06 Jan 2016
2 min 20 sec
Video Overview
Creators:
Tibetan & Himalayan Library
This is a video of Tsering Jyi from Yonru Village in Chentsa singing a song called "The Lama with the Golden Hat." This song is part of a collection of folk songs from the Rebgong cultural area.
འདི་ནི་བསྟོད་གླུ་ཞིག་ཡིན། རང་ལ་དྲིན་ཆེ་བའི་བླ་མ་དང་། སྟག་ཤར་སྨན་ཤར་གསུམ་ལ་བསྟོད་པའི་གླུ་ཞིག་རེད།
གླུ་འདིའི་ནང་དོན་གཙོ་བོ་ནི་ཀུན་ལ་བྱམས་ཀྱིས་སྐྱོང་བའི་བླ་མ་དང་། མང་ཚོགས་ཡོངས་བུ་ལྟར་སྐྱོང་བའི་སྟག་ཤར། རྨ་བྱའི་མཛེས་སྡུག་ལ་འགྲན་པའི་བུ་མོ་ཡོངས་ལ་བསྟོད་པའི་གླུ་ཞིག་ཡིན།
- ཡེ་་་་་ཡ་རེ་འགྲོ་ལྔ་བརྒྱ་ཡ་རེ་ལེན་ཡ
- ཕ་བླ་མ་གསེར་གྱི༼་འགྲོ་ལྔ་བརྒྱ་ཡ༽ཐང་ཞུ་ཅན།།
- བཞུགས་དང་ན་ཚོགས་ཆེན༼་འགྲོ་ལྔ་བརྒྱ་ཡ༽གྲལ་མགོ་རེད།།
- ཕེབས་སོང་ན་འཛམ་གླིང༼་འགྲོ་ལྔ་བརྒྱ་ཡ༽ཉི་མ་རེད།།
- སྟག་ཤ་ར་དངུལ་དཀར༼་འགྲོ་ལྔ་བརྒྱ་ཡ༽རྣ་ལུང་ཅན།།
- བསྡད་དང་ན་སྡེ་བའི༼་འགྲོ་ལྔ་བརྒྱ་ཡ༽དཔོན་པོ་རེད།།
- བུད་སོང་ན་བཅོ་ལྔའི༼་འགྲོ་ལྔ་བརྒྱ་ཡ༽ལྷ་ཟླ་རེད།།
- མ་བུ་མོ་བྱུ་རུའི༼་འགྲོ་ལྔ་བརྒྱ་ཡ༽རྣ་ལུང་ཅན།།
- བསྡད་དང་ན་ཕ་ཕྱུག༼་འགྲོ་ལྔ་བརྒྱ་ཡ༽བུ་མོ་རེད།།
- བུད་སོང་ན་རྨ་བྱ༼་འགྲོ་ལྔ་བརྒྱ་ཡ༽སྔོན་མོ་རེད།།
- གླུ་ཤེས་ནི་མིན་ར༼་འགྲོ་ལྔ་བརྒྱ་ཡ༽དགའ་ནི་ཡིན།།