01 Feb 2016
3 min 14 sec
Video Overview
Creators:
Sonam Tobgye, Sangay Tshomo
Kokaray Ko is a humorous song which praises the features of a rooster. In the villages, people sing this particular song for entertainment during the annual community festival and annual rituals at home.
ཀོ་ཀ་ལས་གླུ་གཞས་དེ་ཡང་ མོང་སྒར་ གླིང་མཁར་ལས་ འཇིགས་མེད་ཀྱིས་འཐེནམ་ཨིན་པས། ཁོ་གིས་འཐེན་མི་འདི་ གདངས་དབྱངས་ གཞན་དང་ཨ་ཙི་མ་འདྲཝ་སྦེ་འཐེན་ནི་འདུག ཀོ་ཀ་ལས་ཟེར་མེན་པར་ ཀོ་ཀ་ལི་ཟེར་འོང་ནི་བཟུམ་ཅིག་འདུག ག་ཅི་ར་ཨིན་རུང་ གླུ་གཞས་འདི་ དགོད་བྲོའི་གླུ་གཞས་བཟུམ་ཅིག་ཨིནམ་ད་ བྱ་པོད་ཀྱི་གཟུགས་ཀྱི་ཆ་ཤས་ཚུ་ལུ་བསྟོད་པའི་གླུ་གཞས་ཅིག་ཨིན་པས། གླུ་གཞས་འདི་ གཡུས་ཁ་ལས་ཕར་འབད་བ་ཅིན་ ཚེས་བཅུ་ལོ་མཆོད་གཏང་ས་ལས་ཕར་ དགོད་བྲོ་འབད་ཡང་ འཐེན་སྲོལ་ཡོདཔ་ཨིན།
- Jigme> ཀོ་ཀ་ལས་ཀོ །བྱ་པོད་ང་ཡི་མགུ་ཏོ་འདི་ལ། ། བླ་མ་གསུམ་གྱི་པད་ཞྭ་རེད། །ཀོ་ཀ་ལས་ཀོ །
- Jigme> ཀོ་ཀ་ལས་ཀོ །བྱ་པོད་ང་ཡི་རྣམ་ཅོ་འདི་ལ། ། རྒྱལ་བའི་རིགས་ལྔ་ཆ་གཅིག་འདུག །ཀོ་ཀ་ལས་ཀོ །
- Jigme> ཀོ་ཀ་ལས་ཀོ །བྱ་པོད་ང་ཡི་ལྷ་པ་འདི་ལ། ། གསེར་གྱི་རྒྱ་གླིང་ཆ་གཅིག་འདུག །ཀོ་ཀ་ལས་ཀོ །
- Jigme> ཀོ་ཀ་ལས་ཀོ །བྱ་པོད་ང་ཡི་མིག་ཏོ་འདི་ལ། ། གསེར་གྱི་ཤེལ་མིག་ཆ་གཅིག་འདུག །ཀོ་ཀ་ལས་ཀོ །
- Jigme> ཀོ་ཀ་ལས་ཀོ །བྱ་པོད་ང་ཡི་ཁ་འདི་ལ། ། གསེར་ག་སྐམ་པ་ཆ་གཅིག་འདུག །ཀོ་ཀ་ལས་ཀོ །
- Jigme> ཀོ་ཀ་ལས་ཀོ །བྱ་པོད་ང་ཡི་ངང་པ་འདི་ལ། ། མི་སེར་དམང་ཀ་བརའི་ཤིང་རེད། །ཀོ་ཀ་ལས་ཀོ །
- Jigme> ཀོ་ཀ་ལས་ཀོ །བྱ་པོད་ང་ཡི་གཤོག་སྒྲོ་འདི་ལ། ། དམ་ཆེན་པོ་ཏྲི་གཤོག་སྒྲོ་རེད། །ཀོ་ཀ་ལས་ཀོ །
- Jigme> ཀོ་ཀ་ལས་ཀོ །བྱ་པོད་ང་ཡི་ལུས་སྲོག་འདི་ལ། ། མ་གཡུ་བརྒྱ་དང་རྩ་བརྒྱད་ཡོད། །ཀོ་ཀ་ལས་ཀོ །
- Jigme> ཀོ་ཀ་ལས་ཀོ །བྱ་པོད་ང་ཡི་རྐང་པ་འདི་ལ། ། མི་སེར་དམང་ཀ་གྲོབ་རྒྱུ་རེད། །ཀོ་ཀ་ལས་ཀོ། །