05 Jan 2016
2 min 29 sec
Video Overview
Creators:
Tibetan & Himalayan Library
This is a video of Tsethar Bum from Yonru Village in Chentsa singing a song called "The Lama Wears Yellow Cloth." This song is part of a collection of folk songs from the Rebgong cultural area.
འདི་ནི་བླ་མ་དང་དཔོན་པོ་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་སྟོད་དབུས་གཙང་གི་མཁར་ནང་ན་བཞུགས་པའི་གོས་སེར་པོ་གྱོན་པའི་བླ་མ་དང་སྨད་རྒྱ་ནག་མཁར་ནང་ན་གོས་ནག་པོ་གྱོན་པའི་དཔོན་པོ་གཉིས་ལ་བསྟོད་པ་བྱས་ཡོད།
- ༼ཡེ་་་ཡེ་ཡ་རེ་་ཡེ་ངས་ཡ་རེ་ལེན༽
- སྟོད་དབུས་གཙང་མཁར་ཁ་ངང་བ་བབས། །
- བྱ་ངང་བ་ཟེར་ན་བྱ་མིང་་རེད། །
- མདོག་སེར་པོ་ཡིན་ནོ་གོས་མདོག་རེད། །
- གོས་སེར་པོ་གྱོན་ནོ་བླ་མ་རེད། །
- ༼ཡེ་་་ཡེ་ཡ་རེ་་ཡེ་ངས་ཡ་རེ་ལེན༽
- སྨད་རྒྱ་ནག་མཁར་ཁ་ཕོ་རོག་བབས། །
- བྱ་ཕོ་རོག་ཟེར་ན་བྱ་མིང་རེད། །
- མདོག་ནག་པོ་ཡིན་ནོ་གོས་མདོག་རེད། །
- གོས་ནག་པོ་གྱོན་ནོ་དཔོན་པོ་རེད། །