Skip to main content Skip to search
25 Jun 2018
5 min 35 sec
Video Overview
Creators: 
Duptho, Sonam Chophel

Pema Yangzom of Yabrang village sings “Thang dhi Thangngo,” taught to her by her mother Pema Lhadon. The song, which contains religious overtones, can be sung in praise for great spiritual masters and other eminent persons. It is sung either individually or in groups, in which case there can be an accompanying dance. There is no specific place or time for singing this song, but it is commonly heard at important social events.

༉  བཀྲ་ཤིས་སྒང་རྫོང་ཁག་ གཡུས་ཡབ་རང་ལས་ པདྨ་དབྱངས་འཛོམས་ཀྱིས་ གླུ་གཞས་ཐང་འདི་ཐང་ངོ་མ་ཤེས་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་ གཡུས་འདི་ནང་ སྔོན་ལས་རང་དར་ཁྱབ་འགྱོ་ཏེ་ཡོདཔ་ཨིན་མས། གླུ་གཞས་འདི་གི་འབྱུང་ཁུངས་དང་ བརྩམས་པ་པོ་གཉིས་ངོས་འཛིན་མེདཔ་ཨིན་མས། ཨིན་རུང་ གླུ་གཞས་འདི་ པདྨ་དབྱངས་འཛོམས་ཀྱི་ཨའི་ པདྨ་ལྷ་སྒྲོན་ལས་བརྒྱུད་དེ་ལྷབ་ལྷབ་ཨིནམ་ད་ གླུ་གཞས་ཀྱི་ཚིག་འདི་ནང་ ཆོས་དང་འབྲེལ་བ་ཡོད་པའི་དོན་དག་ཚུ་ཚངམ་སྦེ་ཡོདཔ་ལས་ གླུ་གཞས་འདི་ བླམ་སྦོམ་དང་སྐྱེས་བོ་དམ་པ་ཚུ་ལུ་བསྟོད་པ་དང་གུས་བསྟོད་ཀྱི་སྒོ་ལས་ཕུལཝ་ཨིན་མས། གླུ་གཞས་འདི་ཁ་ལས་འཐེན་ནི་མ་གཏོགས་ སྡེ་ཚན་འབད་དང་ ཡང་ན་རྐྱང་པ་འབད་ཡང་འཁྲབ་སྲོལ་ཡོདཔ་ཨིན། གླུ་གཞས་ལུ་ས་གོ་དང་དུས་ཚོད་དམིགས་བསལ་འབད་མེདཔ་ལས་ ནམ་འཐེན་རུང་བཏུབ་ཨིན། འཕྲལ་འཕྲལ་སྐབས་ མི་སྡེ་ཡང་ན་ལམ་སྲོལ་གྱི་དུས་སྟོན་སྐབས་འཐེནམ་ཨིན་མས།

Transcript search
No results found for this search
0 of 0
  • པདྨ་དབྱངས་འཛོམས་
    Pema Yangzom: ཐང་འདི་ཐང་ངོ་མ་ཤེས་ལ་ཐང་གཅིག་འདུག །པདྨའི་ཐང་ལུ་(གི་)ནང་དུ་དབའེ་མཚོ་གཅིག་འདུག །མཚོ་གཅིག་འདུག
  • པདྨ་དབྱངས་འཛོམས་
    Pema Yangzom: མཚོ་ལ་མཚོ་ངོ་མ་ཤེས་ལ་འོ་མའི་མཚོ། །འོ་མའི་མཚོ་ཡི་ནང་དུ་ལ་ཤིང་གཅིག་འདུག །ཤིང་གཅིག་འདུག
  • པདྨ་དབྱངས་འཛོམས་
    Pema Yangzom: ཤིང་ལ་ཤིང་ངོ་མ་ཤེས་ལ་དཔག་བསམ་ཤིང་། །དཔག་བསམ་ཤིང་མོ་རྩེ་ལ་བྱ་མོ་ང་། །བྱ་མོ་ང་།
  • པདྨ་དབྱངས་འཛོམས་
    Pema Yangzom: བྱ་མོ་ང་ཡི་ནང་དུ་དབའེ་བྱ་ཚང་ལྔ། །བྱ་ཚང་ལྔ་ཡི་ནང་དུ་ལ་སྒོ་ང་ལྔ། །སྒོ་ང་ལྔ།
  • པདྨ་དབྱངས་འཛོམས་
    Pema Yangzom: སྒོང་རྡོག་དང་པ་འདི་ནི་ལ་གནམ་གྱི་ཕྱོགས། །ཆར་པ་དུས་སུ་འབབ་པའི་ལས་དེ་ནས་བྱུང་། །དེ་ལས་བྱུང་།
  • པདྨ་དབྱངས་འཛོམས་
    Pema Yangzom: སྒོང་རྡོག་གཉིས་པ་འདི་ནི་ལ་ལྷ་སའི་ཕྱོགས། །ལྷ་ས་[གཏམ་དུ་འབྱུང་བའི་?]ལ་དེ་ནས་བྱུང་། །དེ་ལས་བྱུང་།
  • པདྨ་དབྱངས་འཛོམས་
    Pema Yangzom: སྒོང་རྡོག་གསུམ་པ་འདི་ནི་ལ་ཀོང་ཡུལ་ཕྱོགས། །ཀོང་ཡུལ་མི་བཟང་གཏམ་བཟང་དབའེ་དེ་ནས་བྱུང་། །དེ་ལས་བྱུང་།
  • པདྨ་དབྱངས་འཛོམས་
    Pema Yangzom: སྒོང་རྡོག་བཞི་པ་འདི་ནི་དབའེ་མཚོ་མོའི་ཕྱོགས། །མཚོ་མོ་གཡུ་རུང་ལྟ་བུ་དབའེ་དེ་ནས་བྱུང་། །དེ་ནས་བྱུང་།
  • པདྨ་དབྱངས་འཛོམས་
    Pema Yangzom: སྒོང་རྡོག་ལྔ་པ་འདི་ནི་དབའེ་ཤིང་མོའི་ཕྱོགས། །མེ་ཏོག་ཁ་དོག་ལེགས་པ་དབའེ་དེ་ནས་བྱུང་། །དེ་ནས་བྱུང་།
  • པདྨ་དབྱངས་འཛོམས་
    Pema Yangzom: ལགས་སོ། ཨ་ནཱིམ་ཅིག་ར།། །།