Video Overview
འདི་ནི་ཕྱུག་པོས་མེད་པོའི་ལད་མོར་བྱས་ནས་རྐུ་བྱེད་དུ་སོང་བར་རྒན་མོ་མ་བུ་གཉིས་ཀྱིས་སྣ་མདུད་བརྒྱབ་ནས་ཤི་བའི་གཏམ་རྒྱུད་ཅིག་ཡིན།
- གུ་རུ་སེམས།དེང་མ་གནའ་ཞིག་ལ།
- བུ་རྒྱུ་ཆེན་ཞིག་དང་རྒྱུ་མེད་ཅིག་གཉིས་ཡོད།
- གཉིས་ཀ་སྤུན་ཡིན་པ་རེད།
- དེ་ནས་རྒྱུ་ཆེན་པོ་རྒྱུ་ཡོད་པ་ཞིག་རེད།
- རྒྱུ་མེད་པོ་ཅི་ཡང་མེད་པ་དེ་འདྲ་ཞིག་རེད།
- དེ་ནས་རྒྱུ་མེད་པ་དེ།
- རྒན་མོ་མ་བུ་གཉིས་ཡོད་པ་དེ་ཚང་ལ་བརྐུ་བྱེད་དུ་སོང་།
- བརྐུ་བྱེད་དུ་སོང་ནས།
- བརྐུ་བྱེད་དུ་སོང་ནས།
- དེ་ཚང་གི་སྒོ་འོག་ཏུ་བསྡད་ནས།
- བུ་མོ་ཡིས་དེ་ལྟར་ཨ་མ་ལ།
- འུ་ཚང་གི་ལག་སྐོར་གན་ཅི་ཞིག་ལ་བཟང་བ་རེད་ཟེར།
- དེའི་བཟང་ངན་ནི་འུ་ཚང་གི་ལག་སྐོར་དེ་ཡ་མཚན་ཅན་ཞིག་རེད་ཟེར།
- དེ་ལྟར་བཤད་པས་ཨ་མ་ལོ་ལོ།
- དེ་གཅིག་ཤོད་དང་།
- ངེས་པར་དུ་བཤད་དགོས་ཟེར།
- དེ་ཡིན་ན་ཨ་མའི་ར་རྟེན་ཁྱེར་ནས་སོང་སྟེ།
- ཁྱོད་ཀྱིས་ཐེངས་གསུམ་ལ་ར་རྟེན་གྱིས་གཏོགས་དང།
- ཅི་ཡང་མེད་ན་ཨ་མའི་བཤད་ཡ་ཟེར།
- དེ་ནས་ཡ་ཡ་ཟེར་ནས།
- བུ་མོ་ཡིས་ར་རྟེན་ཁྱེར་སོང་ནས།
- སྒོ་ནས་ཐེངས་གསུམ་ལ་དཀྱིལ་འཁོར་གསུམ་བརྒྱབ་སྟེ་བཏགས་ནས།
- ཡར་ལ་ཉེ་བ་རེ་བྱས་མོད་མ་ཡར་བ་རེད།
- དེ་ནས་ཡ་དོ་དགོང་དེ་བ་ཚང་གི་ལག་སྐོར་བརྐུ་དགོས།
- ལག་སྐོར་ཅི་ཞིག་ཡིན་ནམ་འདོད་ནས།
- ཉལ་ནས་བསྡད་དེ།
- ཨ་མ་ད་ལྟ་ཁྱེད་ཀྱིས་ཤོད་དང་།
- ལག་སྐོར་གཡས་ལ་འཐག་ན་གསེར་ཕྱེ་འབབ་པ་རེད།
- གཡོན་ལ་འཐག་ན་དངུལ་ཕྱེ་འབབ་པ་དེ་འདྲ་ཞིག་ཡིན་པ་རེད།
- དེ་ལག་སྐོར་ལེགས་པོ་ཞིག་རེད་ཟེར།
- དེ་ནས་རྐུ་མ་ཡིས་དོ་དགོང་ལག་སྐོར་དེ་བརྐུ་དགོས།
- ངེས་པར་དུ་ལག་སྐོར་བརྐུ་དགོས་ཟེར་ནས་བརྐུས་པ་རེད།
- དགོང་མོ་ལག་སྐོར་བརྐུས་པ་རེད།
- དེ་ནས་ཁྱེར་ནས་སོང་སྟེ་འཐག་པས།
- གཡས་ལ་འཐག་ན་གསེར་ཕྱེ་འབབ་པ་ཞིག་དང་།
- གཡོན་ལ་འཐག་ན་དངུལ་ཕྱེ་འབབ་པ་དེ་འདྲ་ཞིག
- དེས་དངུལ་ཕྱེ་འཐག་པ་དང་གསེར་ཕྱེ་འཐག་ནས།
- ཁོ་ཚང་རྒྱུ་ཐོག་ལ་བརྒྱབ་པ་རེད།
- དེ་ནས་རྒྱུ་ཆེན་དེས།
- ཨ་རོད་ཁྱོད་སྔོན་ལ་རྒྱུ་མེད།
- ད་ལྟ་གློ་བུར་དུ་རྒྱུ་ཐོག་ལ་བུད་པ་ཅི་རེད་ཟེར།
- དེ་ལྟར་བཤད་ནས།
- ཁོ་དེ་ལྟར་གཞན་ཞིག་ཚང་ལ་སོང་ནས་བརྐུས་བྱས་ནས།
- ལག་སྐོར་ཞིག་བརྐུས་ནས་ཡོང་བ་ཡིན།
- དེ་ནས་རྒྱུ་ཐོག་ལ་བརྒྱབ་པ་རེད།
- ཁོ་ཡང་སོང་ནས་བརྐུ་བྱེད་རྒྱུ།
- དེ་བ་ཚང་གང་ན་ཡོད་པ་རེད།
- དེ་བ་ཚང་ཡར་ན་ཡོད་གི
- དེ་ནས་སྤུན་རྒྱུ་ཆེན་དེ་བརྐུ་རུ་སོང་།
- སོང་ནས་ཅི་ལྟར་བརྐུ་ཟེར་ནས།
- དེ་ནས་ཁང་བའི་འོག་ཏུ་སྦས་ནས་འདུག་དགོས།
- ཧུར་བརྩོན་བྱེད་དགོས་ཏེ་ཁང་བའི་འོག་ནས་བུད་དུས།
- མ་བུ་གཉིས་ཀྱི་ལག་ཏུ་ཤོར་ནས་ཁྱོད་གཉོག་ཡག་རེད་ཟེར།
- ཡ་ཡ་ཟེར་ནས།
- སོང་ནས་ཁང་བའི་འོག་ལ་ཐོན་དུས།
- ཨ་མ་ལོ་ལོ་ངེད་ཚང་གི་སྟ་རེ་ཅིའི་ཕྱིར་བཟང་བ་རེད།
- སྟ་རེ་དེ་བཤད་མི་ཕོད་པ་རེད།
- དེ་ཅི་ཞིག་བཤད་རྒྱུ།
- ཁ་སང་དགོང་མོ་ལག་སྐོར་བརྐུས་པ་རེད།
- དེ་མི་བཤད་ཟེར།
- ཨ་མ་ལོ་ལོ་ཤོད་དང་ཟེར།
- ཡང་བཀོད་པ་མེད་པར།
- དེ་ནས་སོང་ནས་ཨ་མའི་ར་རྟེན་ལ་ཁྱོད་ཀྱིས་གཏོགས་དང་།
- ཡང་སྒོར་སོང་ནས་གཏགས་པས།
- རྒྱུ་ཆེན་དེ་ཡར་ཐོན་ནས་སོང་སྟེ།
- རྒན་མོ་མ་བུ་གཉིས་ཀྱི་ལག་ཏུ་ཤོར་སོང་།
- དེ་དུས་རྒན་མོ་མ་བུ་གཉིས་ཀྱིས།
- དེའི་སྣ་ཡང་ཡང་འཐེན་ནས།
- མདུད་པ་དགུ་བརྒྱབ་ནས་བཏང་པ་རེད།
- ཕྱི་ཉིན་སྤུན་ལག་སྐོར་སྐོར་བ་དེས།
- ཡ་དོ་དགོང་ཁོའི་སྤུན་རྒན་སོང་ནས་བརྐུས་ནས་ཡོང་བ་རེད།
- དེ་ཡིསཅི་ཞིག་བརྐུས་ཡོད་པར་ང་སོང་ནས་བལྟ་དང་ཟེར།
- སོང་དུས་སྤུན་རྒན་གྱིས་སྣ་མདུད་པ་དགུ་བརྒྱབ་ནས།
- ཨ་ལ་ཨ་ལ་ཟེར་ནས་སྣ་ན་ནས་འགྲོ་བཞིན་ཡོད།
- དེ་ནས་ཅི་བྱེད་ཟེར།
- རིམ་གྲོ་སྒྲུབ་ནས་མི་ཐུབ་པ་རེད།
- མོ་བར་མོ་བཏབ་ནས་མི་ཐུབ་པ་རེད།
- རྩིས་པ་རྩིས་བརྒྱབ་ནས་མི་ཐུབ་པ་རེད།
- དེ་ནས་ཡ་ད་ལྟ་ཅི་ཞིག་བྱེད།
- དེ་འདོད་ནས་ཁོ་ཡི་སྤུན་ལག་སྐོར་བརྐུས་པ།
- ཕྱིར་དེ་ཚང་ལ་བརྐུ་བྱེད་དུ་འགྲོ་དགོས།
- ཡང་ཅི་ཞིག་བརྐུ་རྒྱུ་ཡོད་པ་འདོད་ནས་བརྐུ་རུ་སོང་།
- ཨ་མ་ལོ་ལོ་ངེད་ཚང་གི་སྟ་རེ་གན་དོ་དགོང་ཤོད་དང་ཟེར།
- བཤད་མི་དགོས།
- ཁ་སང་དགོང་མོ་ཤེས་པ་ལྟར།
- ངེད་གཉིས་ཀྱིས་ར་རྟེན་གཏགས་ནས།
- ངེད་གཉིས་ཀྱིས་སྣ་མདུད་པ་དགུ་བརྒྱབ་ནས་བཏང་བ་དེ།
- མདུད་པ་དེ་ཅི་ལྟར་གྲོལ་བ་རེད་ཟེར།
- ན་ཟུག་ཡོད་པ་རེད་དམ་ཟེར།
- ཡོད་དེ་ན་ཟུག་ཡོད་པ་རེད།
- གྲོལ་བའི་བློ་ཞིག་ཡོད་པ་ཡིན་ནམ།
- ཡོད་དེ་གྲོལ་བའི་བློ་ཞིག་ཡོད་པ་རེད།
- དེ་ཅི་ལྟར་གྲོལ་བ་རེད་ཟེར།
- ཅི་བྱེད་དེ་ཅི་ལྟར་གྲོལ་བ་ཁྱོད་དེ་ཡིས་ཅི་བྱེད་ཟེར།
- ཨ་མ་ལོ་ལོ་དེ་ཤོད་དང་ཟེར།
- དེ་ནས་ཡ་ཡ་ཟེར།
- ཡང་སོང་ནས་ཨ་མའི་ར་རྟེན་རྟོག་ནས་ཤོག་ལ་བཤད་ཟེར།
- དེ་ནས་ར་རྟེན་གྱིས་བརྟག་ནས།
- ལག་སྐོར་རྐུ་བ་མ་ཡིན་པ་རེད།
- དེ་ནས་ཅི་ཡང་མེད་གི་ཨ་མ་ཟེར།
- ཨོ་ཡ་ཡ་ཟེར།
- དེ་ནས་སྣ་མདུད་པ་དགུ་བརྒྱབ་ཡོད་པ་དེའི།
- མདུད་པ་ཅི་ལྟར་གྲོལ་བ་རེད།
- ངེད་ཚང་གི་སྟ་རེ་ཡིས་གྲོལ་དགོས་པ་རེད།
- ཅི་ལྟར་གྲོལ་དགོས་ཟེར།
- སྟ་རེ་བཟུང་ནས་གཅིག་གྲོལ་ལོ་ལོ།
- གཉིས་གྲོལ་ལོ་ལོ།
- གསུམ་གྲོལ་ལོ་ལོ་ཞེས་བཤད་ན་གྲོལ་ནས་བུད་འགྲོ་ཟེར།
- དེ་ནས་དེ་སླ་མོ་ཞིག་རེད།
- དོ་དགོང་ཁོའི་སྤུན་རྒན་ན་ནས་ཡུལ་ལ་ཡོང་ཡོད།
- སྟ་རེ་གན་བརྐུ་དགོས་འདོད་ནས་ཁང་བ་འོག་ནས་བསྡད།
- དེ་ནས་མ་བུ་གཉིས་གཉིད་སོང་།
- དེ་ནས་སོང་སྟེ་སྟ་རེ་བརྐུས་ནས་བུད་ཡོང་།
- དེ་ནས་ཕྱིའི་ནངས་མོར།
- ཁྱོད་ཀྱི་སྣ་དྲག་ཨེ་དགོས།
- ཁྱོད་ཚང་གི་རྒད་པོ་དྲག་དགོས་ན།
- ངས་མདུད་པ་གྲོལ་ཡ་ཟེར།
- དེ་ལྟར་བཤད་པས་གྲོལ་ལོས་དགོས་ཟེར།
- དྲིན་ཆེན་པོ་གྲོལ་དགོས་པ་རེད།
- དེ་གྲོལ་བའི་བློ་ཞིག་ཁོར་ཡོད་ཟེར།
- གྲོལ་རྒྱུ་ཡིན་ན་མདུད་པ་གཅིག་ལ་གཡག་རེ་དགོས།
- དེ་མིན་ན་མི་གྲོལ་ཟེར།
- དེ་ནས་ཡ་ཡ་དེ་སྟེར་ཡ།
- ཁོང་གི་རྒད་པོ་དྲག་སོང་ན།
- མདུད་པ་རེ་རེ་ལ་གཡག་རེ་སྟེར་ཟེར།
- ཡ་ཟེར་ནས་གཅིག་གྲོལ་ལོ་ལོ།
- གཉིས་གྲོལ་ལོ་ལོ་ཞེས་དེ་ལྟར་གྲོལ་ནས་ཡོང་དུས།
- མདུད་པ་གཅིག་ལྷག་དུས་རྒད་པོ་ཡི་རྒན་མོ་ཡིས།
- ཨ་ལ་དེ་ཁྱོད་མིན་ན་ངས་ཀྱང་གྲོལ་ཤེས།
- མོའི་ལག་ཏུ་བཞག་ན་མོས་ཀྱང་གྲོལ་ཤེས་ཟེར།
- རྒད་པོ་ཡི་སྤུན་གྱིས་དེ་ཁྱོད་ཀྱིས་གྲོལ་མི་ཤེས།
- ཅི་བྱེད་དེ་ལག་ཚོད་མ་ཟིན་ན་ཁྱོད་ཀྱིས་རྒད་པོ་བསད་འཇོག་ཟེར།
- ཨ་ལ་དེ་ལས་ཡིན་རྒྱུ་རེད་དེ་མོར་མིག་མེད་པ་ཡིན་ནམ་ཟེར།
- མོའི་ལག་ཏུ་ཞོག་ཅེས་བཤད་པས་བཀོད་པ་མེད་པར་ལག་ཏུ་བཞག
- དེའི་ཚད་ལ་རྒན་མོས་གཅིག་གྲོལ་ལོ་ལོ་ཞེས་བཤད་དེ།
- སྟ་རེ་བླངས་ནས་གཡུགས་པས།
- རྒད་པོའི་ཐོད་དཀྱིལ་ལ་བརྒྱབ་ནས་བསད་པ་རེད།
- དེ་རེད།