Video Overview
Lam Dorji discusses his personal life history, and his family lineage of Chakhar. He enumerated three generations of his ancestors and says that he forgot the generations before these three. Since his family is from the line of Chojey (dharma lord), automatically one man in the family must hold the family line. He will be known as Lama, and females in the family are called Azhi (noble lady). Later during the reign of His Majesty, the third King of Bhutan, Jigme Dorji Wangchuk, Lam Dorji's father served in his government. The King later ordered Lam Dorji to serve, as well, and he did so at various levels of government until his retirement.
- Chagkhar
- བླམ་རྡོ་རྗེ་ Lam Dorjiད་ ད་ངེའི་ཕམ་གི་ལོ་རྒྱུས་ དུམ་གྲ་ཅིག་ཞུ་བ་ཅིན་ ད་ཕ་མའི་ལོ་རྒྱུས་ཀྱི་ཁུངས་དེ་སྦེ་ཨིན། ད་དང་པོ་ཕ་མའི་རིམ་བྱོན་འདི་ཚུ་ མ་པ་སོང་ནུག་སོང་ནི་འདི་ ཧེ་མའི་ཕམ་རིམ་བྱོན་༥ ལས་ཚུར་ ལེགས་ཤོམ་ཅིག་མི་ཤེས་པས་ གསུམ་ལས་ཚུར་ དུམ་གྲ་རེ་ཤེས།
- བླམ་རྡོ་རྗེ་ Lam Dorjiའ་ནཱི་གི་འོག་ལས་མར་ དུམ་གྲ་རེ་ཤེས་མི་དེ་ཡང་ དང་པ་རང་ ད་ང་ར་གི་ཕམ་ ད་ཨང་རྒས་ ཨ་མ་གི་ཨ་མ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཨ་ཞེ་ཀ་སྤང་ཟེར་སྡོད་ནུག་ཨ་ཞེ་ཀ་སྤང་ ཨ་ཞེ་ཀ་སྤང་གི་འོག་ལས་མ་གཏོགས་ གཞན་མི་ཚུ་ང་གིས་བཤད་མི་ཚུགས་པས།
- བླམ་རྡོ་རྗེ་ Lam Dorjiདེ་འབད་ནི་དེ་གིས་ ཨ་ཞེ་ཀ་སྤང་ཟེར་མི་ ཏེ་དང་པོ་ལྕགས་མཁར་ཨ་ཞེ་ མོ་སྡོད་སྡོདཔ་ཨིན་མས། འདི་གི་ཧེ་མའི་ཕ་མ་འདི་ཚུ་ ང་གིས་ལེགས་ཤོམ་ཅིག་ ཁུངས་བཀལ་མི་ཚུགས་པས་ ཤེས་ནི་དེ་ཤེས་པས་ གནམ་མེད་ས་མེ་ཅིག་ ཁུངས་བཀལ་མི་ཚུགས་པས། དེ་འབདཝ་ད་ ཨ་ཞེ་ཀ་སྤང་ཟེར་མི་དེ་གི་སྤུན།
- བླམ་རྡོ་རྗེ་ Lam Dorjiབུམོ་སྤུན་༣ སྡོད་ནུག ཕོ་སྐྱེས་ཡང་སྡོད་ནུག བུམོ་ཡང་སྡོད་ནུག བུམོ་སྤུན་༣ འདི་ བུམོ་སྤུན་སྦོམ་ཤོས་ ཨ་ཞེམོ་འདི་ ལྕགས་མཁར་གྱི་ལྷ་ཁང་སྣག་ཚང་བདག་འཛིན་འབད་མི་སྦེ་ ནཱ་རང་ལུས་ནུག བར་ན་སྐོརམ་འདི་ བོན་སྦྱིས་ཆོས་རྗེ་ནང་ མནའམ་འབད་འཁྱིད་སོང་ནུག་བ།
- བླམ་རྡོ་རྗེ་ Lam Dorjiཕར་བོན་སྦྱིས་ཆོས་རྗེ་ནང་ མནའམ་འབད་འཁྱིད་སོང་ནུག་ཨ་ཞེ་ དེ་ལས་ ཆུང་ཤོས་འདི་ ཤིང་མཁར་གྱི་ ཤིང་མཁར་གྱི་ བླ་མའི་མནའམ་འབད་འཁྱིད་སོང་ནུག་བ། འདི་འབད་ནི་དེ་གིས་ ཤིང་མཁར་བླམ་དང་ ཉེཝ་ཕོག་དགོ་པའི་ཁུངས་ འདི་ལུ་བརྟེན་ཏེ་ཨིན་ལགས།
- བླམ་རྡོ་རྗེ་ Lam Dorjiཤིང་མཁར་བླ་མ་དང་ཡང་ཉེཝ་ཕོག དེ་ལས་ བོན་སྦྱིས་ཆོས་རྗེ་དང་ཡང་ ཉེཝ་གཏུག་གཏུག་ཕོག་དགོ་པའི་ཁུངས་འདི་ཨིན་ དེ་སྦེ་ཕོགཔ་ཨིན་ཟེར་ ཞུ་ནི་ཨིན། དེ་གི་ཤུལ་ལས་ བུམོ་གཅིགཔོ་འདི་ཨ་ནེམ་ཅིག་སྡོད་ནུག ཨ་ནེམ་ཅིག་ འདི་ལུ་ཨ་ལོ་མིན་འདུག་ སྡོད་ནུག་ དེ་ལས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཨ་ཞང་འདི་ བླམ་ཕྱག་རྡོར་ཟེར་སྡོད་ནུག དེ་ལས་ བླམ་ཕྱག་རྡོར་འདི་ ནཱ་ལུ་སྐུ་འཁྲུངས་ཏེ་ བྱ་དཀར་ལྷ་ཁང་བླམ་འབད་ བྱ་དཀར་ལྷ་ཁང་རྨགཔ་འབད་འཁྱིད་སོང་ནུག་ བྱ་དཀར་ལྷ་ཁང་ལུ་སོང་ནུག་ མར་བྱ་དཀར་ལྷ་ཁང་ཟེར་ཡོད་བ་མར་ མར་རྡོ་རིང་ཅིག་མཇལ་ནི་ཡོད་ད་རུང་ ཁྱོད་མ་བྱོནམ་འོང་ མི་མཁྱེནམ་འོང་ མར་ལུ་ཡོད།
- བླམ་རྡོ་རྗེ་ Lam Dorjiམར་ལུ་བླམ་འབད་མར་འཁྱིད་སྦེ་ དེ་ལས་ བླམ་ཕྱག་རྡོར་རྨགཔ་འབད་ མར་བཞུགས་ནུག དེ་ལས་ བླམ་ཕྱག་རྡོར་གྱི་བུཚ་འདི་ ཚེ་དབང་ཟེར་བླམ་ཅིག་འཁྲུངས་ནུག ཚེ་དབང་འདི་ལུ་ལྷོདཔ་ད་ལུ་ འདི་གིས་སྡེ་པའི་གཟིམ་དཔོན་ཟེར་ བཀྲིས་རྡོ་རྗེ་ཟེར་ བཀྲིས་རྡོ་རྗེ་ཨིན་ན་ བཀྲིས་ག་ཨིན་ན་ཅིག་སྡོད་སྡོདཔ་མས།
- བླམ་རྡོ་རྗེ་ Lam Dorjiའ་ནཱི་སྡོད་སྡོདཔ་མས། འདི་ཕར་སྤུ་ན་ཁ་ལུ་ག་ཅི་ལོ་ སྡེ་པའི་གཟིམ་དཔོན་རྣམ་གནང་སྦེ་བཞུགསཔ་ད་ ངེའི་ཨ་པ་གི་ཨ་མ་དང་ཕྱད་ནུག་ ངེའི་ཨ་པ་གི་ཨ་མ་འདི་ སྤ་རོ་[ཟ་རྒྱུ་?]ཆོས་རྗེ་ཟ་མོ་ཨིནམ་བ། སྤ་རོ་ཟ་རྒྱུ་ཆོས་རྒྱུད་ གྲུབ་ཐོབ་དཔའ་བོ་རྡོ་རྗེ་གི་ འདི་གི་སྲས་མོའི་སྲསམོ་ཨིན་པས་ སྲས་མོའི་སྲསམོ་ཨིན། དེ་གིས་འབད།
- བླམ་རྡོ་རྗེ་ Lam Dorjiཕར་ཕྱད་དེ་ དེ་ལས་ ངེའི་ཨང་རྒས་དང་ཕར་ཕྱད་དེ་ ཏེ་ངེའི་ཨ་པ་སྐྱེས་ས་ཕར་སྤ་རོ་ཨིན། སྐྱེས་ས་དང་སྦོམ་ས་ཕར་སྤ་རོ་ཨིན། དེ་འབདཝ་ད་ ཨ་པ་འདི་ངོ་མ་བྱ་དཀར་ལྷ་ཁང་ལས་ཨིན་ རྒྱུད་ནཱ་ལྕགས་མཁར་ལས་རང་ རྒྱུད་ལྕགས་མཁར་ལས་མར་ [རྨགཔ་སྦེ་ རྒྱུད་སྐྱེས་?] རྨགཔ་སྦེ་སྡོད་པའི་བར་ན།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཕར་ལུ་ སྡེ་པའི་གཟིམ་དཔོན་འབད་བྱོན་ སྡེ་པའི་གཟིམ་དཔོན་གནང་སྦེ་སྡོདཔ་ད་ ཨང་རྒས་དང་ཕྱད་དེ་ ངེའི་ཨ་པ་སྐྱེས་ས་ཕར་སྤ་རོ་ལུ་སྐྱེས་ནུག སྤ་རོ་[ཟ་རྒྱུ་ཆོས་?]ལུ་སྐྱེས་ནུག [ཟ་རྒྱུ་?]ཆོས་རྗེ་ལས་ ཕར་ལས་ཚར་སྦེ་ ཤུལ་ལས་ལོག་སྟེ་ ཕར་ལས་ཚུར་འོངམ་ད།
- བླམ་རྡོ་རྗེ་ Lam Dorjiགཉེན་ནང་རྡོག་རྐྱབ་ནུག་ནཱ་ ངེའི་ཨའི་དང་རྐྱབ་ནུག་གཉེན་ དེ་ལས་ གཉེན་ངེའི་ཨའི་དང་རྐྱབ་ད་ དེ་ལས་ གཉེན་རྐྱབ་སྟེ་ ད་མི་གཅིག་ཨིན་ གཉེན་ནཱ་རྐྱབ་པ་ཅིན་དྲག་ནི་མས་ཟེར་ ཁོང་གཉེན་ནཱ་རྐྱབ་སྟེ་ དེ་ལས་ ལྕགས་མཁར་ཆོས་རྗེ་ཟེར་མི་འབོ་ ལྕགས་རིན་ཆེན་ཟེར་འབོ་ནི་ཡོད་ རིན་ཆེན་རྣམ་རྒྱལ་ཨིན་ མིང་རིན་ཆེན་རྣམ་རྒྱལ་ཟེར་འབོཝ་ཨིན།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་རིན་ཆེན་རྣམ་རྒྱལ་ཟེར་ཨིན་ དེ་འདི་ཤུལ་ལས་ཨིན་ ཨིན་རྒྱུ་འདིའི་ཧ་ེམ་ཚུད་ཅི་ བླ་མ་རིམ་བྱོན་འབད་བ་ཅིན་ ཧེ་མ་བླམ་ནོར་བུ་རྒྱ་མཚོ་ཟེར་སྡོད་ནུག བླ་མ་དེ་ལས་ ནོར་བུ་རྒྱ་མཚོ་ཟེར་སྡོད་ནུག བླ་མ་ལྕགས་དྲག་པ་ཟེར་སྡོད་ནུག
- བླམ་རྡོ་རྗེ་ Lam Dorjiབླ་མ་ནོར་བུ་རྒྱ་མཚོ་ སྡོད་སྨ་རེད་བླ་མ་ བླ་མ་དཔྱད་རིག་ཡང་མིན་འདུག་ཏེ་ བླ་མ་ འདི་ནང་ལས་ཐོན་འོང་མེན་ན་ འུམ་་་དང་པོ་བླ་མ་ཨོ་རྒྱན་བཟང་པོ་ཨིན་པས། ཨོ་རྒྱན་བཟང་པོའི་རྣམ་སྤྲུལ་ བླ་མ་དེ་འོག་བླ་མ་ནོར་བུ་རྒྱ་མཚོ་ཨིན་པས། དེ་འོག་བླ་མ་རེ་འཕེལ་ཨིན་པས། དེ་འོག་བླ་མ་ཁྱིམ་བཅགས་པ་ཟེར་ཨིན་པས་ལགས། དེ་འོག་རིན་ཆེན་རྣམ་རྒྱལ་ཟེར་མི་འདི་ཨིན་པས་ལགས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་མར་ འདི་འོག་ལས་ད་ བླ་མ་རིན་ཆེན་རྣམ་རྒྱལ་ལས་མར་ བླམ་ཨོ་རྒྱན་ཟེར་ཡང་འདུག་བླམ་ ད་ང་ལུ་ ད་དེ་ལས་ ང་ལུ་མིང་ ད་ཆོས་ཡོན་ག་ནི་ཡང་མེད་རུང་ མིང་བླ་མའི་ཁྱིམ་ནང་སྡོད་སྡོདཔ་འབད་ནི་དེ་གིས་ བླ་མ་གི་མིང་ཅིག་ཐོབ་སྟེ་འོང་ཡི།
- བླམ་རྡོ་རྗེ་ Lam Dorjiཡོན་ཏན་ཟེར་ ཆོས་ཡོན་ཏན་འདི་ ག་ནི་ཡང་མེད་ མེད་རུང་ བླ་མ་གི་མིང་ཅིག་ཐོབ་སྟེ་འོང་ཡི་ ཁྱིམ་ལས་བརྟེན་ཏེ་ འདི་གི་མིང་ཅིག་ཐོབ་སྟེ་འོང་ཡི་ ད་བླམ་རྡོ་རྗེ་ཟེར་ (speaker Laughs) ཐོབ་སྟེ་འོང་ཡི་ལགས། ཡོན་ཏན་འདི་ག་ནི་ཡང་མེད་ མེད་རུང་བླ་མ་གི་མིང་ཅིག་ཐོབ་འོང་སྟེ་ མ་བཏུབ་རྒྱབ་ཁར་བསྐྱུར་བཞག་མ་བཏུབ་ གདོང་ཁར་འཐོན་མ་བཏུབ།
- བླམ་རྡོ་རྗེ་ Lam Dorjiམི་འདི་ཚུ་གིས་ བླ་མ་གི་མིང་བཏགས་འོངམ་ད་ དགའ་སྐྱོ་མེད་པར་ (speaker laughs) ད་བླ་མ་གི་མིང་ཐོབ་སྟེ་ ཡོན་ཏན་མེད་རུང་ བླ་མ་གི་མིང་གུ་སྡོད་དགོ་པས་ཟེར་ དེ་སྦེ་ཨིན་ལགས། དེ་ལས་ འདི་ལས་བརྒྱུད་དེ་ ད་ག་དེ་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་ མ་ལས་འབད་བ་ཅིན།
- བླམ་རྡོ་རྗེ་ Lam Dorjiཁོ་ར་ལྕགས་མཁར་གྱི་ རང་གི་ད་སྣག་ཚང་འདི་ ལྕགས་མཁར་འདི་ལས་ཨིན། འདི་ག་དེ་སྦེ་ཟེར་བ་ཅིན་ ལྕགས་མཁར་ཆོས་རྗེ་ཟེར་སྡོད་ནུག བླམ་ཟེར་སྡོད་ནུག ཆོས་རྗེ་ཟེར་མི་འདི་ དང་ཕུ་ག་ཅི་ལས་བརྟེན་སྡོད་ནུག་ག་ཟེར་བ་ཅིན་ དང་ཕུ་རྒྱལ་རབས་ལས་ མེ་འབར་བཀྲིས་ཁྱེའུ་འདྲེན་ལས་བརྟེན་ དེ་ལས་ འདི་གི་བརྒྱུད་པ་ཨིན་རུང་འདྲ་ མེན་རུང་འདྲ་ བརྒྱུད་པ་ནཱ་ལས་ཨིན་ཟེར་ བརྩིས་མི་ལུ་བརྟེན་ཏེ་ ཆོས་རྗེ་བརྩིས་ནུག
- བླམ་རྡོ་རྗེ་ Lam Dorjiཆོས་རྗེ་བརྩིས་ནུག ཆོས་རྗེ་ཟེར་བའི་ཁུངས་འདི་ལས་བརྟེན་ཏེ་ཨིན། ད་འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་ར་གིས་འབད་ དེ་སྦེ་འབད་འབདཝ་ཡང་མེན་ དང་པོ་རྒྱལ་བ་གོང་མ་ གོང་ས་ཨོ་རྒྱན་དབང་ཕྱུག་དང་པ་ རྒྱལ་རབས་དང་པ་གིས་ བཀའ་གནང་ནུག ག་དེ་སྦེ་ཟེར་བ་ཅིན་ ད།
- བླམ་རྡོ་རྗེ་ Lam Dorjiབླམ་ཆོས་རྗེ་གི་ནང་ལས་ ད་ལྕགས་མཁར་ཨ་ཞེ་ཟེར་ཐོབ་དགོ་མི་འདི་ ལྕགས་མཁར་འདི་མ་གཏོགས་ གཞན་གྱིས་ཨ་ཞེ་མི་ཐོབ་ཟེར་ ལྕགས་མཁར་ཆོས་རྗེ་འབད་བ་ཅིན་ ཨ་ཞེ་ཐོབ་ཟེར་ གསུངས་མི་ག་ཅི་སྨོ་ཟེར་བ་ཅིན་ མཁའ་འགྲོ་རྒྱལ་བ་འབུམ་ལྡན་མཚོ་མོ་ ནཱ་སྐུ་འཁྲུངས་པ་ལུ་བརྟེན་ཏེ་ འདི་གིས་འབད་ཨ་ཞེ་ཐོབ་དོ་ཡོདཔ་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiགཞན་ཨ་ཞེ་མི་ཐོབ་ཟེར་ཨིན་པས་བ་ དེ་འབད་རུང་ རོགས་ངང་ལ་ཨ་ཞེ་ལོ་ དེ་ལས་ གཏམ་ཞིང་ཨ་ཞེ་ ཐོབ་པས་བ་ཁོང་ཡང་ པད་གླིང་གི་གདུང་རྒྱུད་འབད་ནི་དེ་གིས་ ཨ་ཞེ་ཐོབ་ འདི་ཚུ་ཡང་ ཁོང་ཆ་ཁྱབ་ཡང་ ཨ་ཞེ་ཐོབ་ དེ་སྦེ་ཨ་ཞེ་ཐོབ་དོ་ཡོདཔ་མས་ དེ་ལས་ འདི་ཚུ་གིས་ ཨ་ཞེ་ཐོབ་ དེ་ལས་ད།
- བླམ་རྡོ་རྗེ་ Lam Dorjiདེ་གི་ཤུལ་ལས་མར་ ང་རའི་རིམ་པ་ལས་འབད་བ་ཅིན་ ད་རང་གི་བྱ་བ་མ་ལྕོགས་ བྱ་བ་ལྕོགས་པའི་དུས་ཚོད་ལུ་རང་ དང་པོ་རང་ཨ་པ་འདི་ ཁོ་ར་སྨྱོ་ལོ་འཆོལ་ལོ་སོང་སྟེ་ ཁོ་ར་གིས་ ཨོལ་ལྐོག་བཏོག་ཏེ་ཤི་ཡི་ ཤིཝ་ཅིག་ ཁོ་ཤིཝ་ཅིག་ གོང་ས་འཇིགས་མེད་དབང་ཕྱུག་གི་ གྲོང་གཉེར་འབད་ནི་དེ་གིས་ ང་[འབད་ཐར་ཆོད་ཅི་?]
- བླམ་རྡོ་རྗེ་ Lam Dorji[འབད་ཐར་ཆོདཔ་ད་ འབད་ཐར་ག་ར་ཆོད་ ང་ར་འབད་ཚབ་ཡང་ཆོད་ གཞི་སྟོད་?]ཡང་ཆོད་དེ་ རྒྱབ་ཁར་མ་བསྐྱུར་ དེ་ལས་ རྟིང་ལས་ཞབས་ཀྱིས་གསུངསམ་མས་ ད་ཁྱོད་ལོ་དག་པ་ཅིག་སྡོད་ཤིག་ ཅི་ཁ་མ་ཆོད་པས་ ལོ་དག་པ་ཅིག་ལས་ ང་ར་གིས་འབོ་བར་བཏང་གེ་ཟེར་གསུངས་མས་ དེ་གིས་འབད།
- བླམ་རྡོ་རྗེ་ Lam Dorjiལོ་དག་པ་ཅིག་སྡོད་ཅི་ དེ་གི་བར་ན་རང་ ཅི་ཁ་ཆོད་དེ་ ཡར་ལོ་མར་ལོ་འབད་བའི་བར་ན་ར་ ཁོང་རང་འབད་སར་ ཕྱག་ཞུ་བར་འགྱོ་དགོཔ་ཐོན་སོ་ཡི་ དེ་སྦེ་ཕོག་སོངམ་ད་ ཕྲང་ཕྲང་འབད་ག་ཏེ་ཐོབ་ འཛུལཝ་ད་ཕྲང་ཕྲང་ཕྱག་ཞུ་བར་ ཆང་སྒར་པའི་གྲོས་ཁར་མི་བཙུགས་པས་མིན་འདུག
- བླམ་རྡོ་རྗེ་ Lam Dorjiལཱ་འབད་མི་གི་གྲངས་སུ་འཛུལ་དགོ་པས་ ག་ཏེ་ཡང་ ཧེ་མ་རང་ལཱ་འབད་མི་གི་གྲངས་སུ་འཛུལ་དགོ་པས་བ་ ལཱ་འབད་མི་གི་གྲངས་སུ་ དེ་ལས་ འགྲོས་ཀྱིས་འགྲོས་ཀྱི་འབད་མ་གཏོགས་མིན་འདུག དེ་གིས་འབད་ལཱ་ཡང་དུམ་གྲ་རེ་ ག་ཏེ་ཡང་ དུམ་གྲ་རེ་འབད་ཡི་ལགས།
- བླམ་རྡོ་རྗེ་ Lam Dorjiདུམ་གྲ་རེ་འབད་དེ་ དེ་ལས་ རྟིང་ལས་ཀྲོང་གསར་ལུ་ མར་ཀུན་དགའ་རབ་བརྟན་ལུ་ སྒྲིག་རྒྱུག་པར་འགྱོཝ་ད་ ཀུན་དགའ་རབ་བརྟན་ལས་ ང་བཅས་ཀྱི་ཆ་རོགས་ལ་ལུ་ཅིག་ དམག་མི་ནང་ཚུད་ཅི་ དམག་མི་ཚུདཔ་ད་ དམག་ལྷབ་མི་ཨིན་ ང་དམག་ལྷབ་མི་མེན་ ང་དེ་བསྒང་ ཕྱགསམ་འཕྱག་མི་འབད་སྡོད་ཅི་ ནང་ན་ཕྱགསམ་འཕྱག་མི་འབད་ཚུད་ཅི།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཕྱགསམ་འཕྱག་སྟེ་ ཟླཝ་རང་མ་འགྱོ་ དེ་གི་བར་ན་རང་ ཀྲོང་གསར་ལུ་ འཆམ་རྐྱབ་མི་འབད་བཙུགས་འབད་ཞིནམ་ལས་ དེ་ལས་ ང་བཅས་རྡོ་གཅལ་ནང་ན་ རྡོ་གཅལ་གང་འཆམ་རྐྱབ་མི་འབད་བཙུགས་བཏངམ་ད་ ཡར་ལས་ཕྱག་ཞུ་མི་ཚུ་དང་ བཀའ་བགྲོསཔ་འདི་ཚུ་དང་ ཨ་དྲུང་ཐབ་ཚང་པ་ག་ར་ཐོན་ཏེ་ རྡོ་གཅལ་ནང་ན་ འཆམ་རྐྱབ་བཏངམ་ད།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ མནའ་སྦིས་དྲུང་པ་ནག་འཕེལ་ཟེར་མི་ཅིག་ཡོདཔ་ཨིན། འདི་གིས་རྟས་ལྕག་གིས་དྲང་སྟེ་ ཉིནམ་༣ པོ་འདི་ནཱ་རང་ཨིན་ དྲང་རུང་ དེ་ལས་ ཉིནམ་༣ འབདཝ་ད་ འཆམ་དཔོན་སླ་བསྲེ་ཕྱེལ་བཏང་སྟེ་ ཁོང་ཕྱག་ཞུ་མི་ཚུ་ ལོག་ཅིག་ཁར་ཕྱེལ་ འཆམ་རྐྱབ་ཤེས་མི་ཚུ་ འཆམ་རྐྱབ་མིའི་གྲངས་སུ་བཙུགས་ཏེ་ ཀྲོང་གསར་ལུ་ འཆམ་རྐྱབ་པར་འགྱོ་དགོཔ་ཐོན་སོ་ཡི་ འཆམ་ལྷབ་པར་ ཧེ་མ་འཆམ་ལྷབ་ དེ་ལས་ འཆམ་རྐྱབ་སྦེ།
- བླམ་རྡོ་རྗེ་ Lam Dorjiམར་ལས་ཞུ་སྟེ་འགྱོཝ་ད་དང་ ཚང་སྟེ་འགྱོཝ་ད་ ཏི་རུ་ཏིག་རྐྱང་ ༥ རྒྱ་ཤོག་ལྟབ་གཅིག་མ་གཏོགས་གསོལ་རས་མེད་ མར་ལས་ཞུ་སྟེ་འགྱོཝ་ད་ འདི་ཞུ་སྟེ་འབག་འབད་ཞིན་ན་ བཞེས་སྒོ་ཡང་མ་བཏུབ་སྦེ་ ཐོབ་ནི་ཡོད་ཀྲོང་གསར་ལས་ དེ་ལས་ གོ་ལ་ཡང་ང་བཅས་ར་གིས་གྱོན་དགོ
- བླམ་རྡོ་རྗེ་ Lam Dorjiདེ་ལས་ བཞེས་སྒོ་ཡར་ལས་གནང་ནི་ཡོད་ ཀྲོང་གསར་རྫོང་ནང་ འཆམ་ལྷབ་པའི་བསྒང་ལུ་ཡང་གནང་ནི་ཡོད་ ཚེས་བཅུ་གི་བསྒང་ལུ་ཡང་ ཡར་ལས་གནང་ནི་ཡོད་ དེ་ལས་བཞེས་སྒོ་ཡང་ ཡར་ལས་གནང་འོང་ ཀྲོང་གསར་རྫོང་ནང་ལུ་ འཆམ་ལྷབ་པའི་སྐབས་ལུ་ཡང་ ཡར་ལས་གནང་འོང་ ཚེས་བཅུ་སྐབས་ལུ་ཡང་ ཡར་ལས་གནང་འོང་ མ་བཏུབ་བཏུབ་སྦེ་ ཡར་ལས་གནང་ནི་ཡོད་ བཞེས་སྒོ་གནང་ ཏེ་གསོལ་རས་འདི་ དེམ་ཅིག་རང།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཀྲོང་གསར་རྫོང་ནང་འཛུལ་ཏེ་ དེ་སྦེ་འབད་སྡོད་དེ་ འཆམ་ལོ་༦ རྐྱབ་ཅི་ལགས་ ལོ་༦ འབདཝ་ད་ ལོ་༢ ཀྱི་ནང་འཁོད་ནང་ར་ འཆམ་ག་ར་ཤེས་ཅི་ དེ་ལས་ འཆམ་ཤེས་ཏེ་ དེ་ལས་ ལོ་༢ ནང་འཁོད་ནང་ འཆམ་ཤེསཔ་ད་ མར་འཆམ་ལྷབ་མི་ཚུ་ མང་ཤོས་རང་ འཆམ་ང་གིས་སྟོན་ཏེ་ཨིན་ཏེ་ ང་ལུ་དགའ་ འཆམ་སྟོནམ་ད་ ང་ལུ་དགའ་ང་འབད་སར་རང་འོང་ནི་ཡོད་འཆམ་ལྷབ་པར་ ཨའེ་ང་ལུ་སྟོན་བྱིན་གནང་ཨའེ་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ག་ར་ང་འབད་སར་འོང་སྟེ་ ང་གིས་འཆམ་རྩ་འགེངས་སྟོན་བྱིན་ཏེ་ ཁོང་འདི་ཚུ་གིས་ཡང་ ཕྱི་རུ་ང་ལུ་ མར་ལས་ལྷོདཔ་ད་ ལ་ལུ་ཅིག་གིས་བཞེས་སྒོ་ ལ་ལུ་ཅིག་གིས་ཆང་འདྲཝ་འབག་འོང་སྟེ་ ང་འབད་སར་གནམ་མེད་ས་མེད་འོང་ ང་ལུ་ལེགས་ཤོམ་འབད་འོང་།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་རང་ལོ་༦ ལྷབ་ དེ་ལས་ ལོ་༧ འབདཝ་ད་ མཇུག་ལུ་ལྷོདཔ་ད་ ཁོང་ར་མར་སྤྱ་དང་ འདི་གི་སྐོར་ལས་མ་འགྲིགས་པར་ འཆམ་མཇུག་ཐོན་མི་མེད་པར་ སྤྱ་གི་སྐོར་ལས་ སྤྱ་ང་ཐོན་གེ་ ང་ཐོན་གེ་ཟེར་ ཤུལ་ལས་འཆམ་མཇུག་ཐོན་མི་མེད་པར་ འཆམ་མཇུག་ང་ཐོན་དགོཔ་ཐོན་སོ་ཡི།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ འཆམ་མཇུག་ལོ་༢ ཐོན་ འཆམ་མཇུག་ལོ་༢ ཐོན་ཞིནམ་ལས་ དགོངསམ་ཞུ་ཡི་ འཆམ་མཇུག་ལོ་༢ འབད་ དགོངསམ་ཞུ་སྦེ་ དེ་ལས་ དགོངསམ་ཞུ་སྦེ་སྡོད་པའི་བར་ན་ར་ དེ་ལས་ དེའི་བར་ན་ར་ ཨ་ཞེ་ཆོས་སྐྱིད་ཀྱིས།
- བླམ་རྡོ་རྗེ་ Lam Dorji[འདི་མེན་དེ་རུང་?] ཡི་གུ་སྐྱེལ་ལེན་པ་འབད་ ལོ་༣ སྡོད་ཅི་ བྱ་དཀར་རྫོང་ནང་ལོ་༣ སྐྱེལ་ཡི་ དྲག་ཟེར་ ཡི་གུ་སྐྱེལ་ལེན་ཨིན་ དྲག་སྐྱེལ་ དེ་ལས་ ཨ་ཞེ་ཆོས་སྐྱིད་འབད་སར་མར་སྡོད་དེ་ ལོ་༣ ཨ་ཞེ་ཆོས་སྐྱིད་འབད་སར་ ཡར་ལོ་མར་ལོ་ཟེར་ ཞབས་བརྟན་ཞུ་སྡོད་པའི་བར་ན་ར་ དེ་སྦེ་ལུས་སོང་ཡི་ ཡུམ་པདྨ་བདེ་ཆེན་གྱི་སྐུ་མདུན་དུ་ཞབས་བྲོ་རྐྱབ་སྟེ་སྡོད་ ཨ་ཞེ་ཆོས་སྐྱིད་ཀྱིས་ རྨགཔ་དྲག་ཤོས་རིན་པོ་ཆེ་བཞེསཔ་ཨིན་ཟེར་བའི་སྐབས་ལུ་ ཞབས་བྲོ་རྐྱབ་མི་ང་ཨིན།
- བླམ་རྡོ་རྗེ་ Lam Dorjiདེ་བསྒང་ཤེས་ནི་འདི་མི་ཤེས་ མ་ཤེས་རུང་ རྩེད་དཔོན་ང་ཨིན་པས་དེ་བསྒང་ ང་གིས་འཁྱིད་མི་གིས་བཏུབ་པས་ཏེ་དེ་བསྒང་ དེ་བསྒང་ང་གིས་འབད་ ངེའི་འོག་ཁོང་ མི་༧ དང་༨ མེན་༩ དང་༡༠ དེ་ཅིག་ཡོད་ ཕོ་སྐྱེས་རང་དགུ་བཅུ་ཐམ་དེ་ཅིག ཏེ་ཨམ་སྲུ་ཚུ་འདི་ སོ་སོ་རང་ཨིན།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་ལྷབ་སྟེ་ རིན་པོ་ཆེ་གི་སྐུ་མདུན་ལུ་ སྐད་པ་རྐྱབ་འབད་ ཞབས་བྲོ་འཁྱིད་མི་ང་ཨིན། དེ་ལས་ རིན་པོ་ཆེ་རྟིང་བདའ་སྟེ་ རྟིང་ལས་ དེ་ལས་ རྟིང་ལས་ ལོ་གཅིག་མ་འགྱོཝ་ལས་ར་ རིན་པོ་ཆེ་དང་ ཨ་ཞེ་ཆོས་སྐྱིད་སོ་སོ་ཡར་སོ་ཡི།
- བླམ་རྡོ་རྗེ་ Lam Dorjiདེ་ལས་མེད་ཏེ་ དེ་ལས་སོ་སོ་འགྱོ་སྦེ་ ད་རུང་ང་དབང་འདུས་ཆོས་གླིང་ལུ་ ཡར་མར་འབད་ལུས་སོང་ཡི་ ད་རུང་ཨ་ཞེ་ཚུ་གི་སྐུ་མདུན་དུ་ ཡར་མར་ཟེར་སྡོད་པའི་བར་ན་ སྡོད་པའི་བར་ན་རང་ རིན་པོ་ཆེ་ ཏོག་ཀ་རིན་པོ་ཆེ་དང་ ཨ་ཞེ་གཉེན་སྦྱོར་མཛད་ཅི་ རིན་པོ་ཆེ་དང་གཉེན་རྐྱབ་ཅིག་ རིན་པོ་ཆེ་དང་དེམ་འབདཝ་ད་ ད་རུང་ང་མར་ རིན་པོ་ཆེ་གི་ དེམ་འབད་ནི་དེ་གིས་ ཀརྨ་པ་བྱོན་ཡི།
- བླམ་རྡོ་རྗེ་ Lam Dorjiཨ་ཞེ་གིས་ཀརྨ་པ་ཞུ་སྟེ་ སྤ་ཀརྨ་པ་ཞུ་ཞིནམ་ལས་འབདནི་ ཀརྨ་པ་གིས་མར་ལུ་ དོམ་མཁར་ལས་རྫོང་འདི་ཚུ་ཕུལ་ དོམ་མཁར་ལས་འབད་ནཱ་བྱོན་ དོམ་མཁར་ལུ་ ཧ་ལམ་བཞུགས་ནུག་བ་ དེ་ལས་ དོམ་མཁར་བཞུགས་ཏེ་ དོམ་མཁར་ལས་འབད་ དོམ་མཁར་ལུ་འདི་ང་མ་འགྱོ་འཆམ་ལྷབ་པར་ ངེའི་ལྟོ་ཚང་ཚུ་ དོམ་མཁར་ལུ་འཆམ་ལྷབ་པར་འཁྱིད་འགྱོ་ཡི།
- བླམ་རྡོ་རྗེ་ Lam Dorjiང་དེ་བསྒང་མ་འགྱོ་ ང་ཏེ་མར་ཨ་ཞེ་ཆོས་སྐྱིད་མོ་རའི་སྐུ་མདུན་ལུ་ ཕར་དང་ཚུར་ ཞབས་བྲོ་རེ་རྐྱབ་མི་ འདི་ཚུ་འབད་མི་ག་ར་ ཏེ་ང་འབད་ནི་དེ་གིས་ དེ་ལས་ རྟིང་ལས་ཀརྨ་པ་དབང་འདུས་ཆོས་གླིང་ཕེབས་ཞིནམ་ལས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཀརྨ་པའི་སྐུ་མདུན་ལུ་ ཞབས་བྲོ་རྐྱབ་མི་ཨིན་ ཞབས་བྲོ་རྐྱབ་མི་ཨིན་ ཞབས་བྲོ་དེ་ཡང་ འབྲུག་པའི་ཞབས་བྲོ་མེན་བོད་པའི་ བོད་པའི་ཞབས་བྲོ་རྐྱབ་མི་ འཆམ་རྐྱབ་མི་ ཧེ་མ་བོད་པའི་ཞྭམོ་གུ་སྐྱ་བཙུགས་ བོད་པའི་གོ་ལ་གྱོན་ བོད་པའི་ལྷམ་བཙུགས་ཏེ་ དེ་ལས་ འཆམ་རྐྱབ་མི་འབད་དེ་སྡོད་ཅི་ ཀརྨ་པ་གིས་གསུངས་མས་ཏེ་ད།
- བླམ་རྡོ་རྗེ་ Lam Dorjiད་བཏུབ་པས་དེ་འབད་བ་ཅིན་ ད་ག་དེ་སྦེ་བཟོ་ནི་ཟེར་ ཀརྨ་པ་གིས་ ག་ཅི་གསུངས་གསུངསམ་སྦེ་གོ་ཏེ་ང་ ཀརྨ་པ་ཐུགས་དགྱེས་ཏེ་ ད་རེས་ཁྱོད་བུམོ་བཟོ་ཤིག་ཟེར་གསུངསམ་མས་ དེ་ལས་ ང་བུམོ་བཟོ་སྟེ་ཨིན་ཏེ་ང་ དཀྱི་ར་གྱོན་ཏེ་ སྒོ་ར་བཟོ་སྟེ་ བུམོ་ཐང་པའི་ལུགས་སྲོལ་འབད་སྒོ་ར་བཟོ་སྟེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ དཀྱི་ར་གྱོནམ་ད་ རིན་པོ་ཆེ་ཀརྨ་པ་ཁོ་རའི་གསེར་ཁྲི་འོག་ལས་ ཁྱི་དམ་ཁྱི་དཀརཔོ་ཅིག་ཐོན་ནི་འདུག འདི་ང་འབད་སར་རྒྱུགས་འོངམ་མས་ སོ་བཏབ་པར་ ང་ཨ་ནི་སྦེ་འབདཝ་ད་ ཁྱི་ཨ་ནཱི་ནང་ན་འཛུལ་འགྱོཝ་མས་འདྲོག་སྟེ་ དེ་ལས་ ཀརྨ་པ་ཞལ་གད་ཤོར་ཏེ་ ཁྲི་ཐོག་ཁར་ དེ་སྦེ་འབད་དེ་ ཀརྨ་པ་ཐུགས་གནམ་མེད་ས་མེད་དགྱེས་ རྟིང་ལས།
- བླམ་རྡོ་རྗེ་ Lam Dorjiད་རུང་ནངས་པར་གནངས་ཚེ་སྟག་བཟོ་སྟེ་ཤོག་ ཟེར་གསུངས་མས་ སེམས་ཅན་སྟག་བཟོ་སྟེ། དེ་ལས་ གོ་ལ་ཕྱི་ནང་ལྷོག་སྟེ་ སྨན་ཙེ་དམར་ཁྲའི་གོ་ཕྱི་ལས་འབད་ ནང་ལས་གོ་གི་ཕུ་དུང་ལས་ལགཔ་བཙུགས་སྦེ་ སྟག་བཟོ་སྟེ་ སེམས་ཅན་སྟག་བཟོ་སྟེ་ འུང་འུང་འགྱོ་དགོ་པས་ཏེ་ འུང་ཟེར་ཐོན་འོངམ་ད་ དེ་ལས་ ཡར་ཁྱི་འདི་གིས་ འོང་དོ་སྨ་རེད།
- བླམ་རྡོ་རྗེ་ Lam Dorjiང་གིས་ཡར་འུང་ཟེར་འགྱོཝ་ད་ ཁྱི་འདི་གིས་ སུར་བཏང་ནང་ན་འཛུལ་འགྱོཝ་མས་ ཁྲིའི་འོག་ལས་མར་ ཛའི་ཀརྨ་པ་ཞལ་གད་ཤོར་ཏེ་ ཨ་སྒྲིག་གེ་རེ་ ད་སྒྲིག་གེ་རེ་ཟེར་ ད་བཏུབ་པས་ལོ་དེ་ལས་ བོད་ཁ་ནང་ཀརྨ་པ་གིས་ རྐངམ་དང་ལགཔ་འ་ནི་སྦེ་འགྱོ་ནི་དེ་གིས་ ན་སྟེ་ཏེ་ རྐངམ་ལགཔ་འ་ནི་འབད་འགྱོ་ནི་དེ་གིས་ ནཝ་མས་བ་ཡུདཔ་ཅིག་ལས།
- བླམ་རྡོ་རྗེ་ Lam Dorjiནཝ་མས་ཏེ་ ན་རུང་རྩ་འགེངས་དགོ་པས་ཏེ་ ཀརྨ་པའི་བཀའ་ཨིན་ཟེར་ ད་འ་ནི་སྦེ་ དཀའཝ་སྤྱད་དེ་ ཀརྨ་པ་གིས་རྟིང་ལས་ ཨ་ཞེ་སྣང་ས་གི་ [རིགས་སྣ་པདྨའི་ཞབས་ཁྲ་?]འདི་ཚུ་རྐྱབ་སྟེ་ རྣམ་ཐར་འདི་ཚུ་ ཚིག་ག་ར་བཤད་དེ་ སྟབས་ཅིག་ཁར་མཆོང་བསྐོར་རྐྱབ་སྟེ་ བོད་པའི་གྲས་ཁར་ ང་བཅས་འབྲུགཔ་གཉིས་གསུམ་དེ་ཅིག་འཛུལ་སྦེ།
- བླམ་རྡོ་རྗེ་ Lam Dorjiམེད་བ་ཏེ་ ངོ་མ་འཆམ་རྐྱབ་མི་གཅིག་འདི་ཡོད་ ང་བཅས་འབྲུགཔ་གི་གྲས་ཁར་ ངེའི་ལྟོ་ཚང་ཅིག་ཨིན་ ཁོ་འཛུལ་ཡི་ ཁོ་འདི་ལྷབ་པར་འོང་སྟེ་ ཟླཝ་༣ ལྷབ་ཅི་ ང་ལྷབ་རང་མ་ལྷབ་ དོ་རང་སྟོནམ་ད་ ཨ་ཞེ་གིས་གསུངས་མས་ཏེ་ དབའེ་ ཁོ་ཟླཝ་༣ ལྷབ་མི་བ་འདི་ མི་ལྷབ་མི་དྲག་པས་ ཟེར་གསུངསམ་མས།
- བླམ་རྡོ་རྗེ་ Lam Dorjiམ་ལྷབ་པར་ཨིན་ཟེར་ རྔ་དང་རོལམོ་གྱི་ གྱངས་ཁ་ཤེས་ཅི་བ་སྟེ་ ང་གིས་ཧེ་མ་ལས་རང་ འ་ནི་གིས་སྦེ་འཁྲིལ་ཏེ་ཨིན་པས་ཀྲིག་ཀྲི་ ཤེས་ཅི་མཐོང་ཡི་ ང་གིས་ཧེ་མ་ལས་ ཏེ་འདི་རྐྱབ་ད་གསུངས་མས་ཀརྨ་པ་གིས་ ཨའེ་སྙིང་རྗེ་ཁྱོད་ འུ་སྡུག་ང་དང་མཉམ་ཟེར་ གསུངས་མས་ དེ་ལས་ ག་ཅི་རང་དགོ་ཁྱོད་ལུ་ ཟེར་གསུངསམ་མས་ དེ་ལས་ཞུ་ཡི་ག་ར།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་ཨིན་ཟེར་ སྙིང་རྗེ་ཁྱོད་ལེགས་ཤོམ་འོང་ཟེར་ ཕྱག་མགུ་ཏོ་ཁར་བཀལ་ཏེ་ ཐུགས་སྨོན་ལེགས་ཤོམ་གནང་ཡི་ང་ལུ་ ཨའེ་སྙིང་རྗེ་ཁྱོད་ འུ་སྡུག་ངེའི་ཞོར་ལས་འུ་སྡུག་ཅི་ ང་ཐུགས་དགྱེས་ཡི་གསུངམས་མས་ བཀའ་དྲིན་ཆེ་ཟེར་ དེ་ལས་ ཤུལ་ལས་ ཕྱག་དབང་ཞུཝ་ད་ [ཀརྨ་རིགས་སྣ་?]ཤོག་བལྟབ་བདུན་གནང་མས་ བདུན་ཚར་བདུན།
- བླམ་རྡོ་རྗེ་ Lam Dorjiཤོག་བལྟབ་ཤོག་བལྟབ་འབད་མི་ བདུན་གནང་མས་ཏེ་ ནང་ན་བདུན་བདུན་རེ་འདུག [ཀརྨ་རིགས་སྣ་?] འདི་གནང་དེས་ འདི་ཡང་ཞུ་སྦེ་ ད་སྐྱབས་སུ་མཆི་ ད་རེས་ཡིད་བཞིན་ནོར་བུ་ མཇལ་བ་ལས་ང་སྐལ་བ་བཟང་ཡི་ཟེར་ གཞན་ཡིད་བཞིན་ནོར་བུ་ག་ཏེ་མཇལ་ནི་ཏེ།
- བླམ་རྡོ་རྗེ་ Lam Dorjiབླ་མ་མཇལ་མི་ཚུགས་ཏེ་ ང་བཅས་སྐུ་མདུན་དུ་ སྣང་དག་མེད་བ་ཏེ་ བཀའ་དྲིན་ཆེ་ ད་ང་རིན་པོ་ཆེ་མཇལ་ཏེ་ སེམས་དགའ་ཡི་ཟེར་ཞུཝ་ད་ ཡ་ཡ་ཟེར་ ཐུགས་སྨོན་ལེགས་ཤོམ་གནང་སྟེ་ ཤུལ་ལས་ལེགས་ཤོམ་འོང་ཟེར་གསུངས་དེས་ ལེགས་ཤོམ་འོང་ཟེར་གསུངས་དེས་ ལགས་སོ་ ཟེར་ཞུ་སྟེ་ ཐུགས་སྨོན་གནང་སྦེ།
- བླམ་རྡོ་རྗེ་ Lam Dorjiལགས་སོ་ཟེར་ དེ་ལས་ ང་བཅས་ཕྱག་དབང་དེ་སྦེ་ཞུ་སྟེ་ དེ་ལས་ ཕྱག་དབང་ཞུ་སྟེ་ [ཀརྨ་རིགས་སྣ་?]གནངམ་ད་ མིག་ཏོ་ལོང་མི་དང་ གཟུགས་ན་མི་འདི་ཚུ་ ང་འབད་སར་ ཕྱག་ཕུལ་བར་འོང་མས་ཏེ་ ཁྱོད་[ཀརྨ་རིགས་སྣ་?]ཐོབ་ཅི་ཟེར་ ང་བཅས་གཅིག་འདི་ གསོལ་རས་ཞུ་གེ་དབའེ་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་མ་མཛད་སྐུ་ཆེན་གསུང་ཆེན་འབད་གེ་ཟེར་ མིག་ཏོ་ཚ་མི་ཚུ་ བླ་མ་ཀརྨ་རིགས་སྣ་ཆུ་ནང་སྦང་སྟེ་ ཀརྨ་རིགས་སྣ་དབུར་སྟེ་ཕྱགཔ་ད་ ཤོབ་སླབ་སླབ་བཟུམ་སྦེ་རང་དྲག་པས་ཏེ་ སོ་ན་མི་འདི་ཚུ་ ཤོབ་སླབ་སླབ་བཟུམ་སྦེ་ དེ་ལས་ གོ་སྟེ་ང་འབད་སར་འོང་སྦེ་ དབའེ་སྐུ་ཆེན་གསུང་ཆེན་འབད་གེ་ ཆང་འབག་མི་དང་ བཞེས་སྒོ་འབག་མི་ སྐུ་ཆེན་གསུང་ཆེན་འབད་གེ་ཟེར་ ལྷངམ་ད་ འདི་གི་བར་ན་རང་ ངེའི་ཀརྨ་རིགས་སྣ་རྫོགས་སོ་ཡི་ཧ་ལམ་ད།
- བླམ་རྡོ་རྗེ་ Lam Dorjiགཅིག་རྐྱངམ་ཅིག་ལུས་སོ་ཡི་ ཀརྨ་རིགས་སྣ་གཅིག་རྐྱངམ་ཅིག་ལུས་སོ་ཡི་ཏེ་ བྱིན་ཡི་ཏེ་ སྙིང་རྗེ་བས་ཏེ་ མིག་ཏོ་ཚཝ་ད་གནམ་མེད་ས་མེད་ན་ཟུག་འདུག་བ་ ཛའི་སྐད་སྐད་གནམ་མེད་ས་མེད་རྐྱབ་མས་ཏེ་མིག་ཏོ་ཚ་ཏེ།
- བླམ་རྡོ་རྗེ་ Lam Dorjiསྐད་རང་དི་རི་རི་རྐྱབ་མས་ཏེ་ ཨའེ་སྨོ་ཟེར་ ཡ་ཁྱད་མེད་ཁྱད་མེད་ཤོག་ཟེར་ རེ་རེ་བྱིན་ཏེ་ ཆུ་ནང་སྦང་སྟེ་ མིག་གི་ནང་ཚུ་ཕྱག་སྟེ་ མིག་གི་མཐའམ་ཚུ་ཕྱག་ ཡ་ཡ་ད་ཁྱད་མེད་ ཁྱོད་ཚུ་དྲག་ནི་ཡོད་པ་ཅིན་ཟེར་ བྱང་ཆུབ་སེམས་དཔའི་སེམས་ཨིན་ཟེར་ སེམས་ཀུན་སློང་བསྐྱེད་དེ་བྱིན་ནི་དེ་གིས་ ཕན་ཡང་ཕན་ཡི་ དྲག་ཡང་དྲག་སོང་ཡི་ མིག་ཏོ་གདོང་ཁར་ར་དྲག་ཡི་ཏེ་ དེ་སྦེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ དེ་སྦེ་འབད་དེ་ ང་གིས་ཁོང་ལུ་བྱིན་ཞིནམ་ལས་ ཤུལ་ལས་ཤོག་བལྟབ་གཅིག་རྐྱངམ་ཅིག་ལུས་སོ་ཡི་ང་ར་ལུ་ གཅིགཔོ་ལུས་མི་དེ་ཡང་ བྱམས་པ་ལྷ་ཁང་གི་སྒྲུབ་ཀྱི་སྐབས་ ཡོད་ན་མེད་ན་བླ་མ་ཟེར་ཕོག་ཅི།
- བླམ་རྡོ་རྗེ་ Lam Dorjiབླ་མ་ཟེར་ཕོགཔ་ད་ དྲོ་པ་ཆུ་ཚོད་༡ ལུ་ ཆོ་ག་འགོ་བཙུགས་དགོ་ དྲོ་པ་ལོང་འགྱོཝ་ད་ ང་རའི་ཧང་གི་འོག་ལུ་བཙུགས་བཞག་བཞགཔ་ཨིན་དངུལ་ཁུག་ ཨརཝ་རྐུ་སྟེ་འབག་ནུག་ཏེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཐ་ན་ཏེ་ ཕེབ་སྟོང་ཡང་སྡོད་ཅི་ འདི་ཡང་འབག་ནུག [ཀརྨ་རིགས་སྣ་?]ཡང་འབག་ནུག དེ་ལས་ [ཀརྨ་རིགས་སྣ་?]ག་ར་རྫོགས་སོ་ཡི་ དེ་ལས་ ངེའི་[ཀརྨ་རིགས་སྣ་?]མཇུག་འདི་ནང་བསྡུ་ཡི་ འ་ནེམ་ཅིག་ཨིན་ མར་ལས་དེམ་འབད་དེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ འདི་གི་ཤུལ་ལུ་ ཡར་ལོ་མར་ལོ་འབདཝ་ད་ ད་རུང་བྱ་དཀར་རྫོང་ནང་ ད་རུང་བྱ་དཀར་རྫོང་ནང་ བུམ་ཐང་སྡེ་བཞི་གི་མི་འདི་ཚུ་ག་ཅི་ཨིན་ན་ཟེར་ ཞབས་བྲོ་རྐྱབ་བཅུག་ཡི་ལགས་ ཞབས་བྲོ་ལྷབ་བཅུག་ཏེ་ ད་རུང་བྱ་དཀར་རྫོང་ནང་ དེ་ལས་མདའ་འཆམ་ལྷབ་བཅུག་ ཞབས་བྲོ་ལྷབ་བཅུག་ ང་ཡར་བྱ་དཀར་རྫོང་ནང་ མདའ་འཆམ་སྟོན་མི་དང་ ཞབས་བྲོ་སྟོན་མི་ཨིན།
- བླམ་རྡོ་རྗེ་ Lam Dorjiཞབས་བྲོ་སྟོན་མི་ བུམ་ཐང་སྡེ་བཞི་གི་བུམོ་འདི་ཚུ་ཚར་ཅིག་ ང་གིས་ཞབས་བྲོ་སྟོན་ཡི་བ་ཏེ་ བྱ་དཀར་རྫོང་ནང་ང་གིས་ དེ་ལས་ བྱ་དཀར་གཟིམ་དཔོན་ཕར་བོན་སྦྱིས་ལས་ཨིན། ག་ཅི་ཨིན་ན་མིང་ཡང་ འ་ནཱི་བོན་སྦྱིས་ལས་ཁོ་འབདཝ་ད་ བྱ་དཀར་རྫོང་ནང་ མདའ་འཆམ་སྟོན་ ཞབས་བྲོ་འདི་ཚུ་སྟོན་ཏེ་འབདཝ་ད་ ད་ལྟོ་གཞུང་ནང་ ཞབས་བྲོ་ལེའུ་གཉིས་གསུམ་དེ་ཅིག་ ངེའི་ཞབས་བྲོ་འདུག་ད་ལྟོ་ཡང་ (speaker laughs) བོད་པའི་ཞབས་བྲོ་ཨིན་འདི་ཚུ་འདི།
- བླམ་རྡོ་རྗེ་ Lam Dorjiགཞུང་སྒྲ་འདི་ཧེ་མ་ལས་རང་ཤེས་ གཞུང་སྒྲ་སྟོན་མ་དགོ་ གཞུང་སྒྲ་འདི་ཤེས་ གཞུང་སྒྲ་མ་བཙུགས། དེ་ལས་ གཞུང་སྒྲ་འདི་ཤེས་ དེ་འབདཝ་ད་ གཞུང་གི་སླ་ཁར་འ་ནཱི་བོད་སྒྲ་འདི་འབད་བ་ཅིན་བཙུགས་ནུག གཞུང་སྒྲ་འདི་ཅོག་འཐདཔ་སྦེ་ཤེས་ནི་དེ་གིས་ མ་བཙུགས་པས་ བོད་པ་གསརཔ་འབད་ནི་དེ་གིས་ ཁོང་གིས་ཉན་ཏེ་བཙུགས་ནུག
- བླམ་རྡོ་རྗེ་ Lam Dorjiདེ་ལས་ འདི་ལས་ཚུར་ དེ་ལས་ གཉེན་ཅིག་ཡང་རྐྱབ་སྟེ་ གཉེན་ཅིག་ཡང་རྐྱབ་སྟེ་ ཨ་ལོ་ཡང་ཐོན་སྦེ་ ཨ་ལོ་འདི་ ནུབ་བྱང་ཐང་ལས་ཨིན་ གཉེན་ཅིག་ཕར་ལས་རྐྱབ་འབད་ཞིན་ན་ དེ་ལས་ བུམོ་ཅིག་ཡང་སྐྱེས་ཡི་ བུམོ་འདི་གི་ཨ་མ་འདི་ད་ཤི་སོ་ནུག དེ་ལས་ གཉེན་རྐྱབ་སྟེ་ གཉེན་རྐྱབ་ཚར་ཏེ་ ཟླཝ་མ་ལངསམ་ལས་ ང་བཅས་གཉིས་སོ་སོར་ཡར་སོང་ཡི།
- བླམ་རྡོ་རྗེ་ Lam Dorjiསོ་སོར་ཡར་སོང་ཡི་ མ་འགྲིགས་ཏེ་ དུམ་གྲ་ཅིག་སྟབས་མ་བདེ་ཁག་ཁ་འདུག་ཟེར་ དེ་ལས་ སོ་སོར་འགྱོ་སྦེ་ ལོག་བསྡོམ་གེ་ཟེར་ ལོག་ཅི་ལོག་ཅི་འོང་དེས་ མ་རྐྱབ་ད།
- བླམ་རྡོ་རྗེ་ Lam Dorjiད་སྟབས་མི་བདེ་ནི་མས་ཟེར་མ་རྐྱབ་ ཨ་ལོ་གཅིག་ཆགས་ཏེ་སྡོད་སྡོདཔ་མས་ བུམོ་གཅིག་སྐྱེས་ཡི། ད་བུམོ་གིས་བུམོ་འབད་ བུམོ་གིས་མི་ཐེངས་༣ དེ་ཅིག་སྐྱེས་ཡི་ད་ (speaker laughs) ཕར་ཡང་མི་འཕེལ་ཏེ་སོང་ཡི་ ཡོད་ཡོད་ནི་འདི།
- བླམ་རྡོ་རྗེ་ Lam Dorjiབུམོ་འདི་ཡོད་ འདི་གིས་འབད་ ད་རྟིང་ལས་ གཉེན་ལན་ཐེངས་གསུམ་དེ་ཅིག་འདི་སོང་ཡི་ལགས་ མ་པ་བསྡོམས་ཀྱིས་གསུམ་དེ་ཅིག་ཡར་སོང་ཡི་ གཅིགཔོ་འདི་ལུ་ཡར་ གཅིགཔོ་འདི་ལུ་ ཨ་ལོ་གཉིས་གསུམ་དེ་ཅིག་ཡོད།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་ཡར་སོང་ཡི་ ད་ལྟོའི་ཨང་རྒས་འདི་དང་གཉེན་རྐྱབ་སྟེ་ ད་ལོ་༢༨ ལུ་ཕྱད་ཕྱདཔ་ཨིན་༢༨ ལས་ཕྱད་དེ་ ད་བུཚ་༣ བུཚ་ ༤ སྐྱེས་ཡི་ དེ་འབདཝ་ད་ བུཚ་དང་པ་འདི་ཤི་སོ་ཡི་ཏེ་ ད་བུཚ་ ༣ ཡོད།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ བུམོ་༦ ཡོད་ ཨ་ལོ་༩ ཡོད་ལགས་ གདོང་ཁར་དགུ་ཡོད་ལགས། ད་བུམོ་སྦོམ་ཤོས་འདི་ཡང་གྱོ་སོང་ཡི་ད་ ད་བུཚ་༣ ཡོད་ དེ་ལས་བུམོ་༥ ཡོད་ལགས་ ལྔ་ཡོད་འ་ནེམ་ཅིག་ བུམོ་འདི་ཚུ་ཡང་གཅིག་ཁྱད་ཆོད་ཅི་ལགས།། །།