འདྲ།
- ལས་ཀ་ཉིན་གཅིག་ལ་ཡང་ལས་མེད།
- ང་ཨ་མ་གཉིས་མི་གཅེས།
- ང་ཡུལ་ལ་འགྲོ་རྒྱུ་ཟེར།
- ཁྱོད་མ་འགྲོ་ཟེར།
- ཁོ་འགྲོ་རྒྱུ་ཟེར།
- དེ་ནས་ཀ་ར་ཁུག་མ་གང་བཀྱགས་ནས།
- ཁྱོད་སོང་ནས་བོད་ལོའི་ནང་དུ་སྐོར་ཏེ་བརྒྱག་ཟེར།
- ཁྱོད་མ་བུ་གཉིས་ལ་ཟ་བའི་ཟ་མ།
- ཁྱོད་གཉིས་ལ་སྡུག་མྱང་དུ་མི་འཇུག
- ཁྱོད་གཉིས་ལ་ཁྱད་མེད་པར་སྟེར་ཟེར།
- ཡ་ཡ་ཟེར་ནས་ཁོ་ཡིས་ཀ་ར་ཁུག་མ་གང་བོ་གཤོག་འོག་ལ་བཟུང་ནས།
- ཁོ་འཕུར་ནས་ཁོ་ཡི་ཨ་མ་ཡི་གམ་དུ་ཐོན།
- ཨ་མ་དེའི་ཆུ་སྣོད་ཁྱེར་ནས་ཆུ་ཁར་ཆུ་ལ་ཡོང་།
- དེ་ནས་ཁོ་བབས་ནས་ཀ་ར་ཁུག་མ་གང་བོ་སྡོང་མགོར་བཞག་ནས།
- ཁོ་སྡོང་མགོ་བ་བབས་ནས་གླུ་ཞིག་བླངས་ནས།
- ཨ་ཨ་ངའི་ནེ་ཙོའི་སྐད་འདྲ་བ་ཞིག་གྲགས་བྱུང་ཞེས་བཤད་ནས།
- ཡར་བལྟ་མར་བལྟ་བྱས་དུས།
- ནེ་ཙོ་སྡོང་མགོ་ཞིག་ན་ཁྱ་རེ་ཁྱོ་རེ་བྱས་ནས་ཡོང་བཞིན་ཡོད།
- མོ་སྔོན་ལ་རྒྱུགས་ནས་གཉིས་ཀས་ཀ་ར་ཁུག་མ་གང་བོ་ཁྱེར་ནས།
- ཡུལ་ལ་སོང་ནས་མ་བུ་གཉིས་སྐྱིད་པོ་བདེ་མོ་བྱས་ནས།
- འཚོ་བ་རོལ་ནས་བསྡད་པ་དེ་འདྲ་ཞིག་རེད།