Skip to main content Skip to search
17 Aug 2018
6 min 43 sec
Video Overview
Creators: 
Norzin Lhamo, Kencho Dema

This is an old Boedra song that had never heard before. It seems the song is unpopular that might have emerged from the remote parts of the country. The women from Trongsa Thromdey performed the song/dance during one of the events. It is an offering song to the great spiritual master, since the author have a desire to give all his belongings and receive blessing and Dharma from the master. According to the verses of the song, it says that the author is having several pair of religious objects such as the bell, rattle etc. that are not necessary for him but essential for the riligious figures. 

 

ཧེ་མ་མ་པ་ལས་གོ་མ་མྱོང་བའི་ བོད་སྒྲ་གླུ་གཞས་འདི་ ས་གནས་མཐའ་ཟུར་ཅིག་ལས་ བྱུང་འབྱུངམ་འབདཝ་ལས་ ཡོངས་གྲགས་མེདཔ་སྦེ་ལུས་སོངཔ་བཟུམ་ཅིག་འདུག། ཏེ་གླུ་གཞས་འདི་ཀྲོང་གསར་ཁྲོམ་སྡེ་ལས་ ཨམ་སྲུ་ཚུ་གིས་ དུས་སྟོན་ཅིག་གི་སྐབས་སུ་རྐྱབ་ཡོདཔ་ད་ རྩམ་པ་པོ་འདི་གིས་ ཁོ་ར་ལུ་ཡོད་པའི་ ཀྲང་ཀྲི་དང་ རྡོ་རྗེ་དྲིལ་བུ་ཚུ་ བླམ་ལུ་ཕུལ་ཞིནམ་ལས་ བླམ་ལས་ཆོས་ཞུ་ནི་ཟེར་བའི་ ཆོས་འབྲེལ་གྱི་གླུ་གཞས་ཅིག་ཨིན་མས།  

 

Transcript search
No results found for this search
0 of 0
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཀོང་ཕྲུག་རང་ལ་ཀོང་ཕྲུག་རང་ལ་ཀོང་པ་ལེ་ཆ་གཅིག་ཡོད་ལ། །ཀོང་པ་ཆ་གཅིག་རང་ལ་ལ་ནི་དགོས་པ་མེད་ལ། །ཀོང་པ་ཆ་གཅིག་རང་ལ་ལ་ནི་དགོས་པ་མེད། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཀོང་པ་ཆ་གཅིག་ཀོང་པ་ཆ་གཅིག་བླ་མའི་ལེ་ཕྱག་སུ་(ཏུ་)ལུ་ཕུལ། །ཀོང་ཕྲུག་དགོ་པའི་ཆོས་ཅིག་བླམ་ལས་ཞུ། །ཀོང་ཕྲུག་དགོ་པའི་སྒོམ་ཅིག་བླམ་ལས་ཞུ། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཀོང་ཕྲུག་རང་ལུ་ཀོང་ཕྲུག་རང་ལ་ཀྲང་ཀྲི་ལེ་ཆ་གཅིག་ཡོད་ལ། །ཀྲང་ཀྲི་ཆ་གཅིག་རང་ལ་ལ་ནི་དགོས་པ་མེད་ལ། །ཀྲང་ཀྲི་ཆ་གཅིག་རང་ལ་ལ་ནི་དགོས་པ་མེད། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཀྲང་ཀྲི་ཆ་གཅིག་ཀྲང་ཀྲི་ཆ་གཅིག་བླ་མའི་ཕྱག་སུ་(ཏུ་)ཕུལ་ལ། །ཀོང་ཕྲུག་དགོ་པའི་ཆོས་ཅིག་ལ་ནི་བླམ་ལས་ཞུ། །ཀོང་ཕྲུག་དགོ་པའི་སྒོམ་ཅིག་ལ་ནི་བླམ་ལས་ཞུ། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཀོང་ཕྲུག་རང་ལ་ཀོང་ཕྲུག་རང་ལ་དྲིལ་བུ་ལེ་ཆ་གཅིག་ཡོད་ལ། །དྲིལ་བུ་ཆ་གཅིག་རང་ལ་ལ་ནི་དགོས་པ་མེད་ལ། །དྲིལ་བུ་ཆ་གཅིག་རང་ལ་ལ་ལ་ནི་དགོས་པ་མེད། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    དྲིལ་བུ་ཆ་གཅིག་དྲིལ་བུ་ཆ་གཅིག་བླ་མའི་ཕྱག་སུ་(ཏུ་)ཕུལ་ལ། །ཀོང་ཕྲུག་དགོ་པའི་ཆོས་ཅིག་ལ་ནི་བླམ་ལས་ཞུ། །ཀོང་ཕྲུག་དགོ་པའི་སྒོམ་ཅིག་ལ་ནི་བླམ་ལས་ཞུ། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཀོང་ཕྲུག་རང་ལ་ཀོང་ཕྲུག་རང་ལ་ཐུགས་དམ་ལེ་ཆ་གཅིག་ཡོད་ལ། །ཐུགས་དམ་ཆ་གཅིག་རང་ལ་ལ་ལི་དགོས་པ་མེད་ལ། །ཐུགས་དམ་ཆ་གཅིག་རང་ལ་ལ་ནི་དགོས་པ་མེད། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཐུགས་དམ་ཆ་གཅིག་ཐུགས་དམ་ཆ་གཅིག་བླ་མའི་ལེ་ཕྱག་སུ་(ཏུ་)ཕུལ་ལ། །ཀོང་ཕྲུག་དགོ་པའི་ཆོས་ཅིག་ལ་ནི་བླམ་ལས་ཞུ། །ཀོང་ཕྲུག་དགོ་པའི་སྒོམ་ཅིག་ལ་ནི་བླམ་ལས་ཞུ།། །།