29 Dec 2015
1 min 29 sec
Video Overview
Creators:
Tibetan & Himalayan Library, 叶旦才让
This is a video of Wangchen Tso from Dola, Amdo singing a song called "The Lama is like the Sun." This song is part of a series of folk songs from the Rebgong cultural area.
འདི་ནི་མདོ་སྨད་མདོ་ལའི་ཕྱོགས་ཀྱི་གླུ་ཞིག་ཡིན་ལ། བླ་མ་དང་སྟག་ཤར། སྨན་ཤར་རྣམས་ལས་དབང་བརྗོད་ཡོད།
གླུ་འདིའི་ནང་དུ་རྗེ་བླ་མ་དགུང་གི་ཉི་མར་དཔེར་བླངས་ཏེ་འགྲོ་དོན་བསྒྲུབ་དགོས་པ་ཁོང་གི་སྨོན་ལམ་དང་། སྟག་ཤར་ར་ལ་ཙེར་དཔེར་བླངས་ཏེ་ཁ་ལས་དར་དགོས་པ་དང་། ཡང་སྨན་ཤར་བུ་མོ་ཚེར་མགོའི་བྱེའུ་ཆུང་ལ་དཔེར་བླངས་ནས་ནར་སོན་ན་རང་གི་ཁྱིམ་ཚང་བྲལ་ཏེ་གནས་ཡུལ་ལ་འགྲོ་དགོས་སྡུག་ཡུས་དང་ལས་དབང་བསྟན་ཡོད།
- ༼ ཡེ་་་་་་་་ཡ་རེ་ཡ་རེ་་་་་་ཡང་ཡ་རེ་ལེན་དགོ ༽
- རྗེ་བླ་མ་དགུང་གི་ཉི་མ་རེད། །
- འཆར་དགོས་ནོ་འཇིག་རྟེན་ཆོས་ཉིད་རེད། །
- སྟག་ཤ་ར་ཁིས་ཆེན་ལ་ཙེ་རེད། །
- དར་དགོས་ནོ་བུ་རྟའི་ཁ་ལས་རེད། །
- མ་བུ་མོ་ནགས་མགོའི་བྱེའུ་ཆུང་རེད། །
- འཕུར་དགོས་ནོ་སྔོན་གྱི་ལས་དབང་རེད། །
- གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན། །