Skip to main content Skip to search
28 Jun 2018
4 min 56 sec
Video Overview
Creators: 
Yeshi Wangchuk

Gesar Gyelpo, an old Boedra song, was sung by Tshedon from Thinleygang village in Zhemgang Dzongkhag. The verses of the song glorify the deeds and actions of King Gesar. Gesar Gyelpo is a legendary king, an extraordinary human who existed in the past. According to the verses of the song, his face was compared with the full moon, hair with silky gold, hand with a conch and his leg with the circle of wind, running as fast as the wind. As the King was an extraordinary man, he was highly respected and paid homage through the verses of song. 

གླུ་གཞས་ གེ་སར་རྒྱལ་པོ་འདི་ གཞལམ་སྒང་རྫོང་ཁག་ འཕྲིན་ལས་སྒང་གཡུས་ཚན་ནང་ལས་ ཚེ་ལྡན་གྱི་འཐེན་དོ་ཡོདཔ་ཨིན། གླུ་གཞས་འདི་ བོད་སྒྲའི་གླུ་གཞས་ རྙིང་ཤོསཅིག་ཨིནམ་དང་ དེ་གི་ གེ་སར་རྒྱལ་པོ་གི་ མཛད་བྱ་བཟང་པོ་ཚུ་ལུ་ བསྟོད་པའི་གླུ་ཨིན་མས། ཧེ་མ་གི་དུས་ལུ་ གེ་སར་རྒྱལ་པོ་འདི་ ཡ་མཚན་ཆེ་བའི་ མིང་གཏམ་ཅན་གྱི་རྒྱལཔོ་ཅིག་ཨིན་མས། གླུ་གཞས་ནང་ གེ་སར་རྒྱལ་པོ་གི་ཞལ་འདི་ ཚེས་བཅོ་ལྔའི་ཟླཝ་དང་ དབུ་སྐྲ་འདི་ གསེར་ཧུམ་ཅུག་ཅུ་ དེ་ལས་ ཕྱག་དང་ ཞབས་འདི་ གདུང་དཀར་གཡས་འཁྱིལ་དང་ རླུང་གི་འཁོར་ལོ་ཚུ་ལུ་ དཔེ་བཀོད་དེ་འདུག རྒྱལ་པོ་འདི་ གཞན་དང་མ་འདྲ་བའི་རྒྱལཔོ་ཅིག་འབདཝ་ལས་ གླུ་གཞས་ཀྱི་ཐོག་ལས་ རྒྱལཔོ་ལུ་ གུས་ཞབས་དང་ གུས་བཏུད་ཞུཝ་ཨིན་མས། 

Transcript search
No results found for this search
0 of 0
  • ཚེ་སྒྲོན་ Tshedon
    གེ་སེར་(གེ་སར་)རྒྱལ་པོ། །གེ་སེར་(གེ་སར་)རྒྱལ་པོ། །དབུ་སྐྲ་ལེ་ཡོ། དབུ་སྐྲ་གསེར་ལས་འཇམ་པ་ལེ་ཡོ། །དབུ་སྐྲ་གསེར་ལས་བྱམས་པ་ལེ་ཡོ། །
  • ཚེ་སྒྲོན་ Tshedon
    གེ་སེར་(གེ་སར་)རྒྱལ་པོ། །གེ་སེར་(གེ་སར་)རྒྱལ་པོ། །ཞལ་ནི་ལེ་ཡོ། ཞལ་ནི་དཀར་སངས་(གསལ་)ཟླ་བ་ལེ་ཡོ། །ཞལ་ནི་དཀར་སངས་(གསལ་)ཟླ་བ་ལེ་ཡོ། །
  • ཚེ་སྒྲོན་ Tshedon
    གེ་སེར་(གེ་སར་)རྒྱལ་པོ། །གེ་སེར་(གེ་སར་)རྒྱལ་པོ། །སྤྱན་ནི་ལེ་ཡོ། སྤྱན་ནི་གནམ་ཁའི་སྐར་མ་ལེ་ཡོ། །སྤྱན་ནི་གནམ་ཁའི་སྐར་མ་ལེ་ཡོ། །
  • ཚེ་སྒྲོན་ Tshedon
    གེ་སེར་(གེ་སར་)རྒྱལ་པོ། །གེ་སེར་(གེ་སར་)རྒྱལ་པོ། །ཕྱག་ནི་ལེ་ཡོ། ཕྱག་ནི་དུང་དཀར་གཡས་འཁྱིལ་ལེ་ཡོ། །ཕྱག་ནི་དུང་དཀར་གཡས་འཁྱིལ་ལེ་ཡོ། །
  • ཚེ་སྒྲོན་ Tshedon
    གེ་སེར་(གེ་སར་)རྒྱལ་པོ། །གེ་སེར་(གེ་སར་)རྒྱལ་པོ། །ཐུགས་ནི་ལེ་ཡོ། ཐུགས་ནི་བྱང་ཆུབ་སེམས་དཔའ་ལེ་ཡོ། །ཐུགས་ནི་བྱང་ཆུབ་སེམས་དཔའ་ལེ་ཡོ། །
  • ཚེ་སྒྲོན་ Tshedon
    གེ་སེར་(གེ་སར་)རྒྱལ་པོ། །གེ་སེར་(གེ་སར་)རྒྱལ་པོ། །སྐུ་གཟུགས་ལེ་ཡོ། །སྐུ་གཟུགས་ཙཱ་རི་སྨྱུག་མ་ལེ་ཡོ། །སྐུ་གཟུགས་ཙཱ་རི་སྨྱུག་མ་ལེ་ཡོ། །
  • ཚེ་སྒྲོན་ Tshedon
    གེ་སེར་(གེ་སར་)རྒྱལ་པོ། །གེ་སེར་(གེ་སར་)རྒྱལ་པོ། །ཞབས་ནི་ལེ་ཡོ། ཞབས་ནི་རླུང་གི་འཁོར་ལོ་ལེ་ཡོ། །ཞབས་ནི་རླུང་གི་འཁོར་ལོ་ལེ་ཡོ། །
  • ཚེ་སྒྲོན་ Tshedon
    ལགས་སོ།། །།