Skip to main content Skip to search
05 Jan 2016
2 min 7 sec
Video Overview
Creators: 
Tibetan & Himalayan Library

This is a video of Zungbum Thar from Badzong, Amdo singing a song called "King Gesar Was the First Real Man." This song is part of a collection of folk songs from the Rebgong cultural area.

འདི་ནི་འཛམ་གླིང་གེ་སར་རྒྱལ་པོ་དང་རྟ་རྐྱང་ངེ་མ་འབྲུག་མོ་གསུང་ལ་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་འཛམ་གླིང་གེ་སེར་རྒྱལ་པོ་དང་ཁོང་གི་ཞོན་པ་རྟ་རྐྱང་ངེ།   བཙུན་མོ་འབྲུག་མོ་གསུམ་ནི་རང་ག་བ་ཞིག་མིན་པར་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་བརྗོད་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0
  • ༼ ཡེ་་་་་་་་་་ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • མི་སྐྱེས་པའི་མགོ་མ་འཛམ་གླིང་ཡིན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གླིང་འཛམ་གླིང་དེང་སང་མི་བཞུགས་ཀི།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • འདིའི་སྤྲུལ་པ་སངས་རྒྱས་སྟོང་སྐུ་ཡིན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • རྟ་སྐྱེས་པའི་རྐྱང་ངེ་ཡིན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གླིང་རྐྱང་ངེ་དེང་སང་མི་བཞུགས་ཀི།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • སྤྲུལ་པ་རྟ་མགྲིན་དམར་པོ་རེད།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • མ་སྐྱེས་པའི་མགོ་མ་འབྲུག་མོ་ཡིན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གླིང་འབྲུག་མོ་དེང་སང་མི་བཞུགས་ཀི།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • འདིའི་སྤྲུལ་པ་སྒྲོལ་མ་སྔོན་མོ་ཡིན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽
  • གླུ་ཤེས་ནི་མིན་ར་རྩེད་དགའ་ཡིན།། ༼ ལ་ལ་མོའི་ལོ་ཡང་གླུ་ཞིག་ལེན། ༽