Skip to main content Skip to search
28 Aug 2018
40 min 40 sec
Video Overview
Creators: 
Sonam Chophel

Karma Nidup from Yuwakha village narrates the story of Ngaden King and his descendants. The king never had male children despite having hundreds of consorts. One day he met an astrologer and received a prophecy. The astrologer suggested his consorts consume watermelons; soon after, two sons and two roosters were born from three different wives. The two sons were average humans while the roosters were the incarnations of the Buddha. So the roosters caused Buddha dharma to flourish in the universe and looked into the welfare of all sentient beings.

 

Transcript search
No results found for this search
0 of 0
  • ཀརྨ་དངོས་གྲུབ་
    དང་ཕུག་ཏེ་སྲུང་འདི་ངོ་མ་རང་འབད་བ་ཅིན་ཤར་ཕྱོགས་མངའ་ལྡན་གྱི་རྒྱལ་ཁབ་ཟེར་མི་ཅིག་ཡོདཔ་ཨིན་མས་ལགས།འདི་ནང་ལུ་རྒྱལ་པོའི་རྒྱལ་འདི་ཏེ་རྒྱལ་པོ་ལུ་བཙུན་མོ་ལྔ་བརྒྱ་ཡོདཔ་མས།
  • ཀརྨ་དངོས་གྲུབ་
    ཏེ་བཙུན་མོ་ལྔ་བརྒྱ་འདི་ཏེ་བཙུན་མོ་ལྔ་བརྒྱ་ལས་སྲསམོ་སྲས་ཟེར་མི་འདི་མ་པ་ལས་མེད་པ་ཏེ་སྲསམོ་གསུམ་ཡོདཔ་མས་ལགས།ཏེ་སྲསམོ་གསུམ་འདི་ཏེ་སྲསམོ་གསུམ་ལས་སྲས་དང་དེ་ཚུ་ག་ནི་ཡང་མེད་འབད་སྦེ་ཏེ་རྒྱལཔོ་ཁོ་ར་ཏེ་དགུང་ལོ་འདི་ཏེ་བརྒྱ་གཅིག་བརྒྱ་ལྷག་སོང་ནུག
  • ཀརྨ་དངོས་གྲུབ་
    གཅིག་བརྒྱ་ལྷག་སྟེ་གིས་སྦེ་འབད་བའི་ཤུལ་ལསན་ཁོ་རྒྱལ་སྲས་འཛིན་པའི་གི་སྲས་གཅིག་དངམ་བཙུནམོ་ཚུ་ལས་ཡང་མ་འཁྲུངས་གཉིས་པ་སྲསམོ་ལས་ཡང་མེད་འབད་སྦེ་ཏེ་ཁོ་གནམ་མེད་ས་མེད་ཀྱི་ཐུགས་མྱ་ངན་ཕོག་སྟེ་སྦེ་ཏེ་དབའེ།
  • ཀརྨ་དངོས་གྲུབ་
    ཏེ་ད་ངེའི་རྒྱལ་སྲས་འདི་སྟོང་ནི་མས་སྨ་རེ་ མནོ་བའི་མནོ་བསམ་བཏང་འདི་གིས་སྦེ་ཐུགས་བསམ་བཞེས་ཞིནམ་ན་སྦེཁོ་གནམ་མེད་ས་མེད་ཀྱི་ཐུགས་ཨ་ནཱེ་སྦེ་ཏེ་ཕྱི་རུ་གཟིམ་མ་ཚུགས་གསོལ་ཚོགས་བཞེས་མ་ཚུགས་ངེ་རྒྱལ་སྲས་འདི་སྟོང་ནི་འོང་མས་ད་ཟེར་དེ་སྦེ་བཞུགས་བཞུགསཔ་ཨིན་ཟེར་མས།
  • ཀརྨ་དངོས་གྲུབ་
    ཏེ་དེ་ཅིག་གི་བར་ན་ལུ་དེ་གི་ནང་པ་འབདཝ་ད་ལུ་ཏེ་སྒོམ་ཆེན་ཅིག་མར་སྒོ་རེ་སྒོ་ཁ་ལས་ཤར་ཕྱོགས་མངའ་ལྡན་གྱི་རྒྱལ་པོ་ང་ལུ་སྦྱིན་པ་ཅིག་ཞུ་གེ་ཟེར་ཏེ་སྦྱིན་པ་ཅིག་ ཞུ་བ་ཐོང་ནུག་ཟེར་ཨིན་པས་ལགས་སྒོམ་ཆེན་གཅིག
  • ཀརྨ་དངོས་གྲུབ་
    ཡ་ཨ་མི་སྒོམ་ཆེན་འདི་ཡར་ཤོག་ཟེར་སླབ་ཤིག་ཤིད་ཟེར་ རྒྱལ་པོ་གིས་དེ་སྦེ་གསུངས་སྦེ་ཞིནམ་ན་ལས་སྒོམ་ཆེན་འདི་ཡར་རྒྱལ་པོའི་སྐུ་མདུན་བཙུགས་སྦེ་དབའེ་སྒོམ་ཆེན་ཁྱོད་ག་ཏེ་བཞུགསཔ་སྨོ་ཟེར་འབདཝ་ད་ང་ཨ་ཕར་ཕར་གྱི་ བྲག་ཕུག་ནང་སྡོདཔ་ཨིན་ཟེར་ ཏེ་ཨ་ཕི་ནང་མཐུན་བཏང་འབད་སྡོད་མི་ཅིག་ཨིན།
  • ཀརྨ་དངོས་གྲུབ་
    ད་བསོད་སྙོམས་ཅིག་ལྷང་སྦ་ འོང་འོངམ་ཨིན་ཟེར་ཞུཝ་ད་ཁྱོད་ཀྱིས་མོ་ཅིག་ག་དེ་སྦེ་བཏབ་ཚུགས་ག་ཟེར་འབདཝ་ད་ད་མོ་མོ་ཨ་ཙི་རེ་བཏབ་དོ་ཟེར་ཞུ་འབད་སྦེ་ཏེ་དེ་འབད་བ་ཅིན་ང་ལུ་ཏེ་ད་རྒྱལ་སྲས་འཛིན་པའི་གི་ སྲས་གཅིག་མ་པ་ལས་འཁྲུངས་མ་ཚུགསཔ།
  • ཀརྨ་དངོས་གྲུབ་
    ཏེ་ག་ཏེ་ལས་འབྱུང་མ་ཚུགས་ཟེར་ད་ང་ར་དགུང་ལོ་ང་ར་ལོ་ཨ་ནཱེམ་ཅིག་མང་ཧིང་ཨ་ནཱེམ་ཅིག་ཡར་སོང་ཡི་ངེའི་རྒྱལ་སྲས་འདི་སྟོང་ནི་འོང་ནི་མས་ཟེར་གསུངསམ་ད་ལུ་ ཏེ་སྒོམ་ཆེན་འདི་གིས་ཡབ་རྒྱལ་པོ་འདི་ཐུགས་བརྙེས་སུ་བཞེས་མི་དགོ་ཟེར།
  • ཀརྨ་དངོས་གྲུབ་
    ད་རྒྱལ་སྲས་ཀྱི་ཙ་ལས་མི་སྟོང་ཟེར་ག་དེ་སྦེ་ཟེར་རུང་ཏེ་ད་ཐབས་ཤེས་ཅིག་ག་དེ་སྦེ་ཨིན་རུང་ཐབས་ཤེས་ཅིག་བཏོན་ནི་འོང་ཟེར་འབདཝ་ད་ཏེ་ཡ་ཐབས་ཤེས་ཅིག་ཁྱོད་ཀྱི་ ཁ་ཐུག་ལས་བཏོན་ནི་ཡོདཔ་ཨིན་ན་ཟེར་འབདཝ་ད།
  • ཀརྨ་དངོས་གྲུབ་
    ཏེ་ངེའི་ཁ་ཐུག་ལས་ ཐབས་ཤེས་ཆུང་ཀུ་གཅིག་བཏོན་ཕུལ་གེ་ཟེར་ ཞུ་སྟེ་འབདཝ་ད་ལུ་ཏེ་ཐབས་ཤེས་འདི་ག་དེ་སྦེ་བཏོན་ནི་ཟེར་གསུངམ་ ཏེ་སྒོམ་ཆེན་འདི་གི་ཏེ་ནངས་པ་ཨེང་་་་དྲོ་པ་ཉིན་མའི་རྩེ་དང་སྦྲགས་ཏེ་སྦེ་ཁོང་ར་སྤུན་ཆ་གསུམ་ཨ་ཕར་ངེའི་བྲག་ཕུག་འདི་ནང་བཏང་གནང་ཟེར།
  • ཀརྨ་དངོས་གྲུབ་
    ཏེ་ང་གིས་ ཕར་ལས་ཚུར་ཏེ་ད་ཁོ་ལུ་སོན་ཅིག་བཀལ་གེ་ཟེར་ཏེ་ཞུ་ཞུཝ་མས་ལགས་ནཱ་སྒོམ་ཆེན་འདི་གིས་ ཡ་ཡ་བཏུབ་ འདིན་ཏེ་བཏུབ་པས་ད་ཁྱོད་ཀྱིས་ ང་ལུ་རྒྱལ་སྲས་འཛིན་པའི་སྲས་ཅིག་ ཁྱོད་ཀྱིས་ འཁྲུངས་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ང་གིས་ ཁྱོད་ཀྱི་ལྟོ་གོས་ཆོས་གསུམ་འདི་ད་ཁྱོད་ར་མ་ཤི་བའི་ནང་འཁོད་ལུ་ང་གི་ཏེ་ད་ཁྱོད་ལུ་ཕུལ་ནི་ཨིན་ཟེར་ རྒྱལ་པོ་གིས་ཁས་བླངས་ལེན་བཞེས།
  • ཀརྨ་དངོས་གྲུབ་
    ཏེ་ད་སྒོམ་ཆེན་འདི་ ལོག་ཡར་སོང་ནུག་ལགས་སྒོམ་ཆེན་ལོག་འབྱོན་སྦེ་ནང་པ་དྲོ་པ་ཉིན་མའི་རྩེ་དང་སྦྲགས་ ཁོང་ར་སྤུན་ཆ་གསུམ་ཆ་ར་ཕར་ཨ་ཕི་བྲག་ཚོགས་བྲག་ཕུག་འདི་ནང་བཏང་འབདཝ་ད་ལུ་སྒོམ་ཆེན་འདི་གིས་ ཕར་ལས་ཚུར་ཧྲོར་་་་ང་བཅས་ད་རེས་ ཨ་པའི་མགུ་ཏོག་གི་སོན་ཡོད་པ་སྨོ་ལགས་ཨ་པའི་མགུ་ཏོག་ཡོད་པ་ལགས་ཨ་ནཱི་ ཨ་པའི་མགུ་ཏོག་གི་སོན་ཕུད་རྡོག་གཅིག་འབད་མི་ཅིག་ གནང་གནངམ་མས།
  • ཀརྨ་དངོས་གྲུབ་
    སྒོམ་ཆེན་འདི་གིས་ ཡ་ད་འབདན་ཨ་ནཱི་ཨ་པའི་མགུ་ཏོག་འདི་ཁྱོད་ཀྱིས་ ནངས་པ་དྲོ་པ་ཉིམ་རྩེ་དང་རྩེ་ཆ་དང་སྦྲགས་ཏེ་སྦེ་ བཙུགས་སྨ་རེ་ཟེར་ ད་ཚོད་ཞིང་ནང་བཙུགས་སྨ་རེ་ཟེར་ཏེ་འ་ནཱེ་སྦེ་འབད་ཞིནམ་ལས་ཕ་ལས་འབག་ཞིནམ་ན་ནངས་པ་དྲོ་པ་ཉིམ་རྩེ་ཆ་དང་སྦྲག་སྟེ་སྦེ་ཏེ་མར་ཨ་པའི་མགུ་ཏོག་ཚོད་ཞིང་ནང་བཙུགས་ད་ནུག།
  • ཀརྨ་དངོས་གྲུབ་
    བཙུགས་འབད་སྦེ་ཉིནམ་རེ་དྲོ་པ་རེ་ཚར་རེ་ཚར་རེ་བལྟ་ཟེར་འབདཝ་ད་ཏེ་ནངས་པ་ད་རེས་བཙུགས་ནངས་པ་བལྟཝ་ད་ལུ་ མར་ལས་ཡར་ཁ་བཀྲམ་སྐྱེས་ནུག་ཟེར་མས་ལགས།སྐྱེས་ཞིནམ་ན་ལས་ད་རུང་གནངས་ཚེ་བལྟཝ་ད་དེ་ལས་ཁ་བཀྲམ་གཉིས་ ཨ་ནཱེ་སྦེ་འཐོན་ནི་ཡོད་པ་སྨོ་ལགས་ཧེ་མ།
  • ཀརྨ་དངོས་གྲུབ་
    ཨ་ནཱི་འཛིནམ་བཟུམ་སྦེ་ཨ་ནཱི་སྐྱེས་དེ་ལསན་ཏེ་འགྲོས་ཀྱིས་ར་བཏང་ཉིནམ་གཅིག་བ་ཉིནམ་གཅིག་ཉིནམ་གཅིག་བ་སྦོམ་སྦེ་འགྱོ་དེ་ལས་ཧབ་[བདུན་ཕྲག་]གཅིག་ལང་པའི་བསྒང་ལསན་ཏེ་ཨུ་ཐགཔ་འདི་ཐོ་གང་མནར་དོ་འོང་མས་ལགས།
  • ཀརྨ་དངོས་གྲུབ་
    ཨ་ནཱི་ཨ་པའི་མགུ་ཏོག་གི་ཨུ་ཐགཔ་འདི་མནར་ དེ་ལསན་དེ་གི་ཞག་གསུམ་དེ་ཅིག་ལས་ཏེ་ཨུ་ཐགཔ་ཐོ་དོ་དེ་ཅིག་མནར་མའི་བསྒང་ལས་དེ་ལསན་དེ་ནང་ལས་ མེ་ཏོག་ཆུང་ཀུ་གཅིག་སྦུབ་ཅུང་ཅིག་ བཀལ་བཀལཝ་ཨིན་ཟེར་མས་ལགས།
  • ཀརྨ་དངོས་གྲུབ་
    མེ་ཏོག་སྦུབ་ཅུང་ཅིག་བཀལ་བའི་ཤུལ་ལས་ར་དེ་ལསན་ཏེ་དེའི་ནངས་པ་བལྟ་བའི་བསྒང་ལསན་སྦུབ་ཅུང་འདི་དེ་བས་སྦོམ་དེ་བས་སྦོམ་དེ་བས་སྦོམ་དེ་བས་སྦོམ་དེ་བས་སྦོམ་སྦེ་ཏེ་སྦོམ་ཆུང་ཨ་ནཱེམ་ཅིག་ ཡར་སོང་པའི་ཟེར་ཨིན་མས་ཡུདཔ་ཅིག་ཨ་ནཱི ང་བཅས་ཚལ་ལུ་བཟུམ་ཅིག་ཡར་སོང་འདུག་བ།
  • ཀརྨ་དངོས་གྲུབ་
    ཚལ་ལུ་བཟུམ་ཅིག་འགྱོཝ་ད་ལུ་ཏེ་སྲསམོ་གསུམ་ཆ་སྟེ་ཏེ་ད་ཨ་པའི་མགུ་ཏོག་འདི་ བཟའ་ད་གེ་ཨ་པ་ཟེར་ད་བཟའ་གེ་ཟེར་ད་སྦོམ་ཆུང་ཨ་ནཱེམ་ཅིག་ལས་མིན་འདུག་ད་བཟའ་གེ་ཟེར་སྡོད་ཤིག་ཨ་ཙིག་བཞག་ཤིག་ཁོ་ཨ་ཙིག་སྦོམ་འགྱོཝ་ད་བཟའ་གེ་ཟེར་ཨ་པ་གི་དེ་སྦེ་གསུངས།
  • ཀརྨ་དངོས་གྲུབ་
    ཏེ་ཁོང་གསུམ་ཆ་བཟའ་གེ་ཟེར་ཉིནམ་རེ་ཆ་མེད་པ་བཟའ་ད་གེ་ཟེར་སྡོད་ཨ་པའི་མགུ་ཏོག་བཟའ་གེ་ཟེར་དེ་ལས་ཁོང་གསུམ་ཨ་པ་གིས་བཟའ་མ་སྟེར་བ་ཏེ་ནམ་ཅིག་ཚེ་འབདཝ་ད་ཨ་ནཱི་ཚལ་ལུ་བཟུམ་ཅིག་ཨེ་པཱལ་བཟུམ་ཅིག་འགྱོཝ་ད་ལུ་ཡར་ཁྱོད་ཀྱིས་བཟའ་གེ་ཟེར་ར་ཉན་མ་བཏུབ་པ་ཅིན་ད་ཁྱོད་གསུམ་ཆ་འདི་གིས་ ཡབས་འཕྱག་སོང་སྨ་རེ་ཟེར་སི་སི་གི་ཡབས་མས་ལགས།
  • ཀརྨ་དངོས་གྲུབ་
    སི་སི་ཤོམ་འདབ་འཐུ་སོང་ཟེར་སི་སི་ཤོམ་འདབ་འཐུ་འབག་ཤོག་ཤིག་ཟེར་ཏེ་ཁོང་ར་གསུམ་ཆ་ར་ ཙེའུ་རེ་བཀལ་འབད་སྦེ་ཏེ་བཏང་ད་འདུག
    ཡར་རི་ཁར་ལགས་ཨ་ནཱི་ཡབས་ཟེར་ བསྐྐོང་ང་ནི་ཡོད་པ་ལགས་ ང་བཅས་ནཱ་འབདན་སི་སི་ཤོམ་ད་ཡོད་པ་ལགས།
  • ཀརྨ་དངོས་གྲུབ་
    འ་ནཱིབསྐོང་མ་བཏང་ཞིནམ་ན་ལས་དེ་ལསན་ཏེ་ཕར་སོང་ཨ་ཞེམོ་གཉིས་ཆ་འདི་ཏེ་རང་རོང་བཏང་ཙེའུ་ནང་རག་རོག་བཏང་བཙུགས་འབད་སྦེ་ཏེ་ཙེའུ་ཤིང་དང་ རག་རོགས་དང་སྦྲགས་བཙུགས་འབག་འབགམ་མས།
  • ཀརྨ་དངོས་གྲུབ་
    ཐོན་འོང་ནུག་ལོག་ དེ་ལསན་དེ་ནུམ་ཆུང་ཤོས་དེ་གིས་དེ་ལསན་ཏེ་སི་སི་ཤོམ་འདབ་འདི་ གནམ་མེད་ས་མེད་ཨ་ནཱེ་སྦེ་གནམ་མེད་ས་མེད་ཏ་སི་རྩེགས་དེ་རྩེགསཔ་སྟེ་ལགས་རེ་རེ་བཞིན་དུ་པ་ཀ(སྤུས་ཙ)སྦེ་རྩེགས་ཙེའུ་ལྟེམ་ལྟེམ་འབག་འབགམ་མས།
  • ཀརྨ་དངོས་གྲུབ་
    ཏེ་ཙེའུ་ལྟེམ་ལྟེམ་འབག་འོང་འབད་ཞིནམ་ན་ལས་དེ་ལསན་ཏེ་ཕར་ལྷོད་པའི་བསྒང་ལསན་ཏེ་ཨ་པའི་མགུ་ཏོག་འདི་ཨ་ཞེམོགཉིས་ཆ་བཏོག་བཟའ་ནུག་ཡབ་ཀྱི་ཐུགས་ཁར་བལྟ་བན་ ཏེ་ད་ཁོང་ར་གསུམ་ཆ་ར་ བགོ་བཟའ་བཟའ་འོང་མནོ་བའི་ཐུགས་བསམ་བཞེས་ཏེ་ཕར་ལྷོདཔ་ད་ཏེ་དེ་ལས་ནུམ་ནཱ་སྲིངམོ་ཆུང་ཤོས་ལུ་མ་བཞག་པས་ལགས།
  • ཀརྨ་དངོས་གྲུབ་
    ཁོང་ར་ཨ་ཞེམོ་གཉིས་ཀྱི་བཟའ་ད་ཏེ་བཟའ་ཚརཝ་ད་ མོ་ལྷོད་འབད་སྦེ་དེ་ལས་ཏེ་དབའེ་ བཟའ་ཚར་ཡི་བུ་ཟེར་འབདཝ་ད་ བཟའ་ཚར་ཡི་ཟེར་ ཏེ་ཏེ་ག་དབའེ་ང་ལུ་ཨ་ཙི་ཅིག་ཡང་མ་བཞག་པ་ཟེར་ཏེ་ཁྱོད་ལུ་མ་བཞག་ཟེར་ཏེ་པགས་ཀོ་འདི་ ག་དེ་སྦེ་ཨིན་ན་ཟེར་འབདཝ་ད་ཨ་མར་ཕྱགས་སྙིགས་རྩ་བ་ལས་མར་བལྟ་ད་ཟེར།
  • ཀརྨ་དངོས་གྲུབ་
    ཏེ་ཕྱགས་སྙིགས་ནང་ལས་མར་བལྟ་ཏེ་ཨ་མར་ལས་མར་ཡོད་ག་ཡང་མི་ཤེས་ཟེར་སླབ་ད་ཏེ་མར་ཕྱགས་སྙིགས་སློང་བལྟཝ་ད་ལུ་ཏེ་ཨ་པའི་མགུ་ཏོག་གི་ཨ་ནཱི་ཨུ་ཐག་གི་ར་ཅིག་ཡོད་སྦོ་སྨོ་ལགས་ར་ཨ་ནཱི་ར་འདི་ར་ཅིག་ཡོདཔ་མས་ཨ་ནེམ་ཅིག་འབད་མི་ཅིག་དེ་འཐུ་ཞིནམ་ན་ཕྱག་འབད་སྦེ་ཏེ་ནུམ་ནུམ་འདི་དེ་སྦེ་བཟའ་ད་འདུག་ཨུ་ཐག་ར་འདི།
  • ཀརྨ་དངོས་གྲུབ་
    ཏེ་མགུ་ཏོག་ཡར་སྦོམ་ཤོས་ཞིམ་ཏོག་ཏོ་འདིན་ཨ་ཞེམོ་གཉིས་ཆ་བཟའ་ནུག་དེ་ལསན་ཏེ་དེ་ལསན་ཏེ་དེ་ལསན་ཏེ་ཞག་གཅིག་བ་ཞག་གཅིག་ཞག་གཅིག་བ་ཞག་ཅིག་ཞག་གཅིག་བ་ཞག་གཅིག་ཏེ་ཕོཝ་ཐོན་སོང་ནུག་ལོ་ཏེ་ཨ་ལུ་སྐྱེས་ནི་སྦེ་ཨ་ཞེམོ་གཉིས་ཕོཝ་ཕོཝ་ཕར་ཕར་ཕར་ཕར་ཐོན།
  • ཀརྨ་དངོས་གྲུབ་
    ཏེ་ཨེང་དེ་ལསན་ཕོཝ་ཐོན་ཡི་ཐོན་ཡི་སྦེ་ཏེ་ད་ཟླཝདགུ་དང་ཞག་བཅུ་ ལངས་པའི་བསྒང་ལསན་ཏེ་ཨ་ཞེམོ་སྦོམ་ཤོས་ཀྱི་སྲས་ཉིམ་ཅིག་འཁྲུངས་སྲས་ཅིག་འཁྲུངས་ཏེ་ཨ་ཞེམོ་བར་ན་སྐོརམ་འདི་གིས་ ཕྱི་རུ་ཟླ་དཀར་ཤར་ནི་དང་འདྲས་ ཤར་ལས་ཟླ་དཀར་ཤརཝ་ད་བསྟུན་ཏེ་སྦེ་བུ་ཅིག་སྐྱེས།
  • ཀརྨ་དངོས་གྲུབ་
    ཏེ་ཨ་ནཱེ་སྦེ་སྐྱེས་དེ་ལསན་དེ་གི་ནངས་པ་ཏེ་ནུམ་ཆུང་ཤོས་ཨ་ནཱི་ཨ་པའི་མགུ་ཏོག་ར་བཟའ་མི་འདི་གིས་བྱ་གཉིས་སྐྱེས་སྐྱེཝ་མས་ལགས།བྱ་པོད་བྱ་ཅུང་གཉིས་ཏེ་བྱ་ཅུང་གཉིས་སྐྱེས་ཞིནམ་ན་ལས་དེ་ལསན་ཏེ་བྱ་ཅུང་གཉིས་སྐྱེས་འབད་སྦེ་དབའེ་ད་འབདན་ད་གནམ་མེད་ས་མེད་ ལྟས་ངན་ཨིན་མས་ཟེར་ད་ང་བཅས་ཀྱི་སྲས་སྲསམོ་ཁྱོད་སྦོམ་ཤོས་འདི་དང་ བར་ན་སྐོརམ་འདི་གི་སྲས་ཉིམ་དང་ཟླཝ་འཁྲུངས་ཡི་ཟེར།
  • ཀརྨ་དངོས་གྲུབ་
    ད་མོ་གིས་ཏེ་བྱ་འདི་ཨིན་མས་ཟེར་ ད་བྱ་འདི་ལྟས་ངན་ཨིན་ཟེར་དེ་ལསན་ཏེ་ ང་བཅས་ར་ད་རེས་བཟུམ་འབད་བ་ཅིན་
    ད་རེས་ཏེ་ད་ མི་ད་རེས་ད་ཚོགས་འཛོམས་རྐྱབ་བཀུག་ཞིནམ་ན་འབད་ཏེ་ཏེ་ད་ག་ར་ཏེ་ད་ཨ་ནཱི་གི་ཨིན་པས་ད་རྒྱལ་ཁབ་ཀྱི་བློ་བཙོང་ནི་མས་ཟེར།
  • ཀརྨ་དངོས་གྲུབ་
    ད་ཨ་ནཱི་བྱ་གཉིསཔ་འདི་ད་མོ་ར་གིས་ ག་ཏེ་བཀལ་རུང་བཀལ་ཟེར་ཁྱོད་ར་ཆ་ཁྱབ་ཆུ་བཙུགས་ཆུ་ནང་བཀལ་དགོ་རུང་བཀལ་མི་ནང་བསྲེག་དགོ་རུང་བསྲེག་དོང་ནང་བཙུགས་དགོ་རུང་བཙུགས་ད་ཁྱོད་ར་ཏེ་ད་མི་སེར་དམངས་ཀྱིས་ཁྱོད་ར་གི་ བློ་འདོད་ལྟར་དུ་སྦེ་འབད་ད་ཟེར་ཏེ་རྒྱལ་པོ་གི་བཀའ་གྲོལ་སོང་ནུག
  • ཀརྨ་དངོས་གྲུབ་
    ཏེ་གྲོལ་བའི་ཤུལན་ཏེ་ལས་ཨ་ནཱ་ལུ་མ་ལྷོདཔ་ཨ་རྒས་ཅིག་མ་ལྷོདཔ་མས་ལགས་འདི་ནང་ དེ་ལས་ཤུལ་ཤུལ་དེ་ལྷོད་འབདཝ་ད་འདི་གིས་འབདཝ་ད་ལུ་ཏེ་ག་དེ་སྦེ་ཨིནམ་ཟེརཝ་ད་ལུ་ཏེ་ཨ་ནཱེ་སྦེ་འབད་ཡི་ཟེར་འབདཝ་ད་དབའེ་ལ་ལུ་གིས་ མེ་ནང་གསད་གེ་ཟེར་ལ་ལུ་ས་དོང་ནང་བཙུགས་གེ་ཟེར་ལ་ལུ་ཆུ་ནང་བཀལ་གེ་ཟེར།
  • ཀརྨ་དངོས་གྲུབ་
    ཏེ་ཨ་ནཱེ་འབད་འབདཝ་མས་ལགས་ ཁོང་ར་གྱོས་བཀོད་བསྡུ་བའི་བསྒང་ར་ཏེ་ཨ་ནཱི་ཨ་རྒས་གཅིག་ཐོན་ཏེ་ཨ་རྒས་འདི་གིས་དབའེ་ཏེ་ད་གན་སྨོ་ཟེརན་ཏེ་ད་མི་ལུས་རིན་ཆེན་མས་ཟེར་ད་རྒྱལ་པོའི་སྲསམོ་མས་ཟེར་དངམ་ཅིག་དངམ་གཅིག་མི་ལུས་རིན་ཆེན་མས་གཉིས་པ་རྒྱལ་པོའི་སྲསམོ་ཅིག་མས།
  • ཀརྨ་དངོས་གྲུབ་
    ཏེ་ད་བྱང་ཕྱད་འདི་དཔོན་མས་ཟེར་ཏེ་ད་དཔོན་ལུ་བྱང་ཕྱད་འདི་ཏེ་དཔོན་དང་ཨ་ལུ་འདྲ་ཟེར་དེ་ཅིག་བར་ན་ག་དེམ་ཅིག་སྦེ་ཏེ་ལྟ་མ་ཏེ་ངེའི་བུམོ་འདི་ད་འབག་ཤོག་ཤིས་འཁྱིད་ཤོག་ཟེར་འབད་བ་ཅིན་ང་བཅས་ཀྱིས་ ག་ལས་བཏོན་ནི་སྨོ་ཟེར་དེ་བས་འདི་མི་ནང་ཡང་བསད་མི་དགོ་ཆུ་ནང་ཡང་བཀལ་མི་དགོ་དོང་ནང་ཡང་བཙུགས་མི་དགོ
  • ཀརྨ་དངོས་གྲུབ་
    ཨ་ནཱི་མཐའ་ཡས་རྒྱ་མཚོ་ཆེན་མོ་གི་ཕར་ཁར་ལུ་རྒྱ་མཚོ་ཕར་ཁར་བཀལ་བཞག་གེ་ཟེར་ཕི་ནང་བཀལ་སྦ་སྒོར་རྐྱབ་སྦེ་ཏེ་ཁོང་ར་བྱ་གཉིས་དང་བུམོ་འདི་ཕར་བཀལ་བཞག་འབད་བ་ཅིན་ལྟ་མ་གལ་སྲིད་ག་དེམ་ཅིག་སྦེ་ངེའི་བུམོ་བུམོ་འདི་བདའ་ཤོག་འབག་ཤོག་ཟེར་བ་ཅིན་ང་བཅས་ར་ཕར་ལས་ལེནམ་ཅིག་དུས་འཕྲོ་ལས་ཕུལ་ཆོག་ཆོག་སྦེ་དེ་སྦེ་བཞགཔ་དྲག་ཟེར།
  • ཀརྨ་དངོས་གྲུབ་
    རྒྱལ་པོའི་ཕོག་མི་མཐོང་ཟེར་གནམ་དང་རྒྱལ་པོའི་ཕོ་མི་མཐོང་ཟེར་མི་འདི་ཏེ་ཨ་ནཱེ་སྦེ་ཨིན་ཟེར་གནམ་ཕོག་མི་མཐོང་ཟེར་ཨ་ནཱེ་སྦེ་བཞགཔ་འདྲ་ཟེར་སླབ་སྦེ་ཏེ་འདི་ལས་ཁན་འཆམ་ཆེ་ནུག་དེ་ལསན་ཏེ་མཐའ་ཡས་རྒྱ་མཚོ་ཆེན་པོ་ཟེར་ སླབ་མས་ལགས་མ་པ་འདི་རྒྱ་མཚོ་འདི་སྦོམ་ཤོས་ག་དེམ་ཅིག་ཡོད་ག་མཐའ་ཡས་རྒྱ་མཚོ་ཆེན་མོ་ཟེརཝ་ད་ནཱ་འབདན་གནམ་མེད་ས་མེད་ཏེ་ཨ་ནི་ཕར་ཁར་བཀལ་འབད་སྦེ་ཏེ་སྦ་སྒོ་གཅིག་རྐྱབ་འབད་བཞག་བཞགཔ་མས་ལགས་ཕར་ལུ།
  • ཀརྨ་དངོས་གྲུབ་
    ཁོང་ར་མ་སྨད་གསུམ་བྱ་གཉིས་བྱ་པོད་ཆུང་ཀུ་གཉིས་དང་ཨའི་འབད་སྦེ་ཏེ་སྦ་སྒོར་རྐྱབ་འབད་སྦེ་ཕི་ནང་སྡོད་ཏེ་ཕི་ནང་སྡོད་དེ་ལསན་ཏེ་བྱ་གཉིས་ཀྱི་ཡར་འབད་མར་འབད་སྦེ་ཏེ་ལཱ་རེ་འབད་ཨ་ཙི་རེ་འབད་ཏེ་རག་རོག་འབད་སྦེ་ཏེ་ཕི་ནང་བཟའ་ཨའི་གི་བསོད་སྙོམས་རེ་རྐྱབ་སྦེ་ དེ་སྦེ་ར་བཟའ་ཤེས་ད་འདུག་དེ་ལསན་ཏེ་ལོ་གསུམ་དེ་ཅིག་འགྱོཝ་ད་ལུ་ཏེ་བྱ་པོད་སྦོམ་ཤོས་ཀྱིས་སླབ་སླབ་མས།
  • ཀརྨ་དངོས་གྲུབ་
    ང་ཨའི་ཁྱོད་ཀྱི་ཕར་ཡབ་རྒྱལཔོ་བཞུགས་སར་སོང་ཞིནམ་ན་སྲས་ཉིམ་དང་ཟླཝ་ ཕྱག་ལཱ་ག་ཅིག་མཛད་ཡི་ག་བལྟ་བ་སོང་ཟེར་འབདཝ་ད་འེང་ཟེར་དེ་ལས་ཏེ་ཏེ་མཐའ་ཡས་རྒྱ་མཚོ་ཆེན་པོ་མས་ཏེ་ང་ནཱ་རྒྱ་མཚོ་ནང་ལས་ཕར་ང་གིས་ ག་དེ་སྦེ་འགྱོ་ནི་ཟེར་འབདཝ་ད་ལུ་མཐའ་ཡས་རྒྱ་མཚོ་ཆེན་མོ་ནང་ལས་ཁྱད་མེད་ཟེར་ནོར་གྱི་ཨ་ཝ་ལགས།
  • ཀརྨ་དངོས་གྲུབ་
    ནོར་གྱི་ཨ་ཝ་ཀོ་གྲུ་བཟོ་ཞིན་ན་ཏེ་ཨ་ནཱི་ཀོ་གྲུ་ནང་བཙུགས་འབད་སྦེ་ཨའི་འདི་ ཏེ་བཏང་ད་འདུག་ལགས་ ཕར་ཁར་ཕར་མོ་རང་གི་ཡབ་བཞུགས་ས་ལུ་སྲས་ཉིམ་ཟླཝ་ག་ཅི་ཕྱག་ལཱ་ག་ཅི་མཛད་དོ་ག་བལྟ་བ་ ཏེ་ཕར་བལྟ་བ་བཏངམ་ད་ལུ་སྲས་ཉི་མ་དང་ཟླཝ་ཏེ་ཕར་དེ་ལསན་ཏེ་ཕར་འགྱོ་འབད་སྦེ་ཏེ་ཕར་ཁོ་ར་ ཧེ་མ་མོ་ར་ཕར་བཞུགས་པའི་ནམ་དུས་ལུ་མོ་ར་ཆུང་ཀུ་བསྒང་བཞུགས་མི་ ཨཔ་ཅིག་ཡོདཔ་མས་ལགས་ཨ་རྒས་ཅིག
  • ཀརྨ་དངོས་གྲུབ་
    ཕྲང་ཕྲང་དེ་འབད་སར་བྱོན་འབད་སྦེ་ཏེ་ཡི་ནང་ལུ་གསོལཝ་ཚོགས་ གནམ་མེད་ས་མེད་དྲངས་དེ་གི་སྦེ་དྲངས་ཞིནམ་ན་དེ་ལསན་ཏེ་ཕར་བསོད་སྙོམས་ཞུ་བ་སོང་སོངམ་མས་སྦྱིན་པ་ཞུ་བ་ལགས་ཡབ་བཞུགས་སར་ད་མར་སྒོ་ར་སྒོ་ཁ་ལས་ཞུ་ཞུཝ་མས་ཤར་ཕྱོགས་མངའ་ལྡན་གྱི་རྒྱལ་པོ་ང་ལུ་སྦྱིན་པ་ཅིག་ཞུ་གེ་ཟེར་མར་ལས་སྐད་རྐྱབ་ད་ཡ་ཨ་མར་བོདམ་ཟམ་ཅིག་མར་འཐོན་འོང་ནུག
  • ཀརྨ་དངོས་གྲུབ་
    ཟམ་བུད་མེད་ཅིག་ ཨ་མར་སྦྱིན་པ་ལེན་པ་ཐོན་འོང་ནུག་སྦྱིན་པ་བཏང་ཤིག་ཟེར་རྒྱལ་པོ་གིས་ཏེ་དེ་སྦེ་གསུངསམ་ད་ལུ་ཕར་ལས་ཚྭ་ཕུད་ཏ་གང་ཕྱི་ཕུད་ཏ་གང་ཆང་གི་སྦངམ་ཕུད་ཏ་གང་ཕུད་ཏ་གསུམ་གནང་འབད་སྦེ་ཏེ་ཏེ་སྦྱིན་པ་འདི་ ཨ་ནེམ་ཅིག་གནང་གནངམ་མས་ཡབ་ཀྱིས་ ཡབ་ཀྱིས་མོ་ཨིནམ་མི་ཤེས་པས་ལགས།
  • ཀརྨ་དངོས་གྲུབ་
    དེ་ལས་དེ་ལས་ལོག་དེ་ལས་ཁོ་ར་གིས་མོ་རང་གིས་ཕར་མོ་ར་བཞུགས་མི་གི་ཨཔ་འདི་སྡོད་སར་སོང་འབད་སྦེ་ཏེ་ད་ད་སྲས་ཉིམ་དང་ཟླཝ་ཕྱག་ལཱ་ག་ཅི་མཛད་དོ་ག་ཟེར་ཏེ་འདྲི་འདྲིཝ་མས་ཨཔ་འདི་ལུ་ད་སྲས་ཉིམ་དང་ཟླཝ་ མར་ལུ་ ཡུལ་ལུ་འོག་ཀླུའི་རྒྱལ་པོའི་གི་སྲསམོ་ཏེ་གནའམ་ལེན་ནི་སྦེ་ཏེ་ད་ཤིང་ཆ་ཞོགས་དོ་ཟེར།
  • ཀརྨ་དངོས་གྲུབ་
    ད་བཟོཝ་ཁལ་ལྔ་དང་ལྔ་མགརཝ་ཁལ་ལྔ་དང་ལྔ་སྤྲུས་རྐུ་ཁལ་ལྔ་དང་ལྔ་ཨ་ནཱེ་སྦེ་ག་ར་བཀུག་ནཱ་ལུ་ཏེ་མགརཝ་དང་སྤྲུས་རྐུ་གིས་ལྕགས་ཐག་རྡུངམ་མས་ཟེར་མགརཝ་ན་ཤིང་བཟོ་ཚུ་གིས་ཤིང་ཞོགས་ཏེ་ད་ཨ་མར་མཐའ་ཡས་པའི་ རྒྱ་མཚོ་ཆེན་མོའི་ནང་ལས་ཕར་ཟམ་རྐྱབ་ནི་འབད་དོ་ཟམ་རྐྱབ་ནི་མས་ཟེར་ཏེ་ཞུ་ཞུཝ་མས།
  • ཀརྨ་དངོས་གྲུབ་
    ཏེ་ཨ་ནཱེ་སྦེ་འབད་ཞིནམ་ན་ལས་ཨ་ནཱེ་འབད་ཞིནམ་ན་ལས་དེ་ལསན་ཏེ་ཏེ་དེ་ལསན་ཏེ་ནཱ་ཟམ་རྐྱབ་དོ་ཟེར་ སླབ་ཞིནམ་ན་ལས་ཏེ་དེ་ལསན་ལགས་སོ་ལགས་སོ་སླབ་འབད་སྦེ་ ཏེ་ཨཔ་འདི་ལོག་ཨམ་སྲསམོ་འདི་ལོག་བྱོན་སོང་ནུག
  • ཀརྨ་དངོས་གྲུབ་
    བྱོན་འབད་སྦེ་ད་རུང་ཨ་མི་ནང་ རྒྱ་མཚོ་མཐའ་མར་ལྷོདཔ་ད་ད་རུང་མོ་ར་གི་ཀོ་གྲུ་འདི་གུ་བཞོན་འབད་སྦེ་ཏེ་ད་རུང་རྒྱ་མཚོ་ཕར་ཁར་འཐོན་འགྱོ་འབད་སྦེ་རྒྱ་མཚོ་ནང་ལས་ཕར་འགྱོ་བའི་བསྒང་ལསན་ཕར་ལུ་གནམ་མེད་ས་མེད་ཀྱི་ཏེ་ཆུ་ཆུ་གི་སྒྲ་གནམ་མེད་ས་མེད་ཀྱི་འདུག་ཟེར་མས་ལགས་ཁོང་གི་སྦ་སྒོ་ནང་ལུ།
  • ཀརྨ་དངོས་གྲུབ་
    གནམ་མེད་ས་མེད་དུང་རྒྱ་གླིང་རོལམོ་སིལ་སྙན་གྱི་སྒྲ་སྒྲོག་ཨ་ནཱི་ཚུ་གི་བཞགཔ་མ་གཏོགས་ཅིག་གི་ཁོང་གི་སྦ་སྒོར་ཨིན་མནོ་བའི་མནོ་བསམ་མིན་འདུག་ཟེར་མས་ཕི་ནང་ཁོང་གི་ཁྱིམ་ནང་ལུ་སྦ་སྒོར་ནང་ལུ་ཏེ་ནཱ་ལས་ཕར་བྱོན་འབད་སྦེ་ཏེ་ ཨའི་དེ་ཕར་ལྷོད་པའི་བསྒང་ལསན་[ཏེ་པ་པོ་]ཕར་ལྷོད་པའི་བསྒང་ལསན་ཏེ་བྱ་པོད་གཉིས་ར་ཨིན་པས་ཟེར་མས།
  • ཀརྨ་དངོས་གྲུབ་
    བྱི་ཅུང་གཉིས་ར་གཅིག་ཐགཔ་ཕི་ཧོངས་ལས་འཛེག་གཅིག་ནཱའི་ཧོང་འཛེག་འབད་སྦེ་གདོང་སྐོར་རྐྱབ་འབད་སྡོད་ནུག་ཟེར་མས་ཁོང་ར་གཉིས་སྤུན་ཆ་གཉིས་ཏེ་ཁོང་ར་གཉིས་དེ་སྦེ་སྡོད་འབད་སྦེ་ དེ་ལསན་སྤོས་དང་ སངས་ཀྱི་དྲིམ་འདི་གི་ གནམ་མེད་ས་མེད་བསམ་གྱིས་མི་ཁྱབ་ཡོདཔ་མས་ཏེ་ལགས་ཕི་ནང་ལུ།
  • ཀརྨ་དངོས་གྲུབ་
    དེ་ལསན་ཏེ་དབའེ་ཏེ་ག་ཅིམ་ཨིནམ་ཏེ་ད་ཅིག་ང་ཕར་ལས་འོངམ་ད་འ་ནཱེ་སྦེ་འདུག་ཟེར་སླབ་པན་ཨའི་གི་མིག་ཏོ་འཁྲུལ་འཁྲུལཝ་འོང་ཟེར་ སླབ་འབད་སྦེ་ཏེ་ག་དེ་སྦེ་འབད་དེ་ཟེརཝ་ད་ད་རོགས་མར་ཕར་སྲས་ཉིམ་དང་ཟླཝ་ ཏེ་འོག་ཀླུའི་རྒྱལ་པོའི་སྲསམོ་ཏེ་གནའམ་ལེན་ནི་སྦེ་ཏེ་ད་ཕར་ཤིང་ཆ་གཞོག་ལྕགས་ཐག་རྡུངས་འ་ནཱེ་སྦེ་འབདཝ་མས་ཟེར་མས།
  • ཀརྨ་དངོས་གྲུབ་
    འེང་ཟེར་སླབ་སྦེ་དེ་ལསན་ཁོང་སྤུན་ཆ་གཉིས་ཡང་ནངས་པར་འཛུལ་སོང་ནུག་ཡར་རི་ཁར་ལས་ཡར་རི་ཁར་འགྱོ་སྦེ་ཁོང་སྤུན་ཆ་གཉིས་སོང་སྦེ་ཡར་ལས་ཤིང་གི་རྡོ་མ་ཅིག་འཚོལ་ཏེ་ཙན་དན་གྱི་ཤིང་གི་རྡོ་མ་ཅིག་འཚོལ་སྡོད་དེ་ཏེ་ འ་ནཱི་མར་མཚོའི་མཚོའི་མཐའ་མར་བཙུགས་པར་སོང་སོངམ་མས་ལགས།
  • ཀརྨ་དངོས་གྲུབ་
    ཡ་་ད་འབདན་འོང་ཀླུའི་རྒྱལ་པོའི་སྲསམོ་འདི་ལུང་བསྟན་འདི་ ང་བཅས་སྤུན་ཆ་གཉིས་ལུ་ཡོད་ཟེར་བ་ཅིན་ནངས་པ་དྲོ་པ་ལས་ར་སྐྱེ་བཅུག་ཟེར་ཏེ་ཤིང་འདི་བཙུགས་ད་འདུག་ཁོང་གཉིས་ཀྱི་ཡང་ལགས།
  • ཀརྨ་དངོས་གྲུབ་
    འོག་ཀླུའི་རྒྱལ་པོའི་སྲསམོ་འདི་ ཁོང་གཉིས་ཀྱིས་ལེན་ནི་སྦེ་ལུང་བསྟན་ང་བཅས་ལུ་ཡོད་ཟེར་བ་ཅིན་ནངས་པ་དྲོ་པ་ལས་སྐྱེ་བཅུག་སྨ་རེ་ཟེར་ཏེ་སྨོན་ལམ་བཏབ་བཙུགས་འབད་སྦེ་ཏེ་ནངས་པ་དྲོ་པ་འབད་བའི་བསྒང་ལས་མར་ལས་སྐྱེས་ཆེ་ནུག
  • ཀརྨ་དངོས་གྲུབ་
    དེ་ལསན་ཞག་གཅིག་བ་ཞག་གཅིག་ཞག་གཅིག་བ་ཞག་གཅིག་ཞག་གཅིག་བ་སྦོམ་སྦེ་འགྱོ་ཤིང་ཏང་ཏང་སྦེ་ཙན་དན་ཤིང་བཟུམ་སྦེ་སྐྱེས་ཏེ་འ་ནཱེ་སྦེ་ ཞལ་ལག་ཡང་ག་ནི་མེད་པ་འ་ནཱེ་སྦེ་སྐྱེས་མཐོང་མཐོང་པའི་གསེས་མས་དཔག་བསམ་ལྗོན་ཤིང་ཨིན་མས་ཏེ་མ་པ་ལགས་བཟོ།
  • ཀརྨ་དངོས་གྲུབ་
    དེ་ལས་འ་ནཱེ་སྦེ་སྐྱེས་འབད་ཞིནམ་ན་ལས་དེ་ལསན་ཏེ་ཁོང་གཉིས་ཀྱིས་ འ་ནཱེ་སྦེ་བཙུགས་དེ་ལས་ད་རུང་ཟླཝ་གསུམ་དེ་ཅིག་ལས་ཏེ་ད་མར་དེམ་ད་རུང་བཏང་ནུག་ཨའི་ཕར་ད་ཁོང་གཉིས་ག་ཅི་འབད་དོ་ བལྟ་སོང་ཨའི་ཟེར་ཕར་བལྟ་བ་འགྱོ་བའི་བསྒང་ལས་དེ་ལསན་ཏེ་ལྕགས་ཐག་ཡང་བསྒྲུབས་ག་ར་བསྒྲུབས་ཤིང་ཆ་ག་ར་མར་མཚོའི་མཐའ་མར་བཀལ་ག་ར་ཟམ་བཙུགས་ནི་གུར་ལྷོད་སོང་ནུག་ལགས།
  • ཀརྨ་དངོས་གྲུབ་
    ཟམ་བཙུགས་ནི་གུ་ཀྲིག་ཀྲིག་ལྷོད་ཅ་ལ་པུ་ར་[ག་ར་]མར་འདྲོངས་འབད་སྦེ་ཏེ་ད་རུང་ཡར་ ཡབ་བཞུགས་སར་སོང་འབད་སྦེ་ ཤར་ཕྱོགས་མངའ་སྡེ་གི་རྒྱལ་པོ་ ང་ལུ་སྦྱིན་པ་ཅིག་ཞུ་གེ་ནུག་ཟེར་སྐད་རྐྱབ་མར་ལས་སྒོ་ར་སྒོ་ཁར་ལས་རྐྱབ་ད་ད་རུང་ཡར་ལས་ ད་ཁ་ཙ་ཁ་ཉིནམ་བཟུམ་སྦེ་ཏེ་ཚྭ་ཕྱི་འ་ནཱེ་སྦེ་གནང་འབད་སྦེ་ཏེ་ཏེ་འ་ནཱེ་སྦེ་འབད་སྦེ་ཏེ་ད་རུང་ལོག་འོང་ད་ཡང་ད་རུང་ཨ་རྟག་ག་ཨིནམ་སྦེ་སྡོད་ནུག་ཟེར་མས།
  • ཀརྨ་དངོས་གྲུབ་
    དེའི་ཚེ་བཟུམ་སྦེ་ར་འ་ནཱེ་སྦེ་སྤོས་ གནམ་མེད་ས་མེད་ཀྱི་ཆོས་ཀྱི་སྒྲ་ཏེ་ གནམ་མེད་ས་མེད་ཀྱི་ལྷ་ཁང་སྦོམ་སྦེ་བཞེངས་ད་ནུག་དེ་བསྒང་ལས་འདི་ཡར་ཨམ་ཨའི་འདི་གིས་ ཕར་ཁོང་གི་སྦ་སྒོར་འདི་ དེ་ལསན་ཏེ་ཕར་ག་དེ་སྦེ་འབད་དོ་ཨའི་ཟེར་འབདཝ་ད་ཨ་ད་ཁོང་རོགས་ཕར་ཏེ་ ད་ཤིང་ཆ་ག་ར་མར་འདྲོངས་ཚར་ནུག་ཟེར་ད་ལྕགས་ཐག་དང་དེ་ཚུ་ཡང་ག་ར་མར་འདྲོངས།
  • ཀརྨ་དངོས་གྲུབ་
    ཏེ་ནངས་པ་གི་ཚེས་བཅོ་ལྔ་ལུ་ཏེ་མར་ཟམ་རྐྱབ་ནི་འགོ་བཙུགས་ནི་མས་ཟེར་འ་ནཱེ་སླབ་སླབ་མས་ཨའི་གིས་དེ་སྦེ་སླབ་འབད་དེ་ལསན་ནངས་པ་ཨའི་ད་ང་བཅས་གཉིས་ལུ་ང་བཅས་སྤུན་ཆ་གཉིས་ལུ་ ཏེ་ལྟོ་ཅིག་བཅིངས་ཤིག་ཟེར་ད་ང་བཅས་ཡང་ རི་ཁར་འགྱོ་གེ་ཟེར་ཏེ་ཁོང་གཉིས་ལུ་ ལྟོ་ཅིག་བཅིངས་འབད་སྦེ་ཏེ་ལྟོ་ཅིག་ ལྟོ་ཨ་ཙི་བཅིངས་འབད་སྦེ།
  • ཀརྨ་དངོས་གྲུབ་
    ཡ་ཡ་ཟེར་ག་ཅི་འབད་བ་འགྱོ་ནི་ཟེར་དེ་ལས་མུ་འཐེན་པར་འགྱོ་ནི་ཟེར་མུ་མཁྱེན་པ་སྨོ་ལགས་ཚར་གི་མུ་ཨ་ནཱི་མུ་ཟེར་ཅིག་ཡོད་པ་ལགས་རི་ཁར་ཨ་ནཱི་ང་བཅས་ར་ཨ་ནཱི་པ་ལ་བང་ཅུང་ཨ་ནཱི་བསྡམས་ནི་ཅིག་འདུག་བ།
  • ཀརྨ་དངོས་གྲུབ་
    མུ་མུ་མུ་ཟེར་ཏེ་འ་ནཱི་མུ་འཐེན་པ་འགྱོ་གེ་ཟེར་སླབ་འབད་སྦེ་ཏེ་ཡར་རི་ཁར་སོང་ཡར་ནགས་ཚལ་སྦོམ་ནང་ལས་བཟུམ་ཅིག་ཁར་ལས་སོང་འབདཝ་ད་མུ་སྦོམ་ཤོས་ཨ་ནེམ་ཅིག་འབད་མི་ཅིག་གནམ་མེད་ས་མེད་རིངམོ་ཏེ་མར་ཤིང་གི་རྩ་བ་ལས་ཡར་ཏེ་ཏེ་གཅད་གེ་ཟེར་བ་ཁོང་གཉིས་ལུ་ལག་ཆ་མིན་འདུག
  • ཀརྨ་དངོས་གྲུབ་
    དེ་ལསན་ཏེ་ར་བརྐོ་ར་བརྐོ་ཞིནམ་ན་སྦེ་ཏེ་རྡོ་ཨ་ནེམ་ཅིག་བཏགས་འབད་སྦེ་ཏེ་དེ་མུ་འདི་གི་ར་འདི་གུ་ར་མུ་འདི་ར་འདི་གུ་ རྡོ་སྦོམ་ཤོས་ཨ་ནེམ་ཅིག་བཏགས་འབད་ཤུལ་ལསན་ཡ་ད་འབདན་འོག་ཀླུའི་རྒྱལ་པོའི་སྲསམོ་འདི་ཏེ་ང་བཅས་སྤུན་ཆ་གཉིས་ལུ་ལུང་བསྟན་འདི་ཡོད་ཟེར་བ་ཅིན་ཨ་ནི་མུ་འདི་ཨ་ནི་རྡོ་ཆུང་ཀུ་ཅིག་གིས་འཐེན་བདའ་སྨ་རེ་ཟེར་ཏེ་རྡོ་འདི་བཀོ་བཀོཝ་མས་ལགས།
  • ཀརྨ་དངོས་གྲུབ་
    རྡོ་འདི་བཀོཝ་ད་ཨ་ནཱི་རྡོ་འདི་གི་ཏེ་མུ་འདི་མུ་རིང་ཐུང་རྫོགསཔ་འདི་ཏེ་འཐེན་བདའ་ཆེ་འདུག་ནཱ་ལས་མར་མར་མཚོའི་མཐའ་མ་ལྷོདཔ་ཤགས་ཐ་ཁེནམ་ དེ་ལས་མར་མཚོའི་མཐའ་མ་ལྷོདཔ་བཀལ་འབད་སྦེ་ཏེ་མི་ནང་བཞག་བཞགཔ་མས་དེ་ལས་མི་ནང་བཞག་དེ་ལས་ཁོང་ཁོང་གཉིས་གཅིག་ཕི་ཧོང་སྡོད་གཅིག་ནཱི་ཧོངས་རྡོ་ཆས་གུ་འཛེག་སྡོད་འབད་སྦེ་དེ་ལས་ཁོང་ཟམ་རྐྱབ་ནུག་ཏེ་ལགས།
  • ཀརྨ་དངོས་གྲུབ་
    སྲས་ཉིམ་དང་ཟླཝ་ཨ་ནཱི་ཆུ་འདི་ནང་ཟམ་རྐྱབ་པའི་བསྒང་ལས་ཆུ་ཤིང་གཅིག་བཏང་རུང་ཡང་མཚོ་ནང་འཐིམ་གཉིས་བཏང་རུང་ཡང་མཚོ་ནང་འཐིམ་གསུམ་བཏང་རུ་ཡང་མཚོ་ནང་འཐིམ་ཏེ་མ་པ་ལས་ར་ཏེ་ཟམ་འདི་ཕར་སྦེ་བཞག་ཤིང་ཡང་མ་པ་ལས་རྫོགས་སོང་ནུག
  • ཀརྨ་དངོས་གྲུབ་
    ཤིང་ཡང་གཅིག་ཡང་མིན་འདུག་ལགས་དེ་ལསན་དེ་ལསན་ཏེ་ད་ད་བཏུབ་པས་ད་སྲས་ཉིམ་དང་ཟླཝ་འདི་ཏེ་ད་ཟམ་རྐྱབ་མ་ཚུགས་ད་ང་བཅས་ཀྱི་རྐྱབ་གེ་ཟེར་ཁོང་སྤུན་ཆ་གཉིས་ཀྱིས་ད་ང་བཅས་བཏང་གེ་ཟེར་དེ་ལས་ད་འབདན་ཏེ་དེ་ལས་འ་ནཱི་ཤིང་འདི་ རྩ་བ་འགྱོ་འབད་སྦེ་ཏེ་ཁོང་ར་སྤུན་ཆ་གཉིས་འགྱོ་བའི་ཤུལ་ལསན་ཏེ་གཅིག་གཡས་ལས་སྦེ་གཅིག་གཡོན་ལས་སྦེཡ་ད་འབདན།
  • ཀརྨ་དངོས་གྲུབ་
    ང་བཅས་གཉིས་ང་བཅས་ར་སྤུན་ཆ་གཉིས་ཀྱིས་ད་འོང་ཀླུའི་རྒྱལ་པོའི་སྲསམོ་འདི་ང་བཅས་ར་སྤུན་ཆ་གཉིས་ཀྱི་ལུ་ལུང་བསྟན་ཡོད་ཟེར་བ་ཅིན་མཐའ་ཡས་རྒྱ་མཚོ་ཆེན་པོ་བརྒལ་ཏེ་སྦེ་ཕར་ཁར་འདོམ་བརྒྱད་མེན་དགུ་ཚུར་ཁ་འདོམ་དགུ་ལྷག་བཅུག་སྨ་རེ་ཟེར་ སྨོན་ལམ་བཏབ་བཏང་བཏངམ་ཨིན་ཟེར་མས་ལགསཤིང་འདི།
  • ཀརྨ་དངོས་གྲུབ་
    ཤིང་འདི་བརྡབ་བཏངམ་ཅིག་དེ་ལས་ནཱ་ལས་ཕར་འཛུལ་བའི་བསྒང་ལས་ཤིང་འདི་གི་ཏེ་ཏང་ཏ་འགྱོ་བའི་ཤུལ་ལསན་མཚོ་དེ་གི་སྦུག་ལས་ཕར་ཏེ་ཕར་འདོམ་དགུ་ལྷག་ཚུར་འདོམ་དགུ་ལྷག་འབད་སྦེ་ཏེ་ཟམ་རྐྱབ་ནུག་ལགས།
  • ཀརྨ་དངོས་གྲུབ་
    ཟམ་རྐྱབ་འབད་སྦེ་ཏེ་ཁོང་ཏེ་མི་འབད་ནི་དེ་གི་དེ་ལསན་ཏེ་ཁོང་གི་ཨིན་རུང་མེན་རུང་ ལྕགས་ཐག་འདི་བཏང་དགོ་ཟེར་ཧེ་མ་ཧེ་མ་ཁོང་གི་ལྕགས་ཐག་བཏང་དགོ་ཟེར་ཁོང་ཁོང་སྤུན་ཆ་གཉིས་འབདན་ཁོང་ར་གི་ཟམ་ཨིན་ཁོང་ར་བཏང་དགོ་ཟེར།
  • ཀརྨ་དངོས་གྲུབ་
    དེ་ལས་ཁོང་ར་ བང་ཆེ་བས་ཏེ་རོགས་ཁོང་དེ་ལས་ཁོང་གིས་ཏེ་ནཱ་ལས་མར་ལྕགས་ཐག་འདི་ཁོང་གི་ལྕགས་ཐག་འདི་བཏང་བཅུག་ནུག་ཏེ་ཁོང་གི་ལྕགས་ཐག་འདི་བཏང་པའི་བསྒང་ལས་ཕྱེད་ཀ་གི་ཕྱེད་ཀ་ཡང་མི་ལྷོད་པས་ཟེར་མས་ལགས།
  • ཀརྨ་དངོས་གྲུབ་
    མར་འོག་ཀླུ་ཡུལ་ལུ་ད་ད་མེད་བདའ་མི་ཟིན་པས་ཟེར་ཏེ་ཕྱེད་ཀ་ལས་ཕྱེད་ཀ་ཡང་མི་ལྷོད་པ་དེ་ལསན་ཏེ་མར་ནཱ་ལས་མར་ད་ད་ང་བཅས་ཀྱི་བཏང་གེ་ཟེར་ཏེ་ཁོང་གི་མུ་འདི་བཏང་པའི་བསྒང་ལསན་དེ་ལསན་ཏེ་ཡར་ཨ་ནཱི་ཡང་སྨོན་ལམ་བཏབ་ནཱ་ལས་མར་ལུ་ཏེ་གནམ་མེད་ས་མེད་སྨོན་ལམ་བཏབ།
  • ཀརྨ་དངོས་གྲུབ་
    ཏེ་ནཱ་ལས་མར་ཡ་མར་འོག་ཀླུའི་རྒྱལ་པོ་གི་ཁྱིམ་ཐོག་གུ་ཏེ་ད་པུ་ཏ་གི་ཞག་བཟུམ་ཅིག་ཡར་རྒྱ་མཚོའི་ཁ་ལུ་ཨ་ནེམ་ཅིག་ལྷག་ ལྷག་ལུས་བཅུག་ཟེར་སྨོན་ལམ་བཏབ་བཏང་པའི་བསྒང་ལསན་ཏེ་མར་འོག་ཀླུའི་རྒྱལ་པོའི་གསེར་ཏོག་གུ་ཏེ་མུ་གི་ཨ་ནེམ་ཅིག་མས་ཟེར་ཅོ་ཀོ་ཨ་ནེམ་ཅིག་ལགས་མར་ལྷག
  • ཀརྨ་དངོས་གྲུབ་
    ཏེ་ཡར་ཡར་མཚོའི་ཁ་ཡང་ གནམ་མེད་ས་མེད་ལྷག་ཐོན་འབད་སྦེ་ཏེ་དེ་ལསན་ཏེ་ ནཱ་ལས་མར་འབད་བའི་བསྒང་ལསན་ཏེ་ད་ག་དེ་སྦེ་འབད་ནི་ཟེར་འབདཝ་ད་ཏེ་ད་འགྱོ་ནི་འདི་ ཁོང་ར་སྤུན་ཆ་གཉིས་འགྱོ་དགོ་ར་ཟེར་ཏེ་ད་ནུ་གཅུང་འདི་ཡར་བཞགཔ་མས་བྱ་ཆུང་ཀུ་འདི་ལགས་[ཧེ་མ་ཆུང་]དེ་ལས་ཕོ་རྒནམ་འདི་བཏང་ནུག
  • ཀརྨ་དངོས་གྲུབ་
    ཧེམ་ཕོ་རྒནམ་འདི་ ནཱ་ལས་མར་མུ་འདི་ལས་རྒྱུད་གྱོཝ་མས་ལགས་འོག་ཀླུ་ཡུལ་ལུ་ཏེ་མར་མུ་ལས་རྒྱུད་འགྱོཝ་ད་ལུ་ཏེ་ད་ཡར་ལུ་ཁྱོད་ཀྱིས་ད་ང་གིས་མུ་འདི་ མ་དཀྲོགཔ་ཚུན་ཚོད་མུ་ཡར་མ་འཐེན་སྨ་རེ་ཟེར་ཨ་ནཱི་གུ་ཐགཔ་འདི་གུ་མ་དཀྲོགཔ་ཚུན་ཚོད་ལུ་ཡར་འཐེན་མ་ད་ཟེར་ང་གིས་ ཨ་ནཱི་དཀྲོགཔ་ད་འཐེན་སྨ་རེ་ཟེར་ཨ་ནཱེ་སྦེ་སླབ་བཞག་བཞགཔ་མས་ལགས།
  • ཀརྨ་དངོས་གྲུབ་
    ཏེ་ཨ་ནཱེ་སྦེ་ སླབ་བཞག་པའི་ཤུལ་ལསན་དེ་ལསན་ཏེ་ད་ཕོ་རྒནམ་འདི་ཡར་སོང་ནུག་ཕོ་རྒནམ་འདི་འགྱོ་འབད་སྦེ་ཏེ་དེ་ལསན་ཏེ་མར་ཕོ་རྒནམ་འདི་མར་ལྷོད་ཕོ་རྒནམ་འདི་མར་རྒྱབ་ཐལ་འབདཝ་ཅིག་ཡར་ནུ་གཅུང་འདི་ མཚོ་ནང་སྤུད་བཏང་ནུག་ཁོང་གི་ལགས།
  • ཀརྨ་དངོས་གྲུབ་
    དེམ་ཨ་ནཱི་ནུ་གཅུང་འདི་མཚོ་ནང་ སྤུད་བཏང་འབད་བའི་ཤུལ་ལསན་ནུ་གཅུང་འདི་མཚོ་ནང་སྤུད་འབད་སྦེ་ནུ་གཅུང་འདི་མཚོ་ནང་བཙུགས་ད་འདུག་ཁོང་གིས་ དེ་ལས་ནོར་ཅུང་འདི་ཤིས་སོང་ནུག་ལགས་དེ་ལས་ཡར་ལུ་ཕོ་རྒནམ་རྒྱབ་ཐལཝ་ཅིག་ནུ་གཅུང་འདི་ཏེ་མིན་འདུག།
  • ཀརྨ་དངོས་གྲུབ་
    དེ་ལསན་མར་ལྷོད་འབད་སྦེ་ཏེ་ རོགས་འོག་ཀླུའི་རྒྱལ་པོའི་མར་ལྷོད་དེ་ལསན་ཕོ་རྒནམ་འདི་ཏེ་དེ་ལས་ཏེ་ཐིབ་ལ་ཟེར་ཡོད་པ་སྨོ་ལགས་ང་བཅས་ར་ཐིབ་ལ་ཨ་ནཱི་ཐིབ་ལ་ལུ་སྤྲུལ་སྦེ་ཡར་ལས་ཕར་སྦེ་ གཤམ་མ་ནང་ལས་ཕར་སྦེ་བལྟ་བལྟཝ་མས།
  • ཀརྨ་དངོས་གྲུབ་
    དེ་ལས་ འོག་ཀླུའི་རྒྱལ་པོའི་སྲསམོ་འདི་ཏེ་ཁོ་ར་གི་མོ་རའི་ཡབ་འདི་ལུ་ གསོལ་ཇ་དྲངས་དོ་ཟེར་མས་ཁོང་གཉིས་ཡར་སྡོདཔ་ད་ཏེ་ཨ་ནཱི་མོ་གིས་གསོལ་ཇ་དྲངས་སྡོད་སྡོདཔ་བར་ན་སྐོར་ཏེ་ང་བཅས་ནཱ་གི་ང་བཅས་འཇིག་རྟེན་འཛམ་བུ་གླིང་གི་ ཤིང་གི་འདབ་ལེབ་ སི་སི་ཤིང་ཡོད་སྦོ་སྨོ་ལགས།
  • ཀརྨ་དངོས་གྲུབ་
    ཨ་ནཱི་སི་སི་འདབ་ལེབ་ཤིང་གཅིག་འབུད་འབུདཝ་མས་ཁོང་གི་མགུ་ལས་མར་ཁོ་གིས་ བཏང་བཏངམ་མས་ཨ་ནཱི་ལགས་སི་སི་འདབ་ལེབ་ཤིང་ཅིག་འདབ་ལེབ་གཅིག་བཏང་འབདཝ་ད་ལུ་ད་ཨ་ནཱི་སི་སི་འདབ་ལེབ་གཅིག་ཨ་ནཱེ་སྦེ་ཤིང་གི་འདབ་ལེབ་ག་གཅིག་ན་མ་ཤེས་ཡབ་རྒྱལ་པོ།
  • ཀརྨ་དངོས་གྲུབ་
    ཏེ་ཨ་ནེམ་ཅིག་ནཱ་ང་བཅས་གཟིམ་ཅུང་ང་བཅས་ཕོ་བྲང་རྩེ་ལས་མས་ཐོན་དེ་ཟེར་འབདཝ་ད་ཡར་ཀེ་ཀེ་ནཱ་འབག་ཤོག་ཤོག་ཟེར་ཡབ་ཀྱིས་ནཱ་འབག་ཤོག་ཟེར་ཡ་དེ་འཛམ་བུ་འཇིག་རྟེན་འཛམ་བུ་གླིང་གི་ཤིང་གི་ཤིང་གི་འདབ་ལེབ་ཨིན་པས་ཟེར་འཇིག་རྟེན་འཛམ་བུ་གླིང་འདི་ནང་ལུ་ སངས་རྒྱས་ཧ་ཤང་འཁྲུངསམ་ད་ལས་གེ་ང་བཅས་འོག་ཀླུ་ཡུལ་ལུ་ཏེ་ཤིང་གི་འདབ་ལེབ་མི་འོང་ཟེར་།
  • ཀརྨ་དངོས་གྲུབ་
    ད་འཇིག་རྟེན་འཛམ་བུ་གླིང་ལུ་སངས་རྒྱས་ཧ་ཤང་འཁྲུངས་འཁྲུངསམ་མས་ཟེར་ཟེརཝ་ད་ ཨ་ནཱི་བྱ་པོད་གཉིསཔ་འདི་མས་ལགས་སངས་རྒྱས་ཧ་ཤང་འདི་ཨ་ནཱི་སངས་རྒྱས་ཧ་ཤང་ འཁྲུངས་འཁྲུངམ་མས་ཟེར་ད་ཨ་ནཱི་གི་སྦེ་ཏེ་ཨ་ནཱེ་སྦེ་འོངམ་ཨིན།
  • ཀརྨ་དངོས་གྲུབ་
    འཇིག་རྟེན་འཛམ་བུ་གླིང་ལུ་སངས་རྒྱས་ཧ་ཤང་འཁྲུངསམ་ད་ལས་གེ་ང་བཅས་ནཱ་ཤིང་གི་འདབ་ལེབ་མི་ལྷོད་ཟེར་ད་ཡར་སངས་རྒྱས་འཁྲུངས་འཁྲུངསམ་མས་ཟེར་ཏེ་ ཡབ་ཀྱིས་དེ་སྦེ་གསུངས་འབད་སྦེ་ཏེ་གསོལ་ཇ་འདི་གྲོལཝ་ཅིག་ཏེ་སྲསམོ་འདི་ཏེ་མར་ནུབ་སྲིན་མོའི་གཡུས་ཀྱི་བཙུན་མོའི་རྒྱལ་པོའི་གནའམ་སྦེ་འབྱོནམ་མས་ཏེ་ལགས།
  • ཀརྨ་དངོས་གྲུབ་
    ཏེ་ཨ་ནཱི་ཇ་འདི་གསོལ་ཇ་གྲོལཝ་ཅིག་ར་ཏེ་གསོལ་ཇ་འདི་མཇུག་བསྡུཝ་ཅིག་ཏེ་་སྲསམོ་འདི་མར་རོགས་མར་ག་ཅི་ལོ་འཇིག་མར་དེམ་མར་ནུབ་སྲིན་མོའི་གཡུས་ལུ་ སྲིན་མོའི་རྒྱལ་པོའི་གནའམོ་སྦེ་བྱོན་སོང་ནུག
  • ཀརྨ་དངོས་གྲུབ་
    དེ་ལསན་ཁོ་གིས་ ཡར་བསྐོར་ར་རྐྱབ་ཅིག་རྐྱབ་ཅིག་ཡབ་མཇལ་དེ་ལས་རོགས་ལོག་ཡབ་དང་མཇལ་འབདཝ་ད་ཏེ་ཡ་ཁྱོད་ག་དེམ་ཅི་འབད་ཟེརཝ་ད་ཏེ་ང་ཨ་ནཱེ་སྦེ་ཨིན་ཟེར་འབདཝ་ད་ཏེ་དབའེ་སངས་རྒྱས་ཧ་ཤང་ཟེར་ཏེ།
  • ཀརྨ་དངོས་གྲུབ་
    ཏེ་ཡབ་གསེར་ཁྲི་གུ་ལས་བཞེངས་འབད་སྦེ་ཏེ་ཁོང་ར་གཉིས་གསུང་གྲོས་མཛདཔ་ད་ཁྱོད་ག་དེམ་ཅིག་སྦེ་འོང་ཡི་ཟེར་འབདཝ་ད་ཏེ་ང་ཏེ་ནཱ་ཡབ་རྒྱལ་པོའི་སྲསམོ་འདི་ཏེ་ད་ད་ང་བཅས་སྤུན་ཆ་གཉིས་ཀྱི་ཏེ་ད་གནའམ་སྦེ་ ཞུ་བ་ཨིན་ཟེར་འབདཝ་ད་ཡ་ད་ཁྱོད་བསྐྱལ་སར་སྐྱེལ་ནུག
  • ཀརྨ་དངོས་གྲུབ་
    ཏེ་དེའི་ཚེ་ལས་ར་ འོང་པ་ཅིན་ཨོ་ཏོག་ཏོ་མས་ཏེ་ཁ་ཙ་རྒྱབ་ཐལཝ་ཅིག་ཨིན་ཟེར་ད་གནམ་མེད་ས་མེད་དཀའཝ་སྤྱད་དགོ་ཟེར་ད་མོ་ཡར་ལེན་མི་ཚུགས་ལ་ཁག་ཡོད་ཟེར་ད་ཡར་ལེན་པ་ལ་ཁག་འོང་ཟེར་ད་དེ་འདི་ཏེ་ནུབ་སྲིན་མོའི་གཡུས་ལུ་བཏང་ཚར་ཡི།
  • ཀརྨ་དངོས་གྲུབ་
    སྲིན་མོ་རྒྱལ་པོའི་བཙུནམོ་སྦེ་བཏང་ད་ཡི་ད་འདི་ལོག་ལེན་པ་ད་ལ་ཁག་ཨིན་ད་འདི་ལེན་མི་ཚུགསཔ་འོང་ཟེར་འབདཝ་ད་ཏེ་ལན་ཚུགས་པའི་ཐབས་ཤེས་ཅིག་ནཱ་ལས་ཡང་མཛད་བཀའ་དྲིན་བསྐྱང་ད་ཏེ་ང་ར་གིས་ཡང་ཏེ་ཐབས་ཤེས་འདི་ ང་ར་གིས་ཡང་བཏོན་གེ་ཟེར་ཏེ་ཞུ་བའི་ཤུལན།
  • ཀརྨ་དངོས་གྲུབ་
    ཡ་ཡ་བཏུབ་བཏུབ་དེནི་ད་རེས་སྡོད་ཤིག་ཟེར་འབདཝ་ཅིན་དེ་ལསན་ཏེ་ ནངས་པ་མར་ནུབ་སྲིན་མོའི་གཡུས་ལུ་འབྱོན་ནི་མས་ལགས་ ནཱ་ཨ་ནཱི་སངས་རྒྱས་ཧ་ཤང་བྱ་པོད་ཕོ་རྒནམ་དེ་ལསན་མི་ལུ་མས་ལགས་ང་བཅས་མི་གི་གཟུགས་ལུ་འགྱུར་སོང་ནུག་ཏེ་ལགས།
  • ཀརྨ་དངོས་གྲུབ་
    ཏེ་ཁོ་མར་འགྱོ་ནི་སྦེ་དེ་ལས་ནཱ་ལས་མར་འགྱོཝ་ད་ལུ་ད་ལོ་དགུ་ཞག་དགུ་ལུ་འགོརཝ་མས་མར་ལྷོད་ལྷོད་ལུ་ལགས་ཡར་ལུ་ལོ་དགུ་ཞག་དགུ་འགོརཝ་མས་ད་ཨ་ནཱི་འབདཝ་ད་ལུ་ཏེ་ནཱ་ལས་མར་ཤ་ཁ་འཐབ་ཆུ་ཁ་འཐབ་མེ་ཁ་འཐབ་ཤིང་ཁ་འཐབ་རྡོ་ཁ་འཐབ་གནམ་ཁ་འཐབ་ཀྱི་ སྦུག་ལས་མར་འཐོན་འགྱོ་དགོ་ཟེར།
  • ཀརྨ་དངོས་གྲུབ་
    ད་ཨ་ནཱི་ཁ་འཐབ་ཁ་འཐབ་སྦེ་ཨ་ནཱེ་སྦེ་ཏེ་ཨ་ནཱེ་སྦེ་སྡོད་དོ་ཡོདཔ་མས་ལགས་ཨ་ནཱེ་སྦེ་ཏེ་ཨ་ནཱེ་སྦེ་འགྱོ་དགོ་ཟེར་ཏེ་ཨ་ནཱི་གུ་ལས་མར་ གནམ་མེད་ས་མེད་ཉན་ཁག་ཡོད་ད་མར་འགྱོ་བར་འདི་ལ་ཁག་ཡོད།
  • ཀརྨ་དངོས་གྲུབ་
    ཨིན་རུང་ད་ད་ཁྱོད་ཉན་མ་བཏུབ་པ་ཅིན་ཐབས་ཤེས་ཅིག་འདི་ད་ ཁྱོད་ར་འབད་རུང་ཡང་ཏེ་ད་ཁྱོད་ར་ཐབས་ཤེས་འོང་ཟེར་ཁྱོད་ར་ཡང་སངས་རྒྱས་ཅིག་ཨིན་མས་ཟེར་ཏེ་ང་གིས་འབད་རུང་ཡང་ ཐབས་ཤེས་བཏོན་གེ་ཟེར་ཏེ་དེ་ལས་མར་ལུ་དེ་ལསན་ཏེ་དར་གནས་ལྔ་སྒྲིག་སྟེ་ཏེ་ ནཱ་ལས་མར་ཆུ་ཁ་འཐབ་མེ་ཁ་འཐབ་ཤིང་ཁ་འཐབ།
  • ཀརྨ་དངོས་གྲུབ་
    རྡོ་ཁ་འཐབ་ས་ཁ་འཐབ་གནམ་ཁ་འཐབ་ ཨ་ནཱ་ལས་མར་ཏེ་པུ་ར་ཨ་ནཱེ་སྦེ་ཏེ་ཁ་འཐབ་ཨ་ནཱེ་སྦེ་འཐབ་དོ་ཡོདཔ་མས་པ་ལགས་ཐག་ཐག་ཐག་གསེས་ཨ་ནཱེ་སྦེ་ཏེ་ཨ་ནཱི་གུ་ལས་མར་ཐོན་འགྱོཝ་ད་ལུ་ཏེ་ཁྱོད་ནུབ་སྲིན་མོའི་གཡུས་ལུ་ལྷོད་འོང་།
  • ཀརྨ་དངོས་གྲུབ་
    ལྷོདཔ་ད་ལུ་ཕྲང་ཕྲང་ར་ཏེ་ཁྱོད་ཀྱིས་དུས་འཕྲོ་ལས་ཐོན་ནི་མི་འོང་ཁྱོད་ཀྱི་ཏེ་དུས་འཕྲོ་ལས་ཐོན་པ་ཅིན་མར་གྱི་འདི་ཚུ་ལུ་གསད་དང་མི་གསད་བཟའ་དང་མི་བཟའ་ཐེ་ཚོམ་ག་ནི་ཡང་མེད་ཏེ་ད་གནམ་མེད་ས་མེད་ གནས་སྐབས་གུ་བཀལ་ཞིནམ་ན་ལས་མཛད་དགོ་ཟེར།
  • ཀརྨ་དངོས་གྲུབ་
    ཏེ་མར་ཀླུའི་རྒྱལ་པོ་གིས་ ཁོ་ར་ལུ་དེ་སྦེ་གསུངས་མར་འབད་དགོཔ་བཅའ་དགོཔ་བཞག་དགོཔ་ག་ར་འོག་ཀླུའི་རྒྱལ་པོ་གིས་ ཁོ་ར་ལུ་གསུངས་འབད་སྦེ་ཏེ་ཁོ་ལུ་ཁོ་གིས་ཉན་དེ་ལསན་ཏེ་མར་ཏེ་ནཱ་ལས་མར་སོང་ནུག་ལགས།
  • ཀརྨ་དངོས་གྲུབ་
    ཨེང་་ནཱ་ལས་མར་འགྱོ་འབད་སྦེ་ཏེ་དེ་ལས་ཨ་ནཱེ་སྦེ་ད་ཅིག་ཞུ་དོ་བཟུམ་སྦེ་ཨ་ནཱི་ཁ་འཐབ་ཁ་འཐབ་སྦེ་ས་ཁ་འཐབ་གནམ་ཁ་འཐབ་རྡོ་ཁ་འཐབ་ཤིང་ཁ་འཐབ་ས་ཁ་འཐབ་ཆུ་ཁ་འཐབ་མེ་ཁ་འཐབ་ད་ལས་མར་པུ་ར་ དཀའ་ངལ་ག་ར་སེལ་ཞིནམ་ན་སྦེ་ཏེ་ མར་ལོ་དགུ་དང་ཞག་དགུ།
  • ཀརྨ་དངོས་གྲུབ་
    ལོ་དགུ་ཟླཝ་དགུ་ཞག་དགུ་ལུ་ཏེ་མར་ནུབ་སྲིན་མོའི་གཡུས་ལུ་ལྷོད་སོང་ནུག་ཁོ་གིས་ ཏེ་ཁོ་མར་ནུབ་སྲིན་མོའི་གཡུས་ལུ་ལྷོདཔ་ཅིག་དེ་ལསན་ཏེ་ཁོ་གིས་ཏེ་ཕྲང་ཕྲང་ར་ཏེ་འབུབ་ལུ་སྤྲུལ་ཞིནམ་ན་ཡར་ཙེ་བར་ནང་བཞུགས་བཞུགསཔ་མས།
  • ཀརྨ་དངོས་གྲུབ་
    འབུབ་སྦེ་ཐིབ་ལ་སྦེ་སྤྲུལ་སྦེ་ཏེ་དེ་བསྒང་ལསན་མར་ནུབ་སྲིན་མོའི་གཡུས་ལུ་ཏེ་མི་ཟེར་མི་འདི་ཙག་ཙེག་ཙེག་ཙེ་ར་མིན་འདུག་ཟེར་མས་ལགས་ཧིང་སངས་ས་ག་ཡང་མེདཔ་སྦེ་ཉི་མ་ཏེ་ཕྱི་རུ་ཡུདཔ་ཅིག་ ཉིམ་མཐའ་མཇུག་དེམ་ཅིག་ལས་གནམ་མེད་ས་མེད་ཀྱི་འུར་སྒྲ་ཐོན་ཏེ་ལོ་དགུ་གི་རྒྱབ་ལས་འོང་པའི་བསྒང་ལས་ར་འུར་སྒྲ་གོ་བས་ཟེར་མས།
  • ཀརྨ་དངོས་གྲུབ་
    དེ་བསྒང་ལས་ སྲིན་མོའི་རྒྱལ་པོ་འདི་ཏེ་ཕར་སྲིནམོ་ཚུ་ག་ར་ལ་བརྒལ་ཤ་བདའ་བར་སོང་ལོག་དོ་ཡོདཔ་མས་ལགས་ ཏེ་ཕྱི་རུ་མར་ལྷོདཔ་ཅིག་བལྟ་བའི་བསྒང་ལསན་ཏེ་རོ་གཅིག་འདུག་ཟེར་མས་ལགས།
  • ཀརྨ་དངོས་གྲུབ་
    ཏེ་ལོག་མེན་ཧེ་མ་མར་ལྷོདཔ་ཅིག་བལྟཝ་ད་རོ་ལོག་གཅིག་ཧོངས་ལས་ གསེར་གྱི་ཆང་ཤོར་དཔག་དོན་ཧིང་གུ་དཔག་མི་སྡེ་ཚན་གཅིག་དངུལ་གྱི་ཆང་ཤོར་དཔག་མི་སྡེ་ཚན་གཅིག་ཟངས་ཨ་ནཱི་ང་བཅས་ར་ཨ་ནཱི་ཆང་ཤོར་དཔག་སྟེ་ཧོན་ཧིང་གུ་ཆང་ཤོར་དཔག་ཁྲག་ཁྲག་ཨ་ནཱེ་སྦེ་བཙག་འཐུང་ཨ་ནཱེ་སྦེ་སྡེ་ཚན་སྡེ་ཚན་སྦེ་ཡོདཔ་མས་ལགས།
  • ཀརྨ་དངོས་གྲུབ་
    ཏེ་ཨ་ནཱི་ཁྱིམ་རེ་རེ་རེ་རེ་སྦེ་བཟོ་ཞིནམ་ན་དེ་ནང་ཏེ་ལྡེ་མིག་ཆག་པ་ལྡེ་མིག་སྦི་འཁྱབ་གང་ཡོད་ཨ་ནཱི་ལྡེ་མིག་ཚུ་པུ་ར་ཁ་ཕྱེ་བལྟཝ་ད་ཏེ་ག་ར་ཨ་ནཱེ་སྦེ་མས་ཟེར་མས་ཏེ་ཨ་ནཱི་བཅད་གཅིག་ནང་ལུ་ཏེ་ཆང་ཤོར་མ་དཔག་པ་བུམོ་གཅིག་ཏེ་ཨ་ནཱི་འོག་ཀླུའི་རྒྱལ་པོའི་སྲསམོ་ཨིན་མས་ལགས།
  • ཀརྨ་དངོས་གྲུབ་
    ཨ་ནཱི་ཡང་འདི་ནང་བསད་འབད་སྦེ་བསད་འབད་སྦེ་འདི་ནང་འདུག་ཟེར་མས་དེ་ལསན་ཏེ་ཨ་ནཱི་སྦེ་འབད་ཞིནམ་ན་ཁོ་ལྷོད་པའི་བསྒང་ལསན་ཏེ་ཨ་ནཱི་འོག་ཀླུའི་རྒྱལ་པོའི་སྲསམོ་འདི་གསེར་གྱི་རྟས་ལྕག་ཐེངས་པོ་གསུམ་དྲངམ་ཅིག་ལོངམ་མས་ཟེར་མས་ལགས།
  • ཀརྨ་དངོས་གྲུབ་
    ཁོ་ནང་ལྷོདཔ་ད་ ལོང་འབད་སྦེ་ཏེ་དེ་ལསན་ཏེ་ད་རུང་ ཨ་རྟག་ག་ཨིནམ་སྦེ་ཁོང་ར་གཉིས་གདོང་སྐོར་རྐྱབ་བློ་རྐྱབ་བཞེས་སྒོ་བཟའ་སྦེ་ཨ་ནཱེ་སྦེ་སྡོད་འབད་སྦེ་ཏེ་ད་རུང་ནངས་པ་དྲོ་པ་འགྱོ་བའི་བསྒང་ལས་ད་རུང་ ཨ་ནཱི་དངུལ་གྱི་རྟས་ལྕག་ཐེངས་པོ་གསུམ་དྲངམ་ཅིག་ཁོ་མོ་གསད་བཞག་སྦེ་འགྱོ་དོ་ཡོདཔ་མས།
  • ཀརྨ་དངོས་གྲུབ་
    དེ་ལསན་སླབ་མས་གསེས་མས་དེ་འབད་སྦེ་ཁོང་ར་གཉིས་བློ་རྐྱབ་དབའེ་ད་རེས་འདི་ནང་ལུ་ ང་བཅས་ཀྱི་ཕོ་བྲང་ནང་ལུ་ དྲིམ་མ་འདྲཝ་ཅིག་འདུག་ཟེར་གནམ་མེད་ས་མེད་ དྲིམ་མ་འདྲཝ་ཅིག་ཐོན་ནུག་ཟེར་མི་གསརཔ་གཅིག་ཡོདཔ་འདྲས་མེད་ན་ཟེར་ མོ་ལུ་འདྲི་འདྲིཝ་མས།
  • ཀརྨ་དངོས་གྲུབ་
    སྲིན་མོའི་རྒྱལཔོ་འདི་གིས་ ཡ་ཏེ་མི་གསརཔ་ག་ཏེ་ལས་འོང་ནི་ཟེར་ཏེ་འོང་སྟེ་ར་འབད་ས་ཅིག་རུང་ང་ནི་ཁྱོད་ཀྱིས་ དྲོ་པ་ལས་ཤི་བསད་བཞགཔ་མས་ཏེ་ང་ག་དེ་སྦེ་འོང་ཧི་ཤེས་ཟེར་འོངམ་ཨིན་ན་མ་འོངམ་ཨིན་ན་ ང་སླབ་ནི་མེད་གསེས་ད་ང་སླབ་ནི་མེད་གསེས་ ཏེ་ཨ་ནཱེ་སྦེ་གསུངས་ད་འདུག།
  • ཀརྨ་དངོས་གྲུབ་
    སྲསམོ་འདི་གིས་ སླབ་འབད་སྦེ་ཡ་དེ་ལས་ནངས་པ་འགྱོཝ་མས་ཁོ་ནངས་པ་ལ་དགུ་བརྒལ་འགྱོཝ་མས་ལོ་ཁོ་ཕར་ཤ་བདའ་བ་དེ་ལསན་ཏེ་དྲོ་པ་ལ་དགུ་ཁོ་ལ་དགུ་རྒྱབ་ཐལཝ་ཅིག་སངས་རྒྱས་ཧ་ཤས་ཀྱིས་ མར་བྱོན་པའི་ཤུལན་ཏེ་གསེར་གྱི་རྟས་ལྕག་འདི་འཐུ་བའི་ཤུལན་ཐེངས་པ་གསུམ་དྲངས་འབད་སྦེ་ཏེ་ མོ་ལྷོང་ད་འདུགའོག་ཀླུའི་རྒྱལ་པོའི་སྲསམོ་འདི།
  • ཀརྨ་དངོས་གྲུབ་
    དེ་ལས་འོག་ཀླུའི་རྒྱལ་པོའི་སྲསམོ་འདི་ལྷོང་འབད་སྦེ་དབའེ་ད་དབའེ་ ད་ཁྱོད་ག་དེམ་ཅིག་སྦེ་འོངམ་ཟེར་ཁྱོད་ག་དེམ་སྦེ་བྱོན་ཡི་ཟེར་ད་ནཱ་མ་བཞུགས་ཟེར་ད་ལྟ་ར་སྲིནམོ་འོང་པ་ཅིན་ད་ལྟ་ར་ཁྱོད་བཟའ་ད་མི་བཟའ་ཐེ་ཚོམ་ག་ཡང་མེད་ད་ལྟ་ར་བཟའ་ད་ཟེར་དེ་བ་འདི་ཁྱོད་ལོག་འབྱོན་ཟེར།
  • ཀརྨ་དངོས་གྲུབ་
    ཏེ་ནོར་བུའི་བྱེ་བྲག་འདི་དགོ་པ་ཅིན་ནཱ་ལས་ང་གིས་ཕུལ་གེ་ཟེར་ཏེ་བཙུནམོ་ནཱ་མོ་གིས་དེ་སྦེ་སླབ་ད་ང་མི་འགྱོ་ང་ཁྱོད་ལེན་པ་ཨིན་ཟེར་ང་ཁྱོད་ཁྱོད་མ་འཁྱིད་པ་ང་ཙ་ལས་མི་འགྱོ་ཟེར་ཁོང་ཚུ་ལུ་དབའེ་ཏེ་ང་འཁྱིད་པ་འདི་ཏེ་ཁྱོད་ཀྱིས་གའཁྱིད་ཆོག་ཆོག་མེད་ཟེར།
  • ཀརྨ་དངོས་གྲུབ་
    ད་ང་ནཱ་གནམ་མེད་ས་མེད་ ད་ཨ་ནཱེ་སྦེ་ཡར་སོང་ཡི་ཟེར་ཟེར་འབད་འབདཝ་ད་ལུ་ཁྱད་མེད་ཁྱོད་ར་ཏེ་ད་གནམ་མེད་ས་མེད་འབད་དགོཔ་མེད་ང་ཁོ་གི་བཟའ་ར་མི་བཟའ་ཟེར་དེ་ལསན་ཏེ་ཁོ་གིས་ ཚྭ་སྒྲོམ་ནང་འཛུལ་སྡོད་སྡོདཔ་མས་ལགས་ འབུབ་ལུ་སྤྲུལ་འབད་སྦེ།
  • ཀརྨ་དངོས་གྲུབ་
    ཁོ་ཚྭ་སྒྲོམ་ནང་འཛུལ་སྡོད་འབད་སྦེ་ཕྱི་རུ་ཡར་ལས་མར་ལྷོད་པའི་བསྒང་ལས་གནམ་མེད་ས་མེད་ སྐད་རྐྱབ་འོང་པའི་བསྒང་ལས་ཏེ་མི་དྲི་དང་མི་དྲི་མནམ་དོ་ཤི་དྲི་ཤ་དྲི་མནམ་དོ་ཟེར་ཏེ་གནམ་མེད་ས་མེད་སྐད་རྐྱབ།
  • ཀརྨ་དངོས་གྲུབ་
    ད་ཏེ་ད་རུང་མོ་ལྷོང་ད་རུང་ག་ཅིམ་ཟེར་ད་རེས་མ་འདྲཝ་ཅིག་འདུག་ཟེར་དྲིམ་ཟེར་ཏེ་ཏེ་ཨ་རྟག་དང་མི་འདྲ་བས་ཟེར་འབདཝ་ད་ཏེ་ཏེ་ནཱ་མ་འདྲཝ་ ང་གིས་སླབ་ནི་མེད་ཟེར་ངནི་ཁྱོད་ཀྱིས་ཏེ་ ཨ་ནཱེ་སྦེ་དྲོ་པ་འགྱོ་བའི་བསྒང་ལསན་ ང་མི་མེདཔ་སྦེ་བཟོ་བཞགཔ་མས་ཟེར།
  • ཀརྨ་དངོས་གྲུབ་
    ཕྱི་རུ་ཁྱོད་ར་ལྷོདཔ་ད་ལས་ ང་ལོང་ནི་མེད་ཟེར་ང་མི་ཤེས་ཟེར་དེ་ལསན་མོ་གིས་ མ་ཤེསཔ་གུ་བཀལ་བཞག་ནུག་དེ་ལསན་ཏེ་དེ་གི་ནངས་པ་འབདཝ་ད་ཏེ་དེ་ལསན་ལགས་གསུངས་གསུངམ་མས་སངས་རྒྱས་ཧ་ཤང་གིས་ ད་ཁྱོད་ཀྱིས་ག་དེ་སྦེ་འབད་དགོཔ་སྨོ་ཟེར་བ་ཅིན་ད་ཁ་ཙ་ཨ་ནཱེ་སྦེ་སླབ་མས་ཟེར།
  • ཀརྨ་དངོས་གྲུབ་
    ད་ཁྱོད་དེ་སྦེ་འབད་བ་ཅིན་ཁྱོད་ང་ལུ་བློ་མི་གཏད་པས་ཟེར་ཁྱོད་ཀྱིས་ཁྱོད་དང་ང་ཕྱད་དེ་སྦེ་ལོ་དགུ་ཙམ་རེ་ཡར་སོང་ཡི་ཡར་སོང་འདི་ར་འབད་ས་ཅིག་རུང་ཁྱོད་ཀྱིས་ཏེ་ད་བུ་བུ་ཨ་ལུ་ཡོད་པ་ཅིན་ བུ་ཕ་དང་མཉམ་དང་བུམོ་མ་དང་མཉམ་འགྱོ་བའི་ཟེར།
  • ཀརྨ་དངོས་གྲུབ་
    ད་ལྟོ་ཁྱོད་ སྲོག་ཡོད་པའི་མི་ཅིག་ཨིན་མས་ཁྱོད་ཀྱི་སྲོག་ཤིང་ག་ཏེ་ཨིན་ན་ཁྱོད་ཀྱི་བླ་སྲོག་ག་ཏེ་ཨིན་ན་ཁྱོད་ཀྱི་སྲོག་བྱ་ག་ཨིན་ན་ཏེ་སྲོག་ལུག་ཨིན་ན་སྲོག་ཁ་ག་ཨིན་ན་ཁྱོད་ཀྱི་སྲོག་ཚུ་ར་ ང་གིས་ག་ཏེ་བཞག་པའི་ན་མི་ཤེས་ཟེར་ ཨ་ནཱེ་སྦེ་ འདྲི་སྨ་རེ་ཟེར་ གསུངས་གསུངསམ་མས།
  • ཀརྨ་དངོས་གྲུབ་
    དེ་ལསན་དེའི་ཚེ་ཕྱི་རུ་ཏེ་ཨ་ནཱི་ཚུ་འདྲི་འདྲིཝ་མས་ཏེ་ཨ་ནཱེ་སྦེ་ཨིན་ཏེ་ད་ཁྱོད་དང་ང་ཕྱད་དེ་གི་སྦེ་ལོ་མང་ཧིང་རྫོགས་ཅིག་ཡར་སོང་ཡི་བུ་ཡོདན་བུ་ཕ་དང་མཉམ་དང་ བུམོ་མ་དང་མཉམ་འགྱོ་དགོཔ་ཡར་སོང་ཡི་དེ་ར་འབད་རུང་ ཁྱོད་ཀྱིས་ང་ལུ་ཉིན་མཚན་མེད་པ་ཨ་ནེ་སྦེ་བསད་བཞག་ཨ་ནེ་སྦེ་བཟོ་བཞག་འབད་སྦེ་ཁྱོད་ར་ཨ་ནཱེ་སྦེ་འགྱོཝ་ཨིན་མས།
  • ཀརྨ་དངོས་གྲུབ་
    ཏེ་དེ་ཅིག་གི་བར་ན་ ཁྱོད་ལུ་རྐྱེན་རེ་འབྱུང་རུང་ཡང་ང་གིས་ཧང་ཧུང་ཡང་ཕྱེ་མི་ཚུགས་ནི་མས་ད་ཁྱོད་ཀྱིས་ཏེ་སྲོག་ཤིང་ག་ཅི་ཨིན་ན་བླ་མཚོ་ག་ཨིན་ན་སྲོག་ཤིང་ནཱ་སྲོག་བྱ་ག་ཨིན་ན་སྲོག་ལུག་ག་ཨིན་ན་དེ་ལསན་སྲོག་ཤིང་ག་ཨིན་ན་ཏེ་ང་ལུ་ནི་ཏེ་ད་ཏེ་མི་བཞག་པས་ཟེར་ཏེ།
  • ཀརྨ་དངོས་གྲུབ་
    ཏེ་སླབ་སླབ་མས་ མར་འོག་ཀླུའི་རྒྱལཔོ་ཡ་ཡ་ཨིན་ཨིན་ ད་ཁྱོད་སླབ་མི་བདེན་ད་མ་གཞི་གཙོ་བོ་འདི་ ཁྱོད་སླབ་དོ་བཟུམ་སྦེ་ར་ཨིན་ད་ལོ་མང་ཧིང་རྫོགས་ཅིག་ ཡར་སོང་ཡི་ཡར་སོང་རུང་ ང་བཅས་ལུ་བུ་གཞི་འདི་མ་འབྱུང་པ་ལས་བརྟེན་ཏེ་ད་བུ་གཞི་མེད་པ་སྔོན་གྱི་ལས་མས།
  • ཀརྨ་དངོས་གྲུབ་
    ཨིན་རུང་ཏེ་ ངེའི་སྲོག་ཤིང་ངེའི་སྲོག་ཁབ་འདི་ ཨ་ནཱི་ཨིན་སྨ་རེ་ཟེར་ཏེ་ཁབ་རྟ་ཁབ་རིང་ཐུང་ཨ་ནེམ་ཅིག་བཏོན་སྤྲོད་ད་འདུག་ལགས་ དེ་ལས་འབདན་ད་སྲོག་ཤིང་འདི་ ཨ་ནཱི་ཨིན་ཟེར་ཙན་དན་ཤིང་ཅིག་དེ་ལས་ཨ་ནཱི་ཤིང་གི་རྩ་བ་ལུ་ ཨོམ་ཅིག་ཡོདཔ་མས་ཆུ་ཆུའི་རྫིང་གཅིག་དེ་ལསན་ཏེ་ སྲོག་ལུག་འདི་ཨ་ནཱི་ཨིན་ཟེར་ལུག་གཅིག
  • ཀརྨ་དངོས་གྲུབ་
    དེ་ལསན་སྲོག་བྱ་འདི་ ཨ་ནཱི་ཨིན་ཟེར་ཨ་ནཱི་ཚུ་པུ་ར་ཨ་ནཱི་ཚུ་ཨིན་ ད་ང་ལུ་ཡོད་ན་མེད་ན་ཨ་ནཱི་ཚུ་ བདག་འཛིན་འབདཝ་ད་བཏུབ་ཁྱོད་ཀྱིས་ཟེར་ད་ཨ་ནཱི་ཚུ་ལུ རྐྱེན་ཞུགས་པ་ཅིན་ད་ང་ཡར་ལོང་མེད་པ་ ངེས་བདེན་ཨིན་ཟེར།
  • ཀརྨ་དངོས་གྲུབ་
    ད་ང་ཤིཝ་ངེས་བདེན་ཨིན་ཟེར་ཨ་ནཱི་ཁོང་ལུག་བྱ་ཁབ་ཤིང་ཆུ་ཨ་ནཱི་ཁོང་ལྔ་པོ་འདི་ལུ་ གནོད་རྐྱེན་རྐྱབ་པ་ཅིན་ཁོ་དེ་འཕྲོ་ལས་ཡར་ཉོ་ཟེར་དེ་ལས་ཏེ་ ཁོ་ར་དེ་སྦེ་སླབ་སླབ་མས།
  • ཀརྨ་དངོས་གྲུབ་
    བཏུབ་ཏེ་དེ་ལསན་ཏེ་ཡ་ཡ་ཟེར་སླབ་སྦེ་དེ་ལསན་[ཧོར་] དེ་ལས་ནངས་པ་ཏེ་ནངས་པ་ཁོང་གིས་ ནཱ་ཧ་ཤང་གིས་ རྫུ་འཕྲུལ་གྱིས་འབད་བའི་ཤུལན་ཏེ་ལོ་དགུ་གནམ་མེད་ས་མེད་བརྒལ་ལ་དགུ་བརྒལ་ཏེ་ར་ ཕར་ལས་ཕར་ར་བཏང་ད་འདུག
  • ཀརྨ་དངོས་གྲུབ་
    ཕར་ལས་ཕ་ར་བཏང་སྦེ་ད་ད་རིས་འབདན་ ཤ་མི་ཐོབ་སྨ་རེ་ཟེར་ད་ཁོ་གིས་ ཤ་མི་འཐོབ་ནི་མས་ལགས་ད་རིས་ནཱ་སྲིནམོ་འདི་གིས་ ཤ་སྲིནམོའི་རྒྱལཔོ་འདི་གིས་ ཤ་མི་འཐོབ་ཟེར།
  • ཀརྨ་དངོས་གྲུབ་
    ད་ཁོ་མོ་ལྷོང་འབད་སྦེ་ཏེ་ཤ་དོས་མར་དོས་ཆུམ་དོས་ཨ་ནཱེ་སྦེ་ དོས་དོས་དོས་སྦེ་ཏེ་ མར་སྒོ་ཁར་བཀལ་བཞག་བཞགཔ་མས་ཡར་ལས་མར་ ཁོ་གནམ་མེད་ས་མེད་ཀྱི་སྐད་རྐྱབ།
  • ཀརྨ་དངོས་གྲུབ་
    གནམ་མེད་ས་མེད་ ད་ལྟ་ར་ད་ལྟ་ར་བཟའ་ནི་དང་ད་ལྟ་སྐད་རྐྱབ་ ཁམ་ཏོག་གཅིག་ལུ་བཟའ་ཨ་ཕོག་གཅིག་ལུ་བཏང་ནི་ཟེར་ཏེ་ཡར་ལས་མར་སྐད་རྐྱབ་འཐོན་འོང་ཨ་ནཱི་བསྒང་ཁྱོད་ཀྱིས་ ཨ་ནཱི་ཤ་དོས་མར་དོས་ ཁོ་གདོང་འགྱིམ་བཀོ་སྨ་རེ་ཟེར་ཟེར་ཏེ་ཨ་ནཱེ་སྦེ་ གསུངས་གསུངསམ་མས།
  • ཀརྨ་དངོས་གྲུབ་
    དེ་ལས་ཨིན་པས་ཟེར་བའི་ལོ་ཡུདཔ་ཅིག་བ་ཛ་(ཆུ་ཚོད་)ཕྱད་དང་ལྔ་དེ་ཅིག་ལས་ཡར་ལས་གནམ་མེད་ས་མེད་ལ་དགུའི་རྒྱབ་ལས་ར་སྐད་རྐྱབ་འོང་མི་བསྒང་ལས་མོ་གིས་ མར་སྒོ་ཁར་སྡོད་ཞིནམ་ལས་ཡར་ལས་མར་ཏེ་ཁ་བརྒྱང་མཆེཝ་་གཅིག་ས་ཁར་ལས་འདྲུད་མཆེཝ་གཅིག་གནམ་ལས་སྦྲགས།
  • ཀརྨ་དངོས་གྲུབ་
    ཨ་ནཱེ་སྦེ་འོང་པའི་བསྒང་ལསན་ཏེ་ཨ་ནཱི་ཤ་དང་དོས་ ཤ་མར་དོས་ཚུ་ ཨ་ནཱི་ཚུ་པུ་ར་ཁོའི་གདོང་འགྱིམ་བཀོ་འབད་སྦེ་དེ་དེ་ལས་ཁོ་ར་མོ་ར་ཕར་སྒོའི་རྒྱབ་འཛུལ་སྡོད་སྡོདཔ་ཨིན་ཟེར་མས་ལགས།
  • ཀརྨ་དངོས་གྲུབ་
    དེ་ལས་སྲིནམོ་འདི་ཡར་འོངམ་ཅིག་ཡ་ད་འབདན་ད་རིས་བཀལ་ས་ བཀལ་ཡི་སྨ་རེ་ད་ང་བཟའ་ཚར་ཡི་མོ་བཟའ་ཚར་ཡི་ཟེར་ ཁོ་ར་ཡར་གང་རྐྱལ་བོག་འགྱོཝ་ད་ དེ་ལས་ཏེ་བཙུནམོ་འདི་གིས་མར་ལས་སྲསམོ་འདི་གིས་ ཡར་ལས་མར་འ་ང་མ་བཟའ་མ་བཟའ་ནཱ་ཡོད་ཟེར་ང་མ་བཟའ་ནཱ་ཡོད་ནཱ་ཡོད་ཟེར་འོང་ཏེ་ད་ཨ་ནཱེ་སྦེ་ཨིན་ཟེར།
  • ཀརྨ་དངོས་གྲུབ་
    གཉེན་དང་གྲོགས་ཀྱི་ ཐ་དམ་ཚིག་ལས་རྒྱུ་འབྲས་ཏེ་འུ་སྡུགཔ་དང་མ་སྡུགཔ་བལྟ་དགོཔ་ཁུངས་འདི་མ་པ་ཨ་ནཱེ་སྦེ་ཨིན་ཟེར་ད་ང་བཅས་ར་ཏེ་ཕོ་འབད་རུང་འདྲ་བས་ མོ་འབད་རུང་འདྲ་བས།
  • ཀརྨ་དངོས་གྲུབ་
    ཏེ་ག་ཅི་འུ་སྡུག་མི་སྡུགཔ་ཤེས་ནང་དོག་དོགཔ་ཤེས་ འབད་མི་འདི་ཁུངས་འདི་ཨ་ནཱེ་སྦེ་ཨིན་འདི་གནམ་མེད་ས་མེད་ ལེགས་ཤོམ་ཨིན་ཟེར་
    དེ་ལས་འབདན་ཏེ་མོ་ལུ་ཏེ་གནམ་མེད་ས་མེད་ཀྱི་ཏེ་བློ་གཏད་ཡིད་ཧིང་གཏད་སྦེ་ཏེསྲིན་སྲིན་མོའི་རྒྱལཔོ་འདི་ཏེ་གནམ་མེད་ས་མེད་ད་འབདན་མོ་ གནམ་མེད་ས་མེད་ལེགས་ཤོམ་ཡར་སོང་ཡི་ཟེར་ཏེ།
  • ཀརྨ་དངོས་གྲུབ་
    ཁོ་གནམ་མེད་ས་མེད་ཀྱི་ཏེ་ཡིད་ཆེ་ངལ་རངས་ཏེ་ཏེ་དེ་ལས་འབདན་ཏེ་མོ་ཁོ་གི་ཡོད་ཚད་མི་ཚད་གཅིག་བུ་ཏེ་ག་ར་མོ་གདོང་ཁར་སླབ་ད་འདུག་དེ་ལས་འབདན་པུ་ར་ད་ཨ་ནཱེ་སྦེ་ཨིན་དངམ་ཨ་ནཱེ་སྦེ་འབད་དགོ་གཉིསཔ་ཨ་ནཱེ་སྦེ་ང་འབདན་ང་ང་ལུ་རྐྱེན་རྐྱབ་དགོ་ན་ད་ ཨ་ནཱི་རྐྱབ་དགོ
  • ཀརྨ་དངོས་གྲུབ་
    ཨ་ནཱི་རྐྱབ་དགོ་ཨ་ནཱི་རྐྱབ་དགོ་ཨ་ནཱི་འབད་དགོ་ཨ་ནཱི་བཅའ་དགོ་ཨ་ནཱི་དཀྲུམས་དགོ་ཟེར་པུ་ར་སླབ་ད་འདུག་ཏེ་སྲིན་མོའི་རྒྱལཔོ་འདི་གིས་
    ཏེ་ཁོང་གཉིས་ཏེ་ཁ་གཅིག་སྦེ་ ད་དཀྲུམས་ནི་མས་གོ་ཤིག
  • ཀརྨ་དངོས་གྲུབ་
    དེ་ལསན་ཏེ་དེའི་ནངས་པ་གནངས་ཚེ་ འབད་བའི་བསྒང་ལསན་ཏེ་ཨེ་ཧེམ་་་་་་ད་རུང་འགྱོཝ་མས་ཏེ་དེ་ལསན་ཏེ་ ཁོ་རྒྱབ་ཐལཝ་ཅིག་ཁོ་མོ་མ་གསད་པས་དེ་ལསན་ལགས་ཁོ་རྒྱབ་ཐལཝ་ཅིག་ དེ་ལསན་ཏེ་མར་ལུ་ཏེ་མར་ཨེ་ཁུ་གི་རྩ་བ་ར་ཏེ་གནམ་མེད་ས་མེད་ཀྱི་ དོང་སྦོམ་བརྐོ་སྟེ་ལགས།
  • ཀརྨ་དངོས་གྲུབ་
    ས་དོང་བརྐོ་བཞག་ཞིནམ་ན་དེ་ལསན་ཏེ་ད་དེའི་ཚེ་མི་འཐོབ་ནི་མས་ཁོ་ཤ་ཡར་ལས་མར་ གནམ་མེད་ས་མེད་ཀྱི་ཏེ་ད་ཕྱི་རུ་ཡུདཔ་ཅིག་བ་ཛ་(ཆུ་ཚོད་)ཕྱད་དང་བཞི་དེ་ཅིག་ལས་ཡར་ལས་མར་ལུ་ཏེ་འོངམ་མས་ཏེ་ལགས།
  • ཀརྨ་དངོས་གྲུབ་
    གནམ་མེད་ས་མེད་སྐད་རྐྱབ་དེ་ལསན་ཏེ་ མར་ཁོང་གཉིས་ཀྱིས་ཏེ་ཁོ་ལ་དགུ་རྒྱབ་ཐལཝ་ཅིག་དང་པ་ར་ཁབ་དུམ་དགུ་བཏོག་དེ་ལསན་ཏེ་བླ་མཚོ་འདི་བརྡལ་བཏང་དེ་ལས་ཤིང་འདི་བཏོག་བཏང་དེ་ལསན་སྲོག་ལུག་འདི་བསད།
  • ཀརྨ་དངོས་གྲུབ་
    ཏེ་སྲོག་བྱ་འདི་ཡང་བསད་འབད་བའི་བསྒང་ལསན་ཏེ་ཁོ་ཡར་ལས་མར་ གནམ་མེད་ས་མེད་རྦབ་རིལ་བའི་ན་ ལོང་མི་ན་མ་ཤེས་པ་འོངམ་ཅིག་ཕྲང་ཕྲང་ཐབ་ཐོབ་འབད་བའི་བསྒང་ལས་ཨ་མི་དོང་ནང་ཚུད་སོངམ་མས་ལགས།
  • ཀརྨ་དངོས་གྲུབ་
    མར་ཨེ་ཁུ་རྩ་བའི་དོང་ནང་ཨེ་ཁུ་རྩ་བའི་དོང་ནང་ཚུདཔ་ཅིག་དེ་ལསན་ཏེ་ རྡོ་ལེབ་འདི་ཁ་བཅད་པའི་ཤུལ་ལསན་ འདི་ནང་མཆོད་རྟེན་གནགཔོ་གཅིག་བཞེངས་འབད་སྦེ་དེ་ལས་ཏེ་ སྲིནམོ་དམ་བཏགས་འབད་སྦེ།
  • ཀརྨ་དངོས་གྲུབ་
    ཏེ་སངས་རྒྱས་ཧ་ཤང་གིས་ སྲིནམོ་དམ་བཏགས་འབད་བའི་ཤུལན་ཏེ་ཁོང་གཉིས་མི་ནང་ལུ་ཏེ་ཁོང་མར་གྱི་ ཨ་ནཱིགསེར་གྱི་ཤང་ཤོར་དཔག་མི་དངུལ་གྱི་ཆང་ཤོར་དཔག་མི་ཨ་ནཱི་ཚུ་ཡང་ག་ར་ཏེ་ཆང་ཤོར་འབལ་ཏེ་ག་ར་ཏེ་ ཨ་ནཱི་གསེར་གྱི་རྟས་ལྕག་ཐེངས་པོ་རེ་ཐེངས་པོ་རེ་སྦེ་ཐེངས་པ་གསུམ་གསུམ་དྲངས་ཏེ་ག་ར་ལྷོང་།
  • ཀརྨ་དངོས་གྲུབ་
    མར་གྱི་མི་ཚུ་ཡང་ག་ར་ལྷོང་འབད་སྦེ་ཏེ་གནམ་མེད་ས་མེད་ཀྱི་ མི་ནང་ལུ་ཏེ་ད་ཆོས་ཀྱི་བསྟན་པ་དར་མི་ནང་ལུ་ཆོས་གནང་ཁོ་གིས་འབད་ཏེ་ ཆོས་གནང་ཏེ་འདི་ནང་ལུ་ཏེ་ཨེ་ཧེམ།
  • ཀརྨ་དངོས་གྲུབ་
    ད་གནམ་མེད་ས་མེད་ཀྱི་ སྤྱན་རས་གཟིགས་ཀྱི་དེམ་ག་ཅི་ཟེར་བའི་ན་ཅིག་སླབ་འདུག་ས་ཨ་ནཱི་བཟུམ་སྦེ་ཏེ་མི་ནང་ལུ་ཆོས་ཀྱི་བསྟན་པ་དར་འབད་སྦེ་ཏེ་ནུབ་སྲིན་མོའི་གཡུས་ཨ་ནཱ་ལས་སོང་སོངམ་པའི་གསེས་མས།
  • ཀརྨ་དངོས་གྲུབ་
    ནུབ་སྲིན་མོའི་གཡུས་ལུ་ ཆོས་ཀྱི་བསྟན་པ་འདི་ ཨ་ནཱེ་སྦེ་དར་ཡི་ཟེར་མས་སྲིནམོ་འདི་ཨ་ནཱེ་སྦེ་བཏུལ་དེ་ལསན་ད་ཁོང་ར་གཉིས་ཡར་ཡར་འབྱོན་ནི་སྦེ་ ཏེ་ཡར་ལས་མར་ད་ཁོང་མར་ཆོས་གནམ་མེད་ས་མེད་ཆོས་ང་བཅས་ནཱ་འབྲུག་ལུ་བཟུམ་སྦེ་ གནམ་མེད་ས་མེད་ཆོས་ཀྱི་དར་ཁྱབ་འགྱོ་ དེ་ནང་ལུ་དེམ་འབད་སྦེ་ཏེ་ཏེ་ཡར་འབྱོན་འབྱོནམ་མས།
  • ཀརྨ་དངོས་གྲུབ་
    ཏེ་ཡར་བྱོན་འབདཝ་ད་ལུ་ཏེ་ད་མར་ལས་ཡར་བྱོན་ཏེ་ཨ་ནཱེ་སྦེ་ ད་ཅིག་ང་གིས་ཞུ་དོ་བཟུམ་སྦེ་ས་ཁ་འཐབ་རྡོ་ཁ་འཐབ་ཤིང་ཁ་འཐབ་ཨ་ལས་སྦེ་ཏེ་སེལ་སྦེ་བྱོན་ཡར་འོག་འོག་ཀླུ་ཡུལ་ལུ་ཏེ་ཀླུའི་རྒྱལ་པོའི་ཡར་ལྷོད་འབད་སྦེ་ཏེ་ཀླུའི་རྒྱལ་པོའི་ཕྱག་དབང་བཅར།
  • ཀརྨ་དངོས་གྲུབ་
    ཏེ་ད་རིས་ཕྱག་དབང་བཅར་དེ་གི་ནངས་པ་ ཡར་ང་བཅས་རའི་འབྲུག་ང་བཅས་ར་འཛམ་གླིང་ནང་ འབྱོན་ནི་འབདཝ་ད་ལུ་དེ་ལས་ཨ་ནཱི་ལུས་སོང་ནུག་མར་གསེར་གྱི་རྟས་ལྕག་འདི་དངུལ་གྱི་རྟས་ལྕག་འདི་ མར་ནུབ་སྲིན་མོའི་གཡུས་ལུ་བརྗེད་སོང་ནུག་ཁོང་གཉིས་ཆ།
  • ཀརྨ་དངོས་གྲུབ་
    ཏེ་བརྗེད་སོང་སྟེ་དེ་ལས་ཏེ་དེ་ལསན་ཏེ་གསེར་གྱི་རྟས་ལྕག་དང་ དངུལ་གྱི་རྟས་ལྕག་འདི་མེད་པ་ཨ་འོ་དེ་གཉིས་མེད་པ་ཅིན་མི་བཏུབ་ད་དེ་འདི་འབག་ར་འབག་དགོ་ཟེར་ཏེ་ཁོ་ར་ད་རུང་ར་ལོག་ལོག་ཁོ་ར་མར་བྱོན།
  • ཀརྨ་དངོས་གྲུབ་
    མར་ནུབ་སྲིན་མོའི་གཡུས་ལུ་ར་ཨ་ནཱི་རྟས་ལྕག་ལེན་པ་དེ་ལས་ཁོ་རྟས་ལྕག་ལེན་པར་བྱོནམ་ད་ལུ་དེ་ལསན་ཏེ་ ནཱ་ཏེ་ད་འོག་ཀླུའི་རྒྱལ་པོའི་སྲསམོ་འདི་ད་ཨ་ནཱི་ཐགཔ་འདི་ དཀྲོག་ར་མ་དཀྲོག་སྨ་རེ་ཟེར་ཨ་ནཱི་ཐགཔ་དཀྲོག་པ་ཅིན་དེ་ལས་ཏེ་ཙ་ལས་མི་བཏུབ་ཟེར།
  • ཀརྨ་དངོས་གྲུབ་
    ད་ཐགཔ་འདི་དཀྲོགས་མ་ད་ཟེར་ང་ལྷོད་ལྷོད་ཁྱོད་ཀྱིས་ དཀྲོགས་མ་ད་ཟེར་འབདཝ་ད་ཏེ་དེ་ནང་ལུ་ ཁོ་ལོག་ལྷོད་ལྷོད་ལུ་ལོ་དགུ་ཟླཝ་དགུ་ཞག་དགུ་འགོར་ནི་མས་ཏེ་ལགས།
  • ཀརྨ་དངོས་གྲུབ་
    ཡར་དང་མར་འགོར་ཏེ་ཨ་ནཱི་ ང་ལྷོད་ཚུན་ཚོད་དཀྲོགས་མ་ད་ད་འདི་དེ་དཀྲོགས་ར་མ་དཀྲོགས་ཟེར་སླབ་བཞག་པན་ཏེ་ཁོ་རྒྱབ་ཐལ་ཡུདཔ་ཅིག་ལསན་ཏེ་ ཚབ་སྟེ་མོ་གནམ་མེད་ས་མེད་ ཡར་འགྱོ་ནི་ཚབ་སྟེ་དེ་ལསན་ཏེ་ ཐགཔ་འདི་དཀྲོགས་ད་ནུག་ལགས།
  • ཀརྨ་དངོས་གྲུབ་
    ཨ་ནཱི་མུ་འདི་དཀྲོགསཔ་ཅིག་དེ་ལས་འཐེན་བདའ་ཆེ་ནུག་ཏེ་ཡར་འཐེན་བདའ་སྦེ་ཡར་ལྷོད་པའི་བསྒང་ལསན་དེ་ལསན་ཏེ་ད་ཁོ་ར་གི་སྤུན་ཆ་འདི་མིན་འདུག་གོ་ཤིག་དེ་ལས་ཡར་ སྲས་ཉིམ་དང་ཟླཝ་དང་གཅིག་ཁར་མས།
  • ཀརྨ་དངོས་གྲུབ་
    ཨ་ཞེམོ་བུ་ཨ་ཞེམོ་གི་བུ་དང་མཉམ་ཏེ་ཁོང་གི་ཕར་ ཤར་ཕྱོགས་མངའ་ལྡན་གྱི་ རྒྱལ་ཁབ་འདི་ནང་ལུ་ཏེ་གདན་འདྲེན་ད་ནུག་ཏེ་འོག་ཀླུའི་རྒྱལ་པོའི་སྲསམོ་འདི་ད་ཕི་ནང་ལྷོད་འབད་སྦེ་ཏེ་གསོལཝ་ཚོགས་ཡང་ག་ནི་ཡང་བཞེས་མ་བཏུབ་ག་ཅི་དྲངས་རུང་བཞེས་མ་བཏུབ།
  • ཀརྨ་དངོས་གྲུབ་
    དེ་ལས་ཨ་ནཱི་ སངས་རྒྱས་ཧ་ཤང་གི་ ཡུམ་འདི་གིས་ བྱཱོ་ཕྱི་ཁུ་ལེ་ཁུ་ལེ་སྦོམ་ཤོས་ཨ་ནེམ་ ལྷག་ལྷོག་ཞིནམ་ན་ཏེ་དེ་ལུ་ཨེ་རྫས་ཅིག་སྦེ་འབདཝ་ད་ཏེ་ཨ་ནཱི་བཞེས་ཨ་ནཱི་བཞེས་སྦེ་བཞུགས་བཞུགསཔ་མས།
  • ཀརྨ་དངོས་གྲུབ་
    ཏེ་དེ་ལས་འདི་ཡང་འབག་འོང་མ་སྟེར་བ་ཡར་གྱི་ཚུ་གིས་དེ་ལསན་ཏེ་ཁོ་མར་གསེར་གྱི་རྟས་ལྕག་དང་ དངུལ་གྱི་རྟས་ལྕག་འདི་ལེན་ཡར་ འོག་ཀླུ་ཡུལ་ལུ་ལྷོད་པའི་བསྒང་ལསན་ཏེ་འོག་ཀླུའི་རྒྱལ་པོའི་སྲསམོ་འདི་ འཇིག་རྟེན་མི་ཡུལ་ལུ་ཐལ་སོང་ནུག་ཏེ་ལགས།
  • ཀརྨ་དངོས་གྲུབ་
    ཐལ་འབད་སྦེ་ཏེ་ཡི་ནང་ཡ་ད་ག་དེ་སྦེ་འབད་ནི་ཟེར་ག་དེ་སྦེ་གནས་སྐབས་སྒོར་རུང་ཡང་མེན་ད་འགྱོ་ས་ལམ་འདི་མིན་འདུག་འཛེག་སའི་ཨེ་ཁུ་མེད་འབད་སྦེ་ དེ་སྦེ་ར་སྡོད་ཏེ་ནམ་ཅིག་གསེས་འབདཝ་ད་འོག་ཀླུའི་རྒྱལ་པོ་གིས་ རྒྱལ་པོ་ལུ་ཞུ་ཞུཝ་མས་ད་ཏེ་སྲསམོ་འདི་ཡར་ཐལ་སོང་ནུག་ཏེ་ཁོ་མར་ལུས་སོང་ཡི་གསེས།
  • ཀརྨ་དངོས་གྲུབ་
    ད་དེ་གི་བདེ་ཐབས་ཅིག་ ག་དེ་སྦེ་ཨིན་རུང་ད་ནཱ་འོག་ཀླུའི་རྒྱལཔོ་ཁྱོད་ར་གིས་ར་ མཛད་དགོ་པས་ཟེར་འབདཝ་ད་ཏེ་ཡ་ཡ་བཏུབ་བཏུབ་ད་ཡར་འགྱོ་ནི་གི་གནས་སྐབས་ཅིག་ཐབས་ཤེས་ཅིག་ང་གིས་འབད་གེ་གསེས།
  • ཀརྨ་དངོས་གྲུབ་
    ཁྱོད་ར་ཡར་འགྱོ་ཤིག་ཟེར་ཡར་གསེར་ཏོག་གུ་ བྱོན་ཞིནམ་ན་ལས་ད་ཡར་ལུ་རྒྱལཔོ་འདི་ ཨ་ནཱེ་སྦེ་བཞུགས་ཞིནམ་ན་དེ་ལསན་ད་ ཁྱོད་ར་རྐངམ་གཅིག་ ཨ་ནཱི་ངེའི་ཕྱག་ལྟག་གཡསཔ་གཡསཔ་གཡསཔ་གུ་བཀལ་ཤིག་གཡོནམ་གཡོནམ་གུ་བཀལ་སྨ་རེ་ཡར་ངེའི་ཕྱག་ལྟག་གུ་ལོང་སྡོད་ཤིག་ཟེར་ཏེ་གསུངས་གསུངསམ་མས།
  • ཀརྨ་དངོས་གྲུབ་
    འོག་ཀླུའི་རྒྱལ་པོ་གིས་ལགས་སོ་གསེས་སླབ་སྦེ་དེ་ལསན་ཏེ་ འོག་ཀླུའི་རྒྱལ་པོ་ ཨ་ནཱེ་སྦེ་ཡར་བཞེངསམ་ད་ལུ་ཏེ་ཏེ་ནཱ་ཨ་ནཱེ་ཡར་བཞེངསམ་ད་ཡར་མཚོའི་ཁ་ལས་ ཨ་ནེམ་ཅིག་ཡར་ཐོན་པའི་གསེས་མས་ཁོ་ཨ་ནཱི་སངས་རྒྱས་ཧ་ཤང་འདི་ལགས།
  • ཀརྨ་དངོས་གྲུབ་
    དེ་ལས་ ཨ་ནཱ་ལས་ཐོན་འགྱོ་འབདཝ་ད་ལུ་དེ་ལས་ཏེ་ཡར་ཡུམ་འབད་སར་སོང་དེ་ལས་ཡུམ་འདིན་ཏེ་གནམ་མེད་ས་མེད་ ཨང་རྒས་ཨང་རྒས་འགྱོ་དེ་ལས་གནམ་མེད་ས་མེད་ཤུམས་སྦེ་སྡོད་ནུག་ཟེར་ཏེ་ག་དེ་སྦེ་ཨིནམ་ གུ་དེ་སྦེ་ཨིནམ་ཟེར་འདྲིཝ་ད།
  • ཀརྨ་དངོས་གྲུབ་
    ཏེ་ད་སྲསམོ་ནཱ་འོག་ཀླུའི་རྒྱལ་པོའི་སྲསམོ་འདིན་ཕར་ཕྱི་་་་ཤར་ཕྱོགས་ལྔ་ལྡན་གྱི་རྒྱལ་ཁབ་ནང་ཏེ་སྲས་ཉིམ་དང་ ཟླཝ་དང་གཅིག་ཁར་ཡོད་ཟེར་གསོལཝ་ཚོགས་ཡང་ ག་ནི་ཡང་བཞེས་མི་བཏུབ་པས་ ཏེ་ང་གིས་ ཏེ་ཁུ་ལེ་རེ་བཟོ་འབགཔ་དནི་ཨ་ནཱི་བཞེསཔ་མས།
  • ཀརྨ་དངོས་གྲུབ་
    ཏེ་འདིནི་ཁོང་གིས་ འབྱིན་མི་སྟེར་བས་ཟེར་ དེ་ལས་ད་ད་ང་བཅས་འདི་ཏེ་ད་ནུ་གཅུང་འདིནི་ ཁྱོད་ཁྱོད་ནཱ་ལས་མར་རྒྱབ་ཐལཝ་ཅིག་རོགས་ཀྱིས་ ཆུ་ནང་ལྷོག་བཀོ་ད་ཡི་ཟེར་ཆུ་ནང་དེམ་འབད་ད་ཡི་ཟེར་ཏེ་ནུ་གཅུང་ཏེ་ཧེ་མ་ལས་ ཤི་སོང་ཡི་ཟེར།
  • ཀརྨ་དངོས་གྲུབ་
    ད་མེད་ཟེར་ཏེ་དེ་ལསན་ཏེ་དེ་ལས་ནཱ་ལས་ཕར་དེ་ལསན་ཏེ་ཁོ་ཏེ་ཏེ་ཞག་གསུམ་ཉིནམ་གསུམ་ཟེར་མི་འདི་བཞུགས་ནུག་ཡར་ཡུམ་དང་གཅིག་ཁར་དེ་ལསན་ཞག་གསུམ་ཉིནམ་གསུམ་འགྱོཝ་ཅིག་དེ་ལསན་ ཕར་སོང་སོངམ་མས།
  • ཀརྨ་དངོས་གྲུབ་
    ཤར་ཕྱོགས་མངའ་ལྡན་གྱི་ རྒྱལ་ཁབ་ནང་འགྱོ་བའི་བསྒང་ལས་དེ་ལསན་ཏེ་ ཁོ་མཐོངམ་ཅིག་ནཱ་དེམ་སྲསམོ་འདི་གིས་ཏེ་ཁོ་འགྱིམ་རྒྱུག་ཏེ་ཁོང་ཆ་ཁྱབ་ཀྱིས་བཏང་མ་བཏུབ།
  • ཀརྨ་དངོས་གྲུབ་
    འབད་བའི་བསྒང་ལས་ དེ་ལསན་ཏེ་ ཁོ་ཕར་སོང་སྦེ་དབའེ་ཏེ་ཁྱོད་དེ་ལསན་ཏེ་ཕར་སོང་ ཏེ་ད་དེ་ལསན་ཏེ་ ཁོ་གོ་རིམ་བཞིན་དུ་ར་ ག་དེ་ཨིནམ་ཨིནམ་ གུ་དེ་སྦེ་ཨིནམ་ ཁོ་ལུ་ཁོ་ལུ་གནམ་མེད་ས་མེད་ངན་པ་འབད་དེ་ཁོང་གིས་ ཕར་སྤུན་ཆ་ཚུ་གི་ལགས།
  • ཀརྨ་དངོས་གྲུབ་
    དེ་ལསན་ ཁོ་གི་ཨ་ནཱི་དངུལ་གྱི་ལྟས་ལྕག་གིས་རྡུངས་ག་ར་དངུལ་གྱི་ལྟས་ལྕག་གིས་རྡུངས་ཏེ་ཨ་རྒས་དང་ ཡབ་རྒྱལཔོ་དང་ཡུམ་རྐྱངམ་ཅིག་བཞག་པའི་ཤུལན་ཏེ་འདི་ཚུ་ག་ར་བསད་ད་ནུག་ལགས་ཚར་ཅིག
  • ཀརྨ་དངོས་གྲུབ་
    པུ་ར་ར་ཁོང་ཆ་ཁྱབ་ག་ར་བསད་དེམ་འབད་སྦེ་ཏེ་ད་དེ་ལསན་ཏེ་འདི་བསད་དེ་ལསན་ཡུདཔ་ཅིག་ཚུན་ཚོད་བཞག་ཡུདཔ་ཅིག་ལས་ལོག་ལྷོང་དེ་ལསན་ཏེ་ ཁོའི་ནུ་གཅུང་གི་ཁུངས་བཀལ་བཅུག
  • ཀརྨ་དངོས་གྲུབ་
    ནུ་གཅུང་འདི་ག་དེ་སྦེ་འབདཔ་སྨོ་ཟེར་ནུ་གཅུང་གི་རུ་ཏོ་ག་ཏེམ་ཟེར་ག་དེ་སྦེ་འབདཔ་ཟེར་ནུ་གཅུང་ཆུ་ནང་བཤགས་ད་ཡི་ཟེར་ཁོང་གིས་ཏེ་ཆུ་ནང་བཤགསཔ་ད་ ཁྱེད་ཀྱིས་ རུ་ཏོ་དང་དེ་ཚུ་ག་དེ་སྦེ་ཡོད་ཟེར་ཏེ་རུ་ཏོ་འཚོལ་འབག་ཤོག་ཟེར།
  • ཀརྨ་དངོས་གྲུབ་
    དེ་ལས་མར་ ཆུའི་མཐའམ་བདའ་སྟེ་བསྐོར་ར་རྐྱབ་ད་ ཏེ་རུ་ཏོ་ཆུང་ཀུ་ཆུང་ཀུ་གཉིས་གསུམ་ཅིག་ ཐོབ་ཐོབཔ་མས་ལགས་ ཏེ་རུ་ཏོ་ཆུང་ཀུ་ཆུང་ཀུ་གཉིས་གསུམ་ཅིག་ཐོབ་འབད་སྦེ་ཏེ་ ཁོ་གིས་ཏེ་ཁོ་ར་གིས་ཏེ་ཏེ་ཨ་ནཱི་སྨན་ཙི་གི་ དར་ལུ་སྤུར་ཞིནམ་ན་དེ་ལས་ཏེ་ལྷ་བསང་ཁྲུས་གསོལ་གནང།
  • ཀརྨ་དངོས་གྲུབ་
    དེ་ལས་གསེར་གྱི་སྒྲོམ་ཅུང་ནང་བཙུགས་གསེར་གྱི་ལྟས་ལྕག་ཐེངས་པ་གསུམ་ སྨོན་ལམ་བཏབ་དྲངས་བཞག་འབད་སྦེ་ཏེ་དེ་ལས་ཨ་ནཱེ་སྦེ་ དེ་ལསན་ཏེ་ ལོག་འགྲོས་ཀྱི་ འགྲོས་ཀྱི་ འགྲོས་ཀྱི་བཏང་སྟེ་ ཏེ་ནུ་གཅུང་འདི་ཨ་ནཱི་རུ་ཏོ་འདི་ཕོཝ་རྒྱགས་དེ་ལས་ཡན་ལག་བཏགག
  • ཀརྨ་དངོས་གྲུབ་
    དེ་ལས་ཁ་མིག་ཁ་དང་མིག་ཏོག་ཚུ་ཡང་ག་ར་བཏགས་དེ་ལསན་ཏེ་ལོག་འབདཝ་ད་ཚིག་ཚག་ཏ་ཚིག་ཏོ་ཚུ་ཡང་བཏགས་ ཡན་ལག་ཨ་ནཱི་ང་བཅས་རྐངམ་ལགཔ་པུ་ར་ ཨ་ནཱེ་སྦེ་བཏགས་ཞིནམ་ན་དེ་ལས་ཡུདཔ་ཅིག་ལས་ཏེ་ཏེ་ད་ཨེང་་་་ང་བཅས་ཏེ་ཁ་སླབ་ནི་བཟོ།
  • ཀརྨ་དངོས་གྲུབ་
    ཁ་སླབ་ནི་ཡོདཔ་སྦེ་བཟོ་འབད་སྦེ་ཏེ་ད་ཨ་ནཱེ་སྦེ་འབད་འབདཝ་མས་དེ་ལས་ཨ་ནཱེ་འབད་ཞིནམ་ན་ཏེ་ཏེ་ནུ་གཅུང་གིས་ཏེ་ད་ག་དེ་སྦེ་འབདཔ་ཟེརཝ་ད་ཁོང་གིས་ ང་ལུ་ཨ་ནཱེ་སྦེ་འབད་ཡི་ཟེར་ཁོང་གི་ཨའུ་རྒྱབ་ཐལཝ་ཅིག་ངནི་ཏེ་ཨོ་ཁ་ནང་ནཱ་ཆུའི་རྒྱ་མཚོ་ནང་ཐིམ་བཀོ་ད་ཡི་ཁོང་གི་ཟེར།
  • ཀརྨ་དངོས་གྲུབ་
    ཏེ་ཨ་ནཱ་ལས་ དེ་ལས་ཏེ་ད་ ཨ་ནཱེ་སྦེ་ཨིན་པས་ཟེར་སླབ་ད་དེ་ལསན་ཏེ་ཁོང་དེ་ལས་ཕར་ཨ་རྒས་ཁོང་རའི་ཨ་རྒས་ཨ་རྒས་ཟེརན་ ཡབ་འདི་རྩིས་དགོ་པས་སྟེ་སྨོ་ད་ཡབ་ཡབ་ཤར་ཕྱོགས་མངའ་ལྡན་གྱི་རྒྱལ་པོ་གིས་ ཏེ་ད་རྒྱལ་སྲས་འདི་ད་ ཁྱོད་སྤུན་ཆ་གཉིས་ཀྱིས་འཛིན་གནང་ཟེར་ཏེ་ཁོང་གཉིས་ལུ་སྤྲོད།
  • ཀརྨ་དངོས་གྲུབ་
    སངས་རྒྱས་ཧ་ཤང་གཉིས་ལུ་སྤྲོད་ཏེ་ཁོང་ཆ་ཁྱབ་ རང་རང་ས་གི་སྐལ་བ་བགོ་བཤའ་སྤྲོད་འབད་སྦེ་རང་རང་ས་གི་རྒྱལ་རྒྱལ་ཁབ་ག་ནཱི་ཡང་མེད་པ་ཏེ་རྒྱལ་ཁབ་འདི་ ཁོང་སངས་རྒྱས་ཧ་ཤང་གཉིས་ཀྱིས་འཐོབ་ཨིན་ཟེར་མས་ལགས།
  • ཀརྨ་དངོས་གྲུབ་
    ཏེ་ཨ་ནཱེ་འབད་ཞིནམ་ན་ལས་ཏེ་འདི་ནང་ལུ་ཏེ་ཤར་ཕྱོགས་མངའ་ལྡན་གྱི་ རྒྱལ་ཁབ་འདི་ནང་ལུ་ཆོས་ཀྱི་བསྟན་པ་འདི་དར་དེ་ལསན་ཏེ་གནམ་མེད་ས་མེད་ཀྱི་ཏེ་ད་རྒྱལ་ཁབ་ཡར་རྒྱས་གནམ་མེད་ས་མེད་འགྱོ།
  • ཀརྨ་དངོས་གྲུབ་
    དེ་ལསན་ཏེ་ཆོས་ཀྱི་ཆོས་ཀྱི་གནམ་མེད་ས་མེད་ད་དར་ཁྱབ་འགྱོ་ཏེ་སྦེ་ཏེ་གནམ་མེད་ས་མེད་ཀྱི་ཏེ་ ལེགས་ཤོམ་སྦེ་དགའ་བའི་སྤྲོ་སྐྱིད་པའི་འགྲོ་འཁྱམས་འབད་སྦེ་ཏེ་དེ་ནང་ལུ་ཏེ་དགའ་བའི་སྐྱིད་པའི་གླུ་ལེན་སྐྱིད་པའི་དེམ་འབད་སྦེ་སྡོད་ཡི་ཟེར་མས་ལགས་ཨ་ནཱེམ་ཅིག་ཨིན་མས།