29 Dec 2015
4 min 2 sec
Video Overview
Creators:
Tibetan & Himalayan Library
This is a video of Shabo Tso from Khengya Village in Chentsa singing "The Lama Appears like the Sun." This song is part of a collection of folk songs from the Rebgong cultural area.
འདི་ནི་སྤྱིར་བཏང་གི་དམངས་གླུ་ཞིག་ཡིན་ལ། འདིའི་ནང་དུ་བླ་མ་དང་དཔོན་པོ། ནང་ན་ཟླ་སོགས་ལ་བསྟོད་པ་བྱས་ཡོད།
གླུ་འདིའི་ནང་དུ་བླ་མ་ནི་དགུང་གི་ཉི་མ་དང་མཚུངས་པར་བརྗོད་དེ་བསྟོད་པ་བྱས་ཡོད་པ་དང་། གོང་དཔོན་པོ་དགུང་གི་ཟླ་བ་དང་མཚུངས་པར་བསྟོད་ཡོད། གཞན་ཁ་ཡ་ན་ཟླ་རྣམས་དགུང་གི་སྐར་ཚོགས་དང་མཚུངས་བར་བརྗོད་ནས་བསྟོད་གླུ་བླངས་ཡོད།
- ༼ ཡེ་་་་་ཡེ་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽
- ཁིས་གོང་མ་གན་ནས་ཉི་མ་ཤར། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽
- འདི་ཉི་མ་མ་རེད་བླ་མ་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽
- འདི་བླ་མ་ཉི་མ་ཤར་འདྲ་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽
- ཁིས་བར་མ་གན་ནས་ཟླ་བ་ཚེས། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽
- གན་ཟླ་བ་མ་རེད་དཔོན་པོ་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽
- འདི་དཔོན་པོ་ཟླ་བ་ཚེས་འདྲ་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽
- ༼ ཡེ་་་་་ཡེ་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽
- ཁིས་ཞོལ་མ་གན་ནས་སྐར་ཚོགས་ཤར། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽
- གན་སྐར་ཚོགས་མ་རེད་ན་ཟླ་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽
- འདི་ན་ཟླ་སྐར་ཚོགས་ཤར་འདྲ་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽
- གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་ཡང་ཡ་རེ་ལེན་དགོ ༽