Skip to main content Skip to search
28 Jun 2018
8 min 20 sec
Video Overview
Creators: 
Penchela, Yeshi Wangchuk, Karma Studio

La Zhupai Gyalpo La is an old Boedra song performed by Wangmo from Paro Dzongkhag. The song is quite long, describing several Dzongkhags and their popular sacred places. It covers most sacred sites of several Dzongkhags, such as Gasa, Bumthang, Dagana, Thimphu Wangdue, Punakha and even a few sacred places in Tibet.

 

ལ་བཞུགས་པའི་རྒྱལ་པོ་ལ་ཟེར་མི་འདི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ སྤ་རོ་རྫོང་ཁག་ལས་ དབང་མོ་གིས་འཐེནམ་ཨིནམ་ད་ འདི་ནང་ མིང་གཏམ་ཅན་དང་ བྱིན་ཅན་གྱི་རང་བཞིན་ཨིན་མི་ རྫོང་ཁག་དག་པ་ཅིག་གི་སྐོར་ལས་ འགྲེལ་བཤད་རྐྱབ་མི་ གླུ་གཞས་རིངམོ་ཅིག་ཨིན་མས། འདི་ནང་ མགར་ས་ལུ་དགོན་དང་ བུམ་ཐང་ལུ་བྱམས་པ་ལྷ་ཁང་ སྤུན་ན་ཁའི་མ་ཆེན་ཚུའི་གཙོས་པའི་ དབང་འདུས་ཕོ་བྲང་དང་ ཐིམ་ཕུག་རྫོང་ཁག་ འདི་ལས་གཞན་ཡང་བོད་ཀྱི་ས་གནས་ བྱིན་ཅན་དག་པ་ཅིག་གི་སྐོར་ལས་སླབ་མས། 

 

Transcript search
No results found for this search
0 of 0
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལགས། །ལྷས་ས་མི་ཆགས་ལྷས་ས་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །ལྷས་ས་ཕྱོགས་ཡི་བསྐོར་ཏེ་ཆགས་ལ། །ལ་ཞུས་པའི་རྒྱལ་པོ་ལ། ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །བསམ་ཡས་མི་ཆགས་བསམ་ཡས་ཆགས་ལ། །ལ་ཞུས་པའི་རྒྱལ་པོ་ལགས། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །བསམ་ཡས་བྱེ་མའི་སྟེང་ལུ་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །བྱང་རྩིས་མི་ཆགས་བྱང་རྩིས་ཆགས་ལགས། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །བྱང་རྩིས་གཞི་ག་རྩེ་ལུ་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །ཕར་རི་མི་ཆགས་ཕར་རི་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལགས། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །ཕར་རི་བསམ་པའི་ལྷ་ཁང་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །མགར་ས་མི་ཆགས་མགར་ས་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །མགརཔ་ས་དགེ་བསྙེན་གོང་མོ་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །བུམ་ཐང་མི་ཆགས་བུམ་ཐང་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །བུམ་ཐང་བྱམས་པའི་ལྷ་ཁང་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །ཀྲོང་གསར་མི་ཆགས་ཀྲོང་གསར་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །ཀྲོང་གསར་དགའ་རབ་དབང་ཕྱུག་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །དར་དཀར་མི་ཆགས་དར་དཀར་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །དར་དཀར་ཀ་ལི་རྫིང་ཁར་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །དབང་འདུས་མི་ཆགས་དབང་འདུས་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །དབང་འདུས་ར་བྲག་ལྷ་ཁང་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །སྤུན་ན་མི་ཆགས་སྤུན་ན་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །སྤུན་ན་མ་ཆེན་སྐུ་མདུན་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །ཐིམ་ཕུག་མི་ཆགས་ཐིམ་ཕུག་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །ཐིམ་ཕུག་ལྷ་མོའི་སྒྲོམ་མཆོད་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །སྤ་རོ་མི་ཆགས་སྤ་རོ་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལ། །
  • དབང་མོ་:Wangmo.
    ལ་བཞུགས་པའི་རྒྱལ་པོ་ལ། །སྤ་རོ་ཧཱུཾང་རལ་དགོན་པ་ཆགས་ལ། །ལ་བཞུགས་པའི་རྒྱལ་པོ་ལགས། །
  • དབང་མོ་:Wangmo.
    ལགས་སོ།