Video Overview
In this video, Choney Zangmo from Tsamang village in Radhi Gewog, Trashigang sings the boedra song “Zhey Kuzug Tsari Nyumadra.” The lyrics of the song are full of metaphors, saying the woman’s body is like bamboo. The song compares a beautiful lady named Azhi to Tsari Nyungma, a species of bamboo that grew abundantly in Tsari, Tibet. This song is performed at a variety of gatherings.
གློག་བརྙན་འདི་ནང་ བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ རྩ་མང་གཡུས་ཚན་ལས་ ཆོས་ཉིད་བཟང་མོ་གིས་ བོད་སྒྲའི་གླུ་གཞས་ ཨ་ཞེ་སྐུ་གཟུགས་ཙཱ་རི་སྨུག་མ་འདྲ་ཟེར་མི་འདི་འཐེནམ་ཨིན་མས། གླུ་གཞས་འདི་ནང་ ཨ་ཞེ་གི་སྐུ་གཟུགས་འདི་ བོད་ལས་ཐོན་མི་ཙཱ་རི་སྨུག་མ་བཟུམ་སྦེ་ ཁྱུག་ཁྱུག་ལྡེམ་ལྡེམ་འདུག་ཟེར་ མདོར་བསྡུ་བ་ཅིན་ ཨ་ཞེ་འདི་ གནམ་མེད་ས་མེད་ མཛེས་ཏོག་ཏོ་ཡོདཔ་ལས་ ཙཱ་རི་སྨུག་མ་ལུ་ དཔེ་སྦྱརཝ་ཨིན་མས།
- Pakaling
- Radhi
- Trashigang
- ཆོས་ཉིད་བཟང་མོ་ Choney Zangmoཨ་ཞེ་སྐུ་གཟུགས་ཙཱ་རི་སྨྱུག་མ་འདྲ་ལ། །ཙཱ་རི་སྨྱུག་མ་ལྷ་ཆོས་ག་ནས་ཡོང་ལ། །ཙཱ་རི་སྨྱུག་མ་ལྷ་ཆོས་ག་ནས་ཡོང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoཙཱ་རི་སྨྱུག་མ་ཚེ་སྔོན་ལས་རང་(ཀྱིས་)བསྐོས་ལ། །བླ་མ་དོན་འབྲས་(དེ་འདྲ་)(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། །བླ་མ་དོན་འབྲས་(དེ་འདྲ་)(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoཨ་ཞེ་ཞལ་ནི་དཀར་གསལ་ཟླ་བ་འདྲ་ལ། །དཀར་གསལ་ཟླ་བ་ལྷ་ཆོས་ག་ནས་ཡོང་ལ། །དཀར་གསལ་ཟླ་བ་ལྷ་ཆོས་ག་ནས་ཡོང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoདཀར་གསལ་ཟླ་བ་ཚེ་སྔོན་ལས་ཀྱིས་བསྐོས་ལ། །བླ་མ་དོན་འབྲས་(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། །བླ་མ་དོན་འབྲས་(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoཨ་ཞེ་དབུ་སྐྲ་སེར་ལིང་ལྗང་པ་འདྲ་ལ། །སེར་ལིང་ལྗང་པ་ལྷ་ཆོས་ག་ནས་ཡོང་ལ། །སེར་ལིང་ལྗང་པ་ལྷ་ཆོས་ག་ནས་ཡོང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoསེར་ལིང་ལྗང་པ་ཚེ་སྔོན་ལས་ཀྱིས་བསྐོས་ལ། །བླ་མ་དོན་འབྲས་(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། ། བླ་མ་དོན་འབྲས་(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoཨ་ཞེ་ཕྱག་ནི་དུང་དཀར་གཡས་འཁྱིལ་འདྲ་ལ། །དུང་དཀར་གཡས་འཁྱིལ་ལྷ་ཆོས་ག་ནས་ཡོང་ལ། །དུང་དཀར་གཡས་འཁྱིལ་ལྷ་ཆོས་ག་ནས་ཡོང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoདུང་དཀར་གཡས་འཁྱིལ་ཚེ་སྔོན་ལས་ཀྱིས་བསྐོས་ལ། །བླ་མ་དོན་འབྲས་(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། །བླ་མ་དོན་འབྲས་(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoཨ་ཞེ་[སྐྱེས་རྩིབས་?]རྡོ་རྗེ་དྲིལ་བུ་འདྲ་ལ། །རྡོ་རྗེ་དྲིལ་བུ་ལྷ་ཆོས་ག་ནས་ཡོང་ལ། །རྡོ་རྗེ་དྲིལ་བུ་ལྷ་ཆོས་ག་ནས་ཡོང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoརྡོ་རྗེ་དྲིལ་བུ་ཚེ་སྔོན་ལས་ཀྱིས་བསྐོས་ལ། །བླ་མ་དོན་འབྲས་(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། །བླ་མ་དོན་འབྲས་(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoཨ་ཞེ་ཞབས་ནི་རླུང་གི་འཁོར་ལོ་འདྲ་ལ། །རླུང་གི་འཁོར་ལོ་ལྷ་ཆོས་ག་ནས་ཡོང་ལ། །རླུང་གི་འཁོར་ལོ་ལྷ་ཆོས་ག་ནས་ཡོང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoརླུང་གི་འཁོར་ལོ་ཚེ་སྔོན་ལས་ཀྱི་བཀོད་ལ། །བླ་མ་དོན་འབྲས་(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། །བླ་མ་དོན་འབྲས་(དེ་འདྲ་)མ་གསུངས་ཆོས་ཅིག་གནང་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoབཀའ་དྲིན་ཆེ།། །།