Skip to main content Skip to search
21 Jun 2018
2 min 38 sec
Video Overview
Creators: 
Duptho, Sonam Chophel

87-year-old Karmo from Radhi Gewog, Tashigang, sings an old Zhungdra song entitled Yar Gungtey Lamai Choenangdho (The Lama is Teaching in the Sky Above). The song is a religious song about teachings and dharma. The lyrics say that the high sky is preaching and the sun is receiving the teaching. The highlands are preaching and the lion is learning. The song utilizes metaphors of the sky and highlands for the master, and the sun and lions for his devotees. The origin and composer of the song are unknown. The song is performed in a straight-line formation with around five to twenty dancers. It can be performed in a variety of auspicious celebrations, ceremonies and gatherings.

 

བཀྲིས་སྒང་རྫོང་ཁག  རདྷི་རྒེད་འོག་ ལས་འབད་མི་ སྐྱེས་ལོ་ ༨༧་ལངས་མི་ ཨང་རྒས་དཀར་མོ་གི་ བཀྲ་ཤིས་འི་གཞུང་སྒྲ་རྙིངམ་ ཡར་རྒྱས་བླ་མའི་ཆོས་ཉན་དོ་ ཟེར་མི་འདི་འཐེན་ནུག། གླུ་གཞས་འདི་ ཆོས་དང་འབྲལ་བ་ཡོད་མི་ གཅིག་འབདཝ་ལས་ ཆོས་གནང་བའི་སྐོར་ལས་བཤདཔ་ཨིན་མས། རྩམ་པ་པོ་གི་བཤད་མི་ནང་ མཐོ་བའི་གནམ་འདི་གི་ཉིམ་འདི་ལུ་ ཆོས་བཤད་དོ་ ཡོདཔ་དང་ དེ་ལས་ མཐོ་བའི་ས་གཞི་འདི་གི་སེང་གེ་ལུ་ ཆོས་བཤད་དོ་ཡོད་པའི་ སྐོར་ལས་བཤདཔ་ཨིན་མས། གླུ་གཞས་ཀྱི་ཚིག་འདི་ལས་ གླུ་གཞས་འདི་ ཆོས་དང་འབྲལ་བ་ཡོད་མི་ གཅིག་འབདཝ་ལས་ ཁོ་རའི་རྩ་བའི་བླམ་འདི་ གནམ་དང་ས་གཞིས་ལུ་དཔེ་བཞག་ནུག དེ་ལས་ བརྩོན་ཤུགས་ཅན་གྱི་སློབ་མ་འདི་ ཉིམ་དང་སེང་གེ་ལུ་དཔེ་བཞག་ནུག། གླུ་གཞས་འདི་གི་ འབྱུང་ཁུངས་དང་ རྩམ་པ་པོ་འདི་ངོས་བཟུང་མེདཔ་ཨིན་མས།  གླུ་གཞས་འདི་གཞུང་སྒྲ་གཅིག་ འབདཝ་ལས་གླུ་གཞས་འདི་ མི་ལྔ་དང་ཉི་ཤུ་བར་ གྱལ་ཐེང་གཅིག་ནང་  འབད་རྐྱབ་ཨིན་མས། གླུ་གཞས་འདི་ རྟེན་འབྲེལ་ དགའ་སྟོན་དང་འཛོམས་འདུ་ ག་ཅི་བཟུམ་གཅིག་ནང་ཡང་ འཁྲབ་ནི་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • དཀར་མོ་ Karmo
    དཀར་མོ་ཟེར་སླབ་ཨིན་ལགས་མིང་འདི་ ལོ་ཁལ་བཞི་དང་བཞི་ཡར་སོ་ཡི་ལགས།
  • དཀར་མོ་ Karmo
    ཡར་གྱི་དགུང་སྟོད་བླ་མས་ཆོས་གནང་དོ། །མར་ལ་ཁྲི་གདུགས་ཉི་མ་ཆོས་ཞུ་གེ །
  • དཀར་མོ་ Karmo
    བདག་ལ་ཨོཾ་སངས་མ་ཎི་པདྨེ་ཧཱུཾ། །ཡང་སུ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །
  • དཀར་མོ་ Karmo
    ཡར་གྱི་གངས་སྟོད་བླ་མས་ཆོས་གནང་དོ། །མར་ལ་སེང་ཆེན་དཀར་མོ་ཆོས་ཞུ་གེ །
  • དཀར་མོ་ Karmo
    བདག་ལ་ཨོཾ་སངས་མ་ཎི་པདྨེ་ཧཱུཾ། །ཡང་སུ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །
  • དཀར་མོ་ Karmo
    དེ་ཅིག་རྐྱངམ་ཅིག་འཐེན་ནི་ དེ་ཅིག་རྐྱངམ་ཅིག་འདུག་ ཧ་ཧ་ཧ།། །།