Video Overview
འདི་ནི་བྱ་མ་གོ་ལེབ་ཀྱིས་ཕུག་རོན་གྱི་ལྕེ་བཅད་ནས་ཁོ་རང་སྔར་བཞིན་བྱ་རྒྱལ་བསྡད་པའི་གཏམ་རྒྱུད་ཅིག་ཡིན།
- སྐལ་བཟང་འབུམ།བྱ་ཡི་རྒྱུ་མཚན་ངོ་སྤྲོད་འདྲ་བ་འདི་འདྲ་ཞིག་རེད།
- དེའི་འཕྲོ་ནས་བྱ་དེར་འཚོགས་ནས་བསྡད་དེ།
- བྱ་ཡི་དཔོན་པོ།
- དང་པོ་ཡིན་རྒྱུ་ན་བྱེའུ་བྱ་མ་ཀོ་ལེབ་ཟེར་བ་ཞིག
- དཔོན་པོར་བསྡད་པ་རེད།
- དེ་ནས་བྱ་རྒྱལ་བྱ་མང་འཚོགས་ནས་གྲོས་བྱས་ཏེ།
- འདི་འདྲའི་དཔོན་པོ་ཞིག་བྱ་རྒྱལ་བྱ་མང་འདིར་མི་འགྲིག་གི།
- དཔོན་པོ་མང་ཡང་དེའི་ནང་ནས་བྱ་མ་ཀོ་ལེབ་འདི་མི་འགྲིག་གི།
- དཔོན་པོ་འདི་བརྗེ་དགོས་ཟེར།
- འདི་ཅི་ལྟར་བརྗེ་དགོས་ཞེས་གྲོས་བྱས་ན།
- གཤོག་རྩལ་འགྲན་དགོས།
- གཤོག་རྩལ་མ་འགྲན་ན་རང་དགར་བཞག་ན་མི་འགྲིག་གི་ཞེས།
- གཤོག་རྩལ་འགྲན་ནས་རི་རྒྱལ་བོ་རི་རབ་ལ་སྐོར་བ་བྱས་ནས།
- སུ་ཐོན་གི་བལྟས་ནས་གཤོག་རྩལ་འགྲན་པ་རེད།
- འགྲན་ནས་སྔོན་མ་ནས་ཕུག་རོན་ཐོན་པ་རེད།
- ཁོ་རང་སྟེ་བྱེའུ་བྱ་མ་ཀོ་ལེབ་འགྲོ་རྒྱུ་ཡོད་པ་མ་རེད།
- བྲག་འོག་ནས་ཉི་མར་ལྡེ་ནས་བསྡད་པ་རེད།
- དེ་ནས་ཕུག་རོན་འཕུར་ནས་ཐོན་ནས་ཁོའི་གམ་ཏུ་ཐོན་པ་རེད།
- ཐོན་དུས་ཡ་ཁྱོད་གང་ལ་སོང་བ་ཡིན།
- སོང་ས་སོང་སོ་དང་སྐོར་བ་བྱེད་ཚུལ།
- ལྷོ་འཛམ་བུ་གླིང་གི་རྒྱུ་མཚན་དྲིས་ནས།
- ཚར་ལ་ཉེ་དུས་ཡ་་་དེར་བཤད་རྒྱུ་ཡོད་པ་མ་རེད།
- ཁྱོད་དེ་རིང་དཔོན་པོ་ཡིན་པ་རེད།
- དེ་ན་ཁྱོད་ཀྱིས་ཁོ་ལ་འོ་ཞིག་བྱས་ནས་ཁྱོད་བུད་ལ་སོང་ཟེར།
- འོ་ཞིག་བྱེད་དུས་སོ་བཏབ་ནས་ལྕེ་སྣེ་བཅད་པ་རེད།
- བཅད་ནས་ཁོ་ཡང་རྒྱུགས་པ་རེད།
- བྱ་རྒྱལ་བྱ་མང་ཚོ་རྒྱུགས་ནས་གཉིས་ཀ་མཉམ་དུ་ཐོན་པ་རེད།
- ཁྱོད་གཉིས་ཀྱིས་སྔོན་མ་སུ་ཡིན་ཞེས་དྲིས་དུས།
- ཕུག་རོན་ལ་ལྕེ་མེད་པར་བཤད་མ་ཐུབ་པ་རེད།
- བཤད་མ་ཐུབ་པར་སྦུག་གུག་སྦུག་གུག་ཅེས་བཤད་ནས་བསྡད།
- ཁྱོད་ཀྱིས་གསལ་བོར་ཤོད་ཟེར།
- ཡང་སྦུག་གུག་ཅེས་ལྕེ་མེད་པར་བཤད་མ་ཐུབ་པར།
- མཚམས་དེ་ནས་ཁོ་མ་ལྷུང་པར།
- དཔོན་པོ་འདྲ་བོ་འཁུར་ནས་བསྡད་པ་རེད།
- བློ་རིག་ཡོད་ན་དེ་འདྲ་ཡིན་པ་རེད།
- རྒྱུ་མཚན་འདི་གནའ་བཤད་ཐུང་ཐུང་ཞིག་ཡིན།