Skip to main content Skip to search
28 Jun 2018
5 min 42 sec
Video Overview
Creators: 
Penchela, Yeshi Wangchuk, Karma Studio, Yeshi Wangchuk

The song Sharchog Gyelpoi Lingla is a Boedra song performed by Kezang Dolma from Paro Dzongkhag. It is a description of a flower, but the name of flower is not mentioned in the lyrics. The flower came from the eastern region, and had a bright color. Although the song was performed with a melodious tune, the lyrics of this version were not as clear as other versions. In another version of the same song, more details, including the name of the flower, were included. 

 

སྤ་རོ་རྫོང་ཁག་ལས་ སྐལ་བཟང་སྒྲོལ་མ་གིས་འཐེན་མི་ ཤར་ཕྱོགས་རྒྱལ་པོའི་གླིང་ལ་ཟེར་མི་ བོད་སྒྲའི་གླུ་གཞས་འདི་ནང་ མེ་ཏོག་ཅིག་གི་་སྐོར་ལས་ བཤད་པ་རྐྱབ་ཨིན་རུང་ ཞབས་བྲོའི་ཚིག་ནང་ མེ་ཏོག་ག་ཅི་ཟེར་མི་འདི་ཨིན་ན་ མིང་གཏན་གཏན་ཅིག་མ་སླབ་པས། མ་གཞི་གླུ་གཞས་འདི་ གདངས་ཧན་ཏོང་ཏོ་སྦེ་འཐེན་རུང་ ཚིག་འདི་གནམ་མེད་ས་མེད་ཅིག་ གསལ་ཏོག་ཏོ་མེད་རུང་ འདི་དང་ཆ་འདྲ་བའི་གླུ་གཞས་གཞན་མི་ཅིག་ནང་ མེ་ཏོག་གི་མིང་དང་ བཀྱག་དྭགས་ཚུའི་སྐོར་ལས་ བཤད་པ་རྐྱབ་སྟེ་འདུག། 

 

Transcript search
No results found for this search
0 of 0
  • སྐལ་བཟང་སྒྲོལ་མ་
    ཤར་ལ་རྒྱལ་པོའི་གླིང་ནི་ལ་ག་འདྲས་གླིང་། །ཤར་ལ་རྒྱལ་པོའི་གླིང་ནི་ལ་མེ་ཏོག་གླིང་ལ། །
  • སྐལ་བཟང་སྒྲོལ་མ་
    མེ་ཏོག་འདི་གི་གདངས་ནི་ལ་གང་འདྲས་མདངས། །མེ་ཏོག་འདི་གི་མདངས་ནི་ལ་དཀར་པའི་མདངས། །
  • སྐལ་བཟང་སྒྲོལ་མ་
    མེ་ཏོག་ཕྱི་ལ་བཏོན་ན་ལ་བཏོན་ཤ་ལ། །མེ་ཏོག་ནང་ལ་བཙུགས་ན་ལ་འབྲས་བུ་འཚོ། །
  • སྐལ་བཟང་སྒྲོལ་མ་
    མེ་ཏོག་འདི་གི་སྦྲང་ཆར་ལ་ས་མར་སོན། །ཞབས་ཁྲ་གཡུ་དྲུག་ལེ་མོ་ལ་མདངས་མ་འདི། །
  • སྐལ་བཟང་སྒྲོལ་མ་
    ལྷོ་ལ་རྒྱལ་པོའི་གླིང་ནི་ལ་གང་འདྲས་གླིང་། །ལྷོ་ལ་རྒྱལ་པོའི་གླིང་ནི་ལ་མེ་ཏོག་གླིང། །
  • སྐལ་བཟང་སྒྲོལ་མ་
    མེ་ཏོག་འདི་གི་མདངས་ནི་ལ་གང་འདྲས་མདངས། །མེ་ཏོག་འདི་གི་མདངས་ནི་ལ་སེར་པའི་མདངས། །
  • སྐལ་བཟང་སྒྲོལ་མ་
    མེ་ཏོག་ཕྱི་ལ་བཏོན་ན་ལ་བཏོན་བཤམ་ལ། །མེ་ཏོག་ནང་ལ་བཙུགས་ན་ལ་འབྲས་བུ་འཚོ། །