31 Jan 2012
4 min 23 sec
Video Overview
Creators:
Unknown
A woman from Tewo and a girl from Labrang living in Lhasa discuss their hometowns and life in Lhasa.
ཐེ་བོའི་སྐྱས་མ་དང་བླ་བྲང་གི་བུ་མོ་གཉིས་ཀྱིས་སོ་སོའི་ཕ་ཡུལ་དང་ལྷ་ས་ལ་ལོ་མང་པོར་བསྡད་པའི་འཚོ་བ་སྐོར་སྐད་ཆ་བཤད་པ།
- Amdo
- Gansu
- Lhasa
- བུད་མེད་ Womanཁྱོད་བསླབ་གྲྭ་གང་ན་འགྲོ་གི་ཡོད།Where do you attend your school?
- བུ་མོ་ Girlང་ཙུའུ་ནན་འགྲོ་གི་ཡོད།I go to the one in Tsunen.
- བུད་མེད་ Womanའོ་འོ། ཁྱོད་ད་ལྟ་བསླབ་གྲྭ་གཅིག་པ་རེད་པས།I see. Is it the same school?
- བུ་མོ་ Girlའོ་འགྲམ།Near it.
- བུད་མེད་ Womanའོ། ད་ལྟ་སློབ་གྲྭ་དགུང་གསེང་བཞག་བྱས་ལྷ་སར་ཡོང་པས།Okay. You came to Lhasa because it is a school holiday. Correct?
- བུ་མོ་ Girlའོ་སླེབས།Yes.
- བུད་མེད་ Womanལྟ་ཡང་མར་འགྲོ་ལེ་རེད།Do you have to go back?
- བུ་མོ་ Girlལྟ་འགྲོ་དགོས། ལྟ་གཅིག་ལ་གཟའ་འཁོར་བསྡད་ཡག་མེད་ལྟ།I have to go back. I got less than one week to stay here.
- བུད་མེད་ Womanའོ་འོ།I see.
- ཁྱོད་བྱས་བཟའ་མི་ཆ་ཚང་འདི་ནང་ཡོད་རེད་པས།Are all your family here?
- བུ་མོ་ Girlའོ་བཟའ་མི་ཆ་ཚང་འདི་ནང་ཡོད།Yes, they are here.
- བུད་མེད་ Womanའོ་འོ། ཤ་ཉེ་ཅི་འདྲ་ཡོད་རེད། ཨ་ཕ་དང་ཨ་མ་གཉིས་ཀI see. How many children your parents have?
- བུ་མོ་ Girlཤ་ཉེ་གསུམ།Three kids.
- བུད་མེད་ Womanགསུམ།Three?
- བུ་མོ་ Girlའོ་འོ།Yes.
- བུད་མེད་ Womanཆེ་བོ་ཁྱེད་རེད་པས།Are you the eldest?
- བུ་མོ་ Girlཆེ་བ་ང་རེད། དེའི་འོག་ལ་ཨ་ཁུ་་། དེའི་འོག་ན་ལྟ་སློབ་གྲྭ་འགྲོ་མཁན་ཞིགI am the oldest. I have one brother and the youngest one goes to school.
- བུད་མེད་ Womanའོ་འོ། ན་ཆུང་དེ་ལོ་ཅི་འདྲ་རེད།I see. How old is the youngest one?
- བུ་མོ་ Girlལོ་བཅུ་དྲུག16 years old.
- བུད་མེད་ Womanའོ་འོ། ཁྱོད་ལྟ།I see. How about you now?
- བུ་མོ་ Girlང་ཉི་ཤུ་ཐམ་པ།I am 20.
- བུད་མེད་ Womanའོ་འོ། ལྟ་མར་ཡར་འགྲོ་རན་ཡོད་ཀྱི་རེད།I see. Now you must be about to leave the school.
- བུ་མོ་ Girlལྟ་མགྱོགས་ལ་རེད་དཀའ་ལས་རྒྱག་དགོས་རེད།Yes, now I have to work very hard.
- བུད་མེད་ Womanའོ་འོ།I see.
- ལྟ་སློབ་གྲྭ་ཆེ་སོང་ནས་ལོ་ཅི་འགྲོ་རེད།ཾHow many years you spent in the college so far?
- བུ་མོ་ Girlལོ་གསུམ།Three years.
- བུད་མེད་ Womanལོ་བཞི་བསྡད་རེད།Is it a four-year program?
- བུ་མོ་ Girlའོ་འོ།Yes.
- བུད་མེད་ Womanད་དུང་ལོ་གཅིག་བསྡད་དགོས་ཀྱི་རེད།You still have one more year to go.
- བུ་མོ་ Girlའོ། ལྟ་ལོ་གཅིག་དང་ཟླ་བ་གསུམ།Yes, one year and three months.
- བུད་མེད་ Womanའོ་འོ། ཁྱོད་ལྷ་སར་ཨ་སྐྱིད།Okay. Are you happy in Lhasa?
- བུ་མོ་ Girlལྷ་ས་སྐྱིད།I like Lhasa.
- བུད་མེད་ Womanཁྱོད་ཕ་ཡུལ་ན་སྐྱིད་པ་ཡོད་པ་ཡོད་ལྷ་ས་སྐྱིད།Do you like your home town more than Lhasa?
- བུ་མོ་ Girlལྟ་གཅིག་རེད།It's same.
- བུད་མེད་ Womanའོ་གཅིག་རེད།Same?
- བུ་མོ་ Girlའོ་འོ།Yes.
- བུད་མེད་ Womanཕ་ཡུལ་གྱི་ས་ཆ་ཡག་ག་རག་ན་ཕ་ཡུལ་བཟང་། བཟང་ཀIf you live in a good area, then hometown is better. Isn't so?
- བུ་མོ་ Girlའོ་འོ།Right.
- བུད་མེད་ Womanཡང་ཡར་ལྷ་སར་ཡོང་ཚར་དུས་ཡང་ཕ་ཡུལ་དྲན་བསམ་ཀOnce arrived here in Lhasa, we tend to miss hometown?
- བུ་མོ་ Girlའོ་དེ་འདྲ་རེད།Yes, it's like that.
- བུད་མེད་ Womanལྟ་སློབ་གྲ་ཚར་སོང་ན་ཨམ་ལས་ཀ་འདི་ན་ལྷ་སར་ཡོང་ཀས།After completing school, you will make your way in the world.
- བུ་མོ་ Girlལྟ་ཨང་། འོ་འོ།Um, yes.
- བུད་མེད་ Womanརེད་ལྟ། སྒང་ནས་བཏང་ན་སྒང་རེད།Right. The authority will decide.
- བུ་མོ་ Girlརེད་ལྟ། སྒང་ནས་བཏང་ན་སྒང་རེད།Right. They will decide.
- བུད་མེད་ Womanའོ་འོ།I see.
- བུ་མོ་ Girlཁ་ཤས་ཡུལ་གཞན་ལ་བཏང་ན།Some will be allocated to other places.
- བུད་མེད་ Womanའོ་འོ།Yes.
- ཁྱོད་ཀྱི་ཨ་ཕ་དང་ཨ་མ་གཉིས་ཀ་འདི་ན་ཚོང་རྒྱག་གི་ཡོག་རེད།Are your parents doing business here in the city?
- བུ་མོ་ Girlའོ་འོ།Yes.
- བུད་མེད་ Womanལྟ་འདི་ན་རང་རང་གི་ཁང་པ་ཉོས་ནས་བསྡད་ཡོད་ན།Have your parent bought a house here?
- བུ་མོ་ Girlད་ལྟ་ཁང་པ་ཡོད་མ་རེད།Currently, we didn't have one.
- བུད་མེད་ Womanའོ་འོ།I see.
- བུ་མོ་ Girlའདའི་ཁང་གླ་སྟེར་དགོས།Here we pay rent.
- བུད་མེད་ Womanཁང་གླང་བཏང་བྱས།A rented house.
- བུ་མོ་ Girlའོ་འོ།Yes.
- བུད་མེད་ Womanའོ་འོ།I see.
- བུད་མེད་ Womanཁྱོད་ཙུའུ་ནན་ཡིན་ན་ཁྱོད་ཐག་རིང་པོ་རེད།If you are in Tsunen, it is little far away.
- ངའི་ཕྱོགས་ནས་ཉི་མ་གཅིག་འགྲོ་དགོས་རེད། རེད་པ།It's a one-day journey from my place. Right?
- བུ་མོ་ Girlའོ་རེད།Yes.
- བུད་མེད་ Womanམོ་ཊ་ལ་ཉིན་མ་གཅིག་ཙམ་ཞིག་དེ་མ་གཏོགས་འགྲོ་དགོས་ཀྱི་མ་རེད།If you drive a car, it takes only one day.
- ཁྱོད་ཅོག་འབྲོག་པ་རེད་པས།Is your man a nomad?
- བུ་མོ་ Girlང་ཅོག་རོང་བ།He is rongwa.
- བུད་མེད་ Womanརོང་བ་རེད།Rongwa?
- བུ་མོ་ Girlའོ་འོ།Yes.
- བུད་མེད་ Womanའོ་འོ།I see.
- བུ་མོ་ Girlཤངས་ལས་ཁུངས་ན་ཡོད་ན།He is at the village office.
- བུད་མེད་ Womanའོ་འོ།Okay.
- ངའི་ཕྱོགས་དེ་རེད། [མི་གསལ་]On our side [Unitelligible].
- བུ་མོ་ Girlཁྱོད་ས་ནང་ཤིང་ཏོག་མང་པོ་ཡོད་རེད་ཟེར་གྱིས།I heard that you have a lot of fruit plants in your land.
- བུད་མེད་ Womanང་ཚོའི་ས་ནང་ཤིང་ཏོག་ཤིང་ཞེ་པོ་ཡོད་ན་རེད།There are many fruits in our land.
- བུ་མོ་ Girlའོ།I see.
- བུད་མེད་ Womanཅི་ཞིག་བཏབ་ནའི་སྐྱེས་ཀྱི་རེད། ས་མ་ན་ཚ་ས་རེད།Whatever you sow, it grows. I think it is hotter there.
- བུ་མོ་ Girlའོ་འོ།I see.
- བུད་མེད་ Womanལོ་ཏོག་བཏབ་ན་ལོ་གཅིག་ནང་ཐེངས་པ་གཉིས།You can get two crops per year.
- བུ་མོ་ Girlའོ་འོ།I see.
- བུད་མེད་ Womanའབོར་གཉིས་སྟེར་གྱི་རེད།We can harvest twice a year.
- བུ་མོ་ Girlཤིང་ཏོག་གང་འདྲ་ཡོད་རེད།What kind fruits you have?
- བུད་མེད་ Womanཤིང་ཏོག་སྒོར་རྩ་རེད། ཤིང་ཏོག་ཕིང་གོའོ་[ཀུ་ཤུ་]རྒྱ་མ་གི་ཀུ་ཤུ་དང་དེ་འདྲས་ཅི་བཏབ་ཡོང་།We have apple and others. You can grow anything.
- བུ་མོ་ Girlའོ་འོ།I see.
- བུད་མེད་ Womanདེ་ན་བཙོངས་ན་བཙོངས་ས་མེད།There is no place to sell.
- བུ་མོ་ Girlའོ་འོ།I see.
- བུད་མེད་ Womanརྒྱ་མ་ལ་མོའོ་གཉིས་ཙམ།For half a kilo, it fetches only two mo [0.20 yuan].
- བུ་མོ་ Girlཨ་མ་ཨ་མ།Oh, that is cheap!
- བུད་མེད་ Womanདེ་འདྲ་བྱས་ནའི་བཙོངས་མི་ཚར།Even so, you couldn't be able to sell.
- བུ་མོ་ Girlའོ་འོ།I see.
- བུད་མེད་ Womanལོ་རྗེས་མ་ཡི་ཤིང་ཏོག་ཆེ་ཆུང་དེ་ཙམ་ཆགས་དུས་ཙམ་ན་ད་དུང་སྔ་མའི་གཅས་ཟ་ཚར་མེད།When the next year's fruit grow this big, you still have leftover fruits from last year.
- བུ་མོ་ Girlཨོའོ།Oh!
- བུད་མེད་ Womanམང་པོ་ཡོད་རེད།There are a lot.
- བུ་མོ་ Girlཨང་།I see.
- བུད་མེད་ Womanའདི་རྒུན་འབྲུམ་དང་ཅི་ཞིག་བཏབ་ནའི་ཡོང་ལ་རེད།You can grow grapes or anything.
- བུ་མོ་ Girlཨང་།I see.
- བུད་མེད་ Womanགཡེར་མ་ཡོད་ལེ་ཟེར་གྱི།I heard that you also have pepper.
- བུད་མེད་ Womanགཡེར་མ་ཡོད་རེད།We have pepper too.
- ཅི་ཞིག་བཏབ་ནའི་སྐྱེ་གི་འདུག་ཡོད།You can plant anything, and it will grow.
- བུ་མོ་ Girlཨོའོ།I see.
- བུད་མེད་ Womanས་ཆ་མར་ན་ཚ་ས་རེད།It's warmer down there.
- བུ་མོ་ Girlའོ་འོ།Right.
- བུད་མེད་ Womanལོ་གཅིག་ལ་འབོར་གཉིས། ལོ་ཏོག་འབོར་གཉིས་བཏབ་ཀྱི་འདུག་གYou can plant two crops per year.
- བུ་མོ་ Girlཨ་ལས།I see.
- བུད་མེད་ Womanམར་ན་ཚ་ས་རེད། ལྟ་དེང་སང་ཚ་བ་མང་པོ་ཡོད་རེད།The weather is warmer there down, especially, around this time of the year.
- བུ་མོ་ Girlཨང་།I see.
- བུད་མེད་ Womanསྔས་མ་དང་བྱས་ན། མར་ན་ཚ་བ་ཡོད་མ་རེད།It's warmer down there.
- བུ་མོ་ Girlཨོའོ།I see.
- ལྟ་ཁྱོད་འདིར་ཡོང་ནས་ལོ་ག་ཚད་བསྡད་ཡོད། ལྷ་སར་ཡོང་ན།How many years did you spend here in Lhasa after arriving in the city?
- བུད་མེད་ Womanང་ཚོ་ལྷ་སར་ཡོང་ནས་ལྟ་༨༤ལོ་ལ་ཡོང་ལ་རེད། ལྟ་ལོ་༢༠ཙམ་ཧ་ལམ་འགྲོ་གི་འདུག་ག་ལྟ།Um, we came here in 1984. Now almost 20 years have passed.
- བུ་མོ་ Girlའོ་འོ།Right.
- བུད་མེད་ Womanལོ་༡༩རེད་༢༠རེད། དེ་ཙམ་རེད་ལྟ།Is it 19 or 20 years? It's about that long.
- བུ་མོ་ Girlའོ་འོ། ཡར་ལོ་གསར་ལ་སོང་ན་རེད།I see. Did you spend the Tibetan New Year your hometown?
- བུད་མེད་ Womanད་ལོ་ལོ་གསར་ཡར་ཟླ་བ་བཞི་བསྡད།I spent there for four months.
- བུ་མོ་ Girlའོ་འོ།I see.
- བུད་མེད་ Womanང་ད་ལྟ་ཡར་སླེབས་འགྲོའི་ཡིན།I just arrived here recently.
- བུ་མོ་ Girlཨོའོ་འོ།Oh, I see.
- བུད་མེད་ Womanཡར་སླེབས་ནས་ཟླ་བ་འཁོར་མེད།I have been here less than one month after my arrival.
- བུ་མོ་ Girlཁྱོད་ཤ་ཡི་འདིར་ཡོད།How many kids do you have?
- བུད་མེད་ Womanང་ལ་ཤ་ཡི་བཞི་ཡོད།I have four children.
- བུ་མོ་ Girlཕྲུ་གུ་བཞི་ཨས།Four children?
- བུད་མེད་ Womanའོ་འོ།Yes.
- བུ་མོ་ Girlའོ་འོ།I see.
- བུད་མེད་ Womanཕྲུ་གུ་བཞི་ཡོད། ཆུང་ངུ་ད་ལྟ་འདིའི་ཡོད་རྒྱོགས་དེ་རེད། ལོ་༡༢རེད།We have four children. The youngest one is the who is here. He is 12 now.
- བུ་མོ་ Girlའོ་འོ།I see.
- བུད་མེད་ Womanཆེ་བོ་འདི་ཁྱོད་ཐུག་ཡོད་ན་མ་རེད། དེ་རིང་ཉིན་གུང་ཁོ་ཚོང་ལྟ་བསྡད་ཡོད་རེད། ལྟ་ལས་ཀ་ཨོའོ་ཙམ་ཡོད་རེད།You haven't seen the elder one. This afternoon, he is looking after our business. He is doing good.
- བུ་མོ་ Girlལྷ་ས་ཚང་ཡོད་ན།Are all here in Lhasa?
- བུད་མེད་ Womanལྷ་ས་ལ་ཡོད་མ་རེད།Not all of them.
- བུ་མོ་ Girlའོ་འོ།I see.
- བུད་མེད་ Womanགཉིས་ཕ་ཡུལ་ན་ཡོད་རེད།Two of them are in my hometown.
- བུ་མོ་ Girlའོ་འོ།I see.
- བུད་མེད་ Womanབསླབ་གྲྭར་འགྲོ་གི་ཡོད་རེད།They go to school.
- བུ་མོ་ Girlབསླབ་གྲྭ་ནང་ཡོད་ན་རེད།Are they at school?
- བུད་མེད་ Womanའོ། བསླབ་གྲྭར་འགྲོ་གི་ཡོད་རེད།Yes, they go to school.
- བུ་མོ་ Girlའོ་འོ།I see.
- བུད་མེད་ Woman་་་ལོ་བཞི་མ་གཏོགས་ཡོད་མ་རེད།We have only four children.
- བུ་མོ་ Girlའོ་འོ།I see.