11 Jan 2016
2 min 11 sec
Video Overview
Creators:
Tibetan & Himalayan Library
This is a video of Drolle from Serchen in Amdo singing a song called "The Lama is the Golden Tree." This song is part of a collection of folk songs from the Rebgong cultural area.
འདི་ནི་ཕ་བླ་མ་དང་དཔོན་ཆེན་པོ་མ་བུ་མོ་བཅས་གསེར་དངུལ་དུང་གསུམ་གྱི་སྡོང་བོར་དཔེ་བྱས་ཏེ་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ཕ་བླ་མ་དང་བན་ཆུང་ཆོས་ཀུན་རིག་གསུམ་དང་། དཔོན་ཆེན་པོ། ནང་བུ་ཚ། གཏམ་ཁ་ལྕེ་གསུམ། མ་བུ་མོ་དང་ནང་བུ་ཕྲུག ལས་བསོད་ནམས་གསུམ་བཅས་ཀྱི་འབྲེལ་བ་ནི་སྡོང་བོ་དང་སྡོང་བོའི་ལོ་མ། འབྲས་བུ་བཅས་ཀྱི་འབྲེལ་བ་ལྟར་གཅིག་ལ་གཅིག་བརྟེན་ཡིན་པ་བརྗོད་ཡོད།
- ༼ཨོ་ཡེ་་་ཞང་ཡ་རེ་བུ་ལོ་ཡ་རེ་ཡ་རེ་བུ་ལོ་ལེན། ཞང་ཡ་རེ་བུ་ལོ་འཇོག་ནས་གླུ་ཞིག་ལེན༽
- ཕ་བླ་མ༼བུ་ལོ༽གསེར་ནག་སྡོང་བོ༼བུ་ལོ༽རེད།།
- ནང་བན་ཆུང༼བུ་ལོ༽སྐེད་ཀྱི་ནེམ་ལོ༼བུ་ལོ༽རེད།།
- ཆོས་ཀུན་རིག༼བུ་ལོ༽མགོ་ཡི་འབྲས་བུ༼བུ་ལོ༽རེད།།
- དཔོན་ཆེན་པོ༼བུ་ལོ༽དངུལ་དཀར་སྡོང་བོ༼བུ་ལོ༽རེད།།
- ནང་བུ་ཚ༼བུ་ལོ༽་སྐེད་ཀྱི་ནེམ་ལོ༼བུ་ལོ༽རེད།།
- གཏམ་ཁ་ལྕེ༼བུ་ལོ༽མགོ་ཡི་འབྲས་བུ༼བུ་ལོ༽རེད།།
- མ་བུ་མོ༼བུ་ལོ༽དུང་གི་སྡོང་བོ༼བུ་ལོ༽རེད།།
- ནང་བུ་ཕྲུག༼བུ་ལོ༽སྐེད་ཀྱི་ནེམ་ལོ༼བུ་ལོ༽རེད།།
- ལས་བསོད་ནམས༼བུ་ལོ༽མགོ་ཡི་འབྲས་བུ༼བུ་ལོ༽རེད།།
- གླུ་ཤེས་ནི༼བུ་ལོ༽མིན་ར་དགའ་ནི༼བུ་ལོ༽ཡིན།།