31 Oct 2012
3 min 55 sec
Video Overview
Creators:
Unknown
བརྙན་འདི་ནི་རྒན་མོ་ཚོ་ལོ་ཡིས་བཤད་པའི་གནམ་གཏམ་འབུམ་ཁྲི་རྒྱལ་ཟེར་བ་དེ་ཡིན་ལ། ཚོ་ལོ་ནི་ཨ་མདོའི་རེབ་གོང་ཆུ་མ་སྡེ་བའི་རྒན་མོ་ལོ་ལོན་ཞིག་ཡིན།
This video is about Tsolo who is from Chuma Village, Repgong in Amdo. She is telling a traditional story called "The King of Bumtri".
- འབུམ་ཁྲི་རྒྱལ་བོ་སྲས་གསུམ་ཡོད་པ་རེད།
- སྲས་གསུམ་པོ་ལས་སྲས་ཆུང་བའི་མིང་ལ་ནོར་བུ་དོན་གྲུབ་ཟེར་བ་རེད།
- རྒྱལ་བོས་ཁོང་ལ་ནད་གཞི་ཕོག་ཡོད་འདུག
- དྲགས་རྒྱུ་དཀའ་འོ་ཞེས་གསུངས་བས།
- དེ་ན་ཁྱེད་ལ་ཅི་ཞིག་དགོས་སམ་ཚོང་བྱས་ཏེ་ཉོས་ན་ཨེ་ལོན་གི་ཞེས་དྲིས་པས།
- རྒྱལ་བོས་དེ་བྱས་ཏེ་ལོན་ནི་ཞིག་མ་རེད་ཅེས་གསུངས།
- འོ་ན་རྒྱུ་སོགས་ཀྱིས་ཉོས་ན་ལོན་ནམ་ཞེས་པར་རྒྱལ་བོས་དེ་ཡང་མིན་ནོ་ཞེས་གསུངས།
- ཅི་བྱས་ཀྱང་ལོན་རྒྱུ་ཞིག་མ་རེད་སུས་ཀྱང་མི་ལོན་མོད།
- འོན་ཀྱང་བདག་གིས་རྨི་ལམ་དུ།
- སྲས་ཆུང་བ་ནོར་བུ་དོན་གྲུབ་ཀྱིས་མ་ལོན་ན་སུས་ཀྱང་མི་ལོན་ཞེས་གསུངས་པར།
- བུ་ཆེ་བ་གཉིས་ཅུང་ཙམ་སེམས་ངན་ཡིན་ས་རེད།
- ངེད་གཉིས་ཀྱིས་རྨ་ཕར་རི་ཚུར་རི་མཚོ་གཡས་རི་གཡོན་རི་བྱས་ཏེ།
- འཐབ་འཁྲུགས་བྱས་ཀྱང་ངེད་གཉིས་ཀྱིས་མི་ལོན་ན།
- སྲས་ཆུང་བ་ནོར་བུ་དོན་གྲུབ་ཀྱིས་ཅི་ལྟར་ལོན་ནུས་ཁོས་སྒོ་ཕྱི་ནང་མ་གཏོགས་ས་མི་ཤེས།
- ཡུལ་ཕ་མ་མ་གཏོགས་མི་མི་ཤེས་བ་ཁོས་ཅི་ལྟར་ལོན་ནུས་ཅེས་ཞུས།
- རྒྱལ་བོས་དེ་ན་བུ་སུ་ངར་ན་དེ་དཔའ་ནི་ཡིན་ཁྱོད་ཚོ་གསུམ་པོ་སོང་ཞེས་གསུངས།
- དེ་ནས་བུ་ཆེ་བས་ང་བུ་ཆེ་བ་ཡིན་པས་ལུང་བ་ཆེ་བའི་ནང་དུ་འགྲོ་རྒྱུ་ཡིན་ཞེས་བཤད།
- བུ་འབྲིང་བས་ང་ནི་ལུང་བ་འབྲིང་བའི་ནང་དུ་འགྲོ་རྒྱུ་ཡིན་ཞེས་བཤད།
- ལུང་བ་ཆུང་བའི་ནང་དུ་མི་ཕར་ཞོག་ཁྱི་ཡང་འགྲོ་མཁན་མེད་པ་བྱུང་།
- དེ་ཅིའི་ཕྱིར་ཞེ་ན།
- རི་དྭགས་གཅན་གཟན་གྱི་ཁ་ནས་མི་ཐར།
- བྲག་གཡང་གཟེར་ལས་མི་ཐར་བས་རྐྱེན་རེད།
- སྲས་ཆུང་བ་ནོར་བུ་དོན་གྲུབ་ལ།
- ཁྱོད་ནི་ང་ཚོ་ལས་ཆེས་ཆུང་བ་ཡིན་པས་ཁྱོད་སོང་ཅིག་ཅེས་བཤད་པས།
- སྲས་ཆུང་བ་སོང་དུས་རི་དྭགས་གཅན་གཟན་ཡོད་པ་མ་རེད།
- བྲག་གཡང་གཟེར་ཅི་ཡོང་ཡོད་པ་མ་རེད།
- ཁོ་རང་ལུང་བའི་ཁར་འབུད་ལ་ཁལ་ཡོད་དུས།
- གླ་ཞིག་གིས་དེ་རུ་ཤག་ཤག་གི་སྒྲ་བཟོ་བཞིན་པ་ཐོས།
- ཁོས་གླ་དེ་བསད་རྗེས་གླ་དེའི་གླ་རྩི་བླངས་ཏེ་ཁྱེར་ཏེ་མར་སོང་བ་ན།
- ཆུ་བོ་ཆེན་པོ་ཤིག་ཡོད་ལ་དེ་བརྒལ་ཏེ་སོང་སོང་ནས་ཉིན་ཞག་བདུན་སོང་བ་ན།
- རྒྱལ་བོ་སྟོབས་ལྡན་ཞིག་གི་མཁར་སྒོ་རེད་བསམ་བྱེད་ཀྱི་སྒོ་ཆེན་ཞིག་མཐོང་།
- ཁོས་སྒོ་ཆེན་དེ་བཤིག་ཏེ་སོང་བས།
- དེའི་མི་བདག་གིས་ཁྱོད་ནི་མི་ཞིན་ཡིན་ནམ་འདྲེས་ཤིག་ཡིན་ཞེས་དྲིས།
- དེ་ལ་རྒྱལ་བོའི་བཙུན་མོ་ཞིག་གིས་དཔེ་ཆ་མང་པོ་བསྡུས་ཡོད་པའི་སྒམ་ལས།
- དཔེ་ཆ་མང་པོ་ཞིག་ཡོད་པ་དེའི་ནང་དུ་བལྟས་དུས།
- ཁོ་ནི་བླ་མ་ཞིག་གི་སྲས་ཆུང་བ་ནོར་བུ་དོན་གྲུབ་ཟེར་མཁན་ཞིག་གི་ཡོད་པ་
- དེ་རང་ཡུལ་ཐོན་ཡོང་ཞེས་ལུང་བསྟན་ཡོད་པ་དེ་རེད་ཅེས་བཤད།