Skip to main content Skip to search
15 Dec 2011
1 min 10 sec
Rating
0
No votes yet
Video Overview
Creators: 
Unknown

Jangbu, a modern Tibetan poet from Amdo, reads the poem "The Lamb" from his book Poetic Compositions: The Nine-eyed Zi Stone.

Show More

  • ལྗང་བུ་ཏཧེ་རིང་རྡོ་རྗེ
    ང་། ད་ང་རང་ཚོ་སྙན་ངག་གསར་པ་ཡིན་ན་སྤྱིར་བཏང་གཏམ་རྒྱུད་བཟོ་འདྲ་འབྲི་ཡས་འདི་འདྲས་ཅིག། སྒྲུང་བཟོ་འདྲ་འདི། སྙན་ངག་གི་ལམ་ནས་འབྲི་ཡས་འདི་ཞེ་དྲག་ཉུང་ཉུང་རེད་ཟེར། སྙན་ངག་གསར་པའི་ནང་ལ། བྱས་ཙང་ཨ་ནི་་་་ངའི་དེ་སེམས་ཅན་གྱི་སྲོག་ཆགས་ཀྱི་འདི་འདྲས་མཉམ་དུ་སྦྱར་བྱས་གཏམ་རྒྱུད་བཟོ་འདྲ་འདི་འདྲས་ཅིག ཨཱ། སྲོག་ཆགས་ཀྱི་གཏམ་རྒྱུད་འདི་འདྲས་ཁག་ཅིག་བྲིས་ཡོད་ཟེར། དེའི་ནང་གི་དང་པོ་དེ་གཅིག་ཀློག་གི་ཡིན།
  • ལྗང་བུ་ཏཧེ་རིང་རྡོ་རྗེ
    ལུ་གུ། འོ་མ་སྟེར་མཁན་ཐམས་ཅད་ཨ་མ་ཡིན། རྒྱ་ནག་གི་གཏམ་དཔེ། ཁྱོད་སྐྱེས་པའི་ཉིན་དེའི་ཞོགས་པར། སྤྱང་མོ་ཞིག་མངོན་སུམ་འཛེམ་མེད་ངང་འོངས་དེ། མངོན་སུམ་འཛེམ་མེད་ངང་ཁྱོད་ཀྱི་ཨ་མ་བཟས་སོང་།
  • ལྗང་བུ་ཏཧེ་རིང་རྡོ་རྗེ
    སྤྱང་མོ་དེ་ཡང་ཨ་མ་ཞིག་ཡིན་མྱོང་པས་ན། སྤྱང་མོ་རང་གི་འོ་མས་ཁྱོད་རང་གསོ་སྐྱོང་བྱེད། མ་འོང་པར་ཁྱོད་ནི་སྤྱང་ཀི་ཡིན་ནམ་ལུག་ཡིན། ཡང་ན་སྲོག་ཆགས་ཀྱི་རིགས་གསར་པ་ཞིག་ཡིན་ནམ། རང་གི་རིགས་སུ་སྐྱེས་པ་ཡང་ཁྱོད་ཀྱིས་བཟའ་ཨེ་སྲིད།