Video Overview
Kato Kyi from Sonak village in Tsekhok tells the story of the greedy king and the poor man.
བརྙན་འདིར་རྒྱལ་བོ་ཞིག་དང་དབུལ་བོ་ཞིག་གི་གཏམ་རྒྱུད་བརྗོད་ནས་རྒྱལ་བོ་ལ་འདོད་པ་ཆེ་དྲག་པས་མཐའ་མར་རྒྱལ་སའང་ཤོར་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
བརྙན་འདིར་རྒྱལ་པོ་ཞིག་དང་ཁྱིམ་ཚང་དབུལ་བོ་ཞིག་གི་བུ་ཕྲུག་གི་བར་གྱི་གཏམ་རྒྱུད་བརྗོད་ཡོད་དེ། ཁྱིམ་ཚང་དབུལ་བོ་ཚང་གི་བུ་ནི་དད་པ་ཆེ་ཞིང་ཡ་རབས་སྤྱོད་བཟང་ཅན་ཞིག་ཡིན་ལ། རེ་ཞིག་ཁོང་གིས་ར་མའི་རུལ་མ་དང་མ་ཎི་གསོག་ཡོད་པའི་ས་ཁུང་དེ་ལས་ཡ་མཚན་ཅན་གྱི་མེ་ཏོག་ཞིག་སྐྱེས་ནས་རང་གི་ཁྱིམ་ལ་འཁྱེར་བ་རྒྱལ་བའི་བློན་པོ་ཞིག་གི་མཐོང་སོང་། དེ་རྒྱལ་བོ་ཡར་ཞུ་བྱས་ནས་སྐྱེས་པོ་དེ་རྒྱུན་ལྡན་ཞིག་པ་སྨྲས་ནས་ཁོ་རང་ལ་འཇིག་རྟེན་མིས་སྒྲུབ་མི་ཐུབ་པའི་བྱ་བ་གང་མང་ཞིག་བསྒྲུབས་སུ་བཅུག མཐའ་མར་ཚེ་ཕྱི་མ་ལ་འགྲོ་ཁུལ་བྱས་པ་རྒྱལ་བོས་ཀྱང་ལད་ཟློས་བྱས་པས་ཕྱིར་ཡོང་མེད་སོང་། འདི་ནི་ལྷ་སྒྲུང་རང་བཞིན་ལྡན་པའི་གནའ་གཏམ་ཞིག་ཡིན་ལ་མི་རྣམས་ཀྱིས་ཡིད་དུ་འོང་བའི་བསམ་པའི་འཆར་སྒོ་དང་ངག་གི་སྒྱུ་རྩལ་ལ་བརྟེན་ནས་གཏམ་རྒྱུད་འདི་བརྗོད་ཡོད་ལ། དུས་རྒྱུན་བསམ་པ་བཟང་པོ་ཞིག་དགོས་པའང་བསྟན་ཡོད།
这段视频讲了一位国王与乞丐的故事,由于国王太贪婪,最后不仅丢了王位也丢了性命的故事。
这段视频讲了属于神话传说类的故事,是个富有的想象力的故事。王宫的旁边住着有几只山羊的贫穷人家,只有母子俩。儿子即善良又信奉,有一天他的家里长了一朵非常神奇的花朵,能照亮他们的整个屋子。有位大臣知晓后禀告大王并收了回来。告诉大王这人非凡,让他做了很多凡人所无法做到的事情,他还是一一做到了,最后国王也依照了他的做法却丢了自己的性命。
- གནའ་གནའ་ཞིག་ལ་རྒྱལ་པོ་ཞིག་ཡོད་པ་རེད།
- རྒྱལ་བོ་དེའི་མཐའ་འཁོར་ན་རྒན་མོ་མ་བུ་གཉིས་ཡོད།
- རྒན་མོ་མ་བུ་གཉིས་ཡོད།
- དེ་མ་བུ་གཉིས་ལ་གཅིག་ཀྱང་མེད།
- ར་མ་འགའ་ལས་མེད།
- བུ་དེ་ཧ་ཅང་མི་འདྲ་བ་བཟང་བོ་ཞིག་ཡིན།
- དེ་ནས་བུ་དེ་ཉིན་རྒྱུན་ར་རྫི་ལ་འགྲོ་དུས།
- ཕར་ལ་འགྲོ་དུས་རྐོ་དོང་ཞིག་བརྐོས་ནས།
- དེའི་ནང་ལ་རིས་མ་གཅིག་རེ་གཅིག་རེ་མ་ཎི་བཏོན་ནས་དེའི་ནང་ལ་འཕངས་།
- ཕྱིར་ཡོང་དུས་ཡང་མ་ཎི་བཏོན་ནས་དེའི་ནང་ལ་འཕངས།
- ཕར་ལ་འགྲོ་དུས་ཡང་མ་ཎི་བཏོན་ནས་དེའི་ནང་ལ་འཕངས།
- ཉིན་ཞིག་ལ་རྐོ་དོང་ཁ་བཀང་བ་རེད།
- རྐོ་དོང་ཁར་སོང་བ་རེད།
- བཀང་རྗེས་རྐོ་དོང་ཁ་ནས་ཉིན་ཞིག་ལ།
- མེ་ཏོག་འོད་ཅན་ཡ་མཚན་ཅན་ཞིག་སྐྱེས་པ་རེད།
- དེ་ནས་ཨ་ཡ་མཚན་འདོད་ནས།
- མེ་ཏོག་འདི་དཀོན་མཆོག་གསུམ་གྱིས་ང་ལ་གནང་བ་ཡིན་རྒྱུ་རེད།
- ངས་འདི་ཡུལ་ལ་ཁྱེར་དགོས་འདོད་ནས།
- ཉིན་ཞིག་ལ་ཁོ་ཡིས་བབས་ནས་ཡུལ་ལ་ཁྱེར།
- ཁོ་མ་བུ་གཉིས་ཀྱིས་ཡུལ་ནས་བཙུགས་ཏེ་བཞག་ན།
- ནང་དུ་འོད་ཀྱིས་བཀང་ནས་འདུག་པའི་མེ་ཏོག་ཡག་པོ་ཞིག་སྐྱེས་པ་རེད།
- དེ་ནས་ཉིན་ཞིག་ལ་རྒྱལ་བོའི་བློན་པོ་ཞིག་གིས་མཐོང་བྱུང་།
- རྒྱལ་བོ་ལ་རྒན་མོའི་བུ་དེ་ལ་མེ་ཏོག་དེ་འདྲའི་ཡ་མཚན་ཞིག་ཡོད།
- དེ་ནི་རྒན་མོའི་བུ་ལ་དགོས་པ་ཞིག་མ་རེད།
- རྒྱལ་བོའི་མདུན་དུ་དགོས་པ་ཞིག་རེད་ཟེར།
- དེ་ནས་སོང་ལ་རྒན་མོའི་བུ་ལ་འདིར་ཤོག་ཟེར།
- བུ་ལ་འདིར་ཤོག་ཟེར་ནས་བོས།
- ཁྱོད་དེ་འདྲའི་མེ་ཏོག་ཡག་པོ་ཞིག་ཡོད་གི་ཟེར།
- ཁྱོད་དགོས་ནི་ཞིག་མ་རེད།
- ང་ཚོར་དགོས་པ་རེད་ཟེར།
- དེ་ནས་ཁོར་བྱིན་ཟེར།
- རྒྱལ་བོས་བཀའ་བབས་པས་སྟེར་དགོས་ནི་རེད།
- ཡ་ཟེར་ནས་མེ་ཏོག་རྒྱལ་བོ་ལ་བྱིན།
- ཡང་བློན་པོ་ཚོས་རྒན་མོའི་བུ་དེར་ལས་མི་ཐུབ་པ་མེད་གི
- མེ་ཏོག་གི་རོགས་ལ་མེ་ཏོག་ཀུ་ཤ་སྣ་ཟེར་བའི་མེ་ཏོག་ཡག་པོ་ཞིག་ཡོད།
- དེ་ཡི་རྗེས་ལ་འགྲོ་རུ་བཅུག་ན་ནུས་རྒྱུ་རེད་ཟེར།
- དེ་ནས་ཡང་རྒྱལ་བོ་ཡིས་བདེན་གི་འདོད་ནས།
- ཡང་རྒན་མོའི་བུ་ལ་འདིར་ཤོག་ལ་ཟེར་ནས་ཁོ་བོས་ཏེ།
- བོས་ནས་ཁྱོད་མེ་ཏོག་ཀུ་ཤ་སྣ་ཡི་རྗེས་ལ་འགྲོ་དགོས་ཟེར།
- མེ་ཏོག་འདིར་རོགས་པ་མེ་ཏོག་ཡག་པོ་ཞིག་དགོས།
- དེ་ནས་ཡ་ཟེར་ནས།
- མེ་ཏོག་ཀུ་ཤ་སྣ་ཡི་རྗེས་ལ་ངེས་པར་དུ་འགྲོ་དགོས་ཟེར།
- མེ་ཏོག་ཀུ་ཤ་སྣ་ཡི་རྗེས་ལ་སོང་ན།
- སྲིན་པོ་དང་གཅན་གཟན་གྱི་ཁ་ནས་མི་ཐར་ས་མང་པོ་ཡོད་གི
- དེ་ནས་ཁོ་དེར་སོང་ན་ཐར་རྒྱུ་མ་རེད།
- རྒྱལ་བོ་ལོ་ལོ་ཁོར་གནང་བ་ཞིག་ཟེར་དུས་གནང་བ་མེད།
- ཁྱོད་དེར་མི་འགྲོ་ན་སྲོག་གི་ཆད་པ་ཡོད་ཟེར།
- དེ་ནས་འགྲོ་དགོས་བྱུང་།
- ཡོང་ནས་ཨ་མ་རྒྱལ་བོ་ཡིས་མེ་ཏོག་ཀུ་ཤ་སྣ་ཡི་རྗེས་ལ་སོང་ཟེར།
- ང་ཕྱིར་ཐོན་མི་ཐོན་ཤེས་རྒྱུ་མ་རེད།
- ཁྱོས་གོ་རེ་ཞིག་ལས་དང་ངེད་གཉིས་ཀྱིས་ཇ་ཞིག་འཐུང་རྗེས་ང་འགྲོ་ཟེར།
- ཡ་ཟེར་ནས་གོ་རེ་བཟོས་ནས།
- གོ་རེ་ཕྱེད་ཀ་ངས་ཁྱེར་ལ་འགྲོ།
- གོ་རེ་ཕྱེད་ཀ་ངེད་གཉིས་ཀྱིས་ཟ་ཟེར་ནས།
- གོ་རེ་ཕྱེད་ཀ་ཁོ་གཉིས་ཀྱིས་ཟོས།
- གོ་རེ་ཕྱེད་ཀ་ཁྱེར་ནས་བུད་སོང་།
- དེ་ནས་སོང་ཏེ་ས་ཡི་རྒྱལ་བོ་ཚང་ལ་ཐུག
- དེ་ནས་ཁྱོད་གང་ལ་འགྲོ་བ་ཡིན་ཟེར།
- ང་མེ་ཏོག་ཀུ་ཤ་སྣ་ཡིས་རྗེས་ལ་འགྲོ་བ་ཡིན་ཟེར།
- ཡང་ཉི་མ་བདུན་ལ་འདུག་གི་བཅུག་ནས།
- ཉི་མ་བདུན་ལ་སྟོན་མོ་བྱས།
- ཡང་ཁྱོད་ཕྱིར་ཤོག་དང་།
- མེ་ཏོག་ཀུ་ཤ་སྣ་ཁྱེར་ནས་ཕྱིར་ཡོང་ན།
- ཁྱོད་ས་སྣེ་ཏོ་གང་སྟེར་ས་མོ་མཚོ་སྟེར་ཟེར།
- དེ་ནས་ཡ་ཟེར་ནས་སོང་བས་ཆུ་ཡི་རྒྱལ་བོ་ཚང་ལ་ཐུག
- ཡང་ཁྱོད་གང་ལ་འགྲོ་བ་ཡིན་ཟེར།
- ང་མེ་ཏོག་ཀུ་ཤ་སྣ་ཡི་རྗེས་ལ་འགྲོ་བ་ཡིན་ཟེར།
- ཡང་ཁྱོས་མེ་ཏོག་ཀུ་ཤ་སྣ་ཁྱེར་ནས་ཕྱིར་ཤོག་ལ།
- ཁྱོད་ཆུ་མོ་མཚོ་སྟེར་ཆུ་དམ་བུ་གང་སྟེར་ཟེར།
- ཡང་ཉི་མ་བདུན་ལ་བསྡད་ནས།
- ཉི་མ་བདུན་ལ་སྟོན་མོ་བྱས།
- དེ་ནས་སོང་བས་ཤིང་གི་རྒྱལ་བོ་ཚང་ལ་ཐུག
- ཁྱོད་གང་ལ་འགྲོ་བ་ཡིན་ཟེར།
- ང་མེ་ཏོག་ཀུ་ཤ་སྣ་ཡི་རྗེས་ལ་འགྲོ་བ་ཡིན་ཟེར།
- ཡང་ཁྱོད་ཕྱིར་ཤོག་ལ།
- ཤིང་མོ་མཚོ་སྟེར་ཤིང་སྣེ་ཏོ་གང་སྟེར་ཟེར།
- ཡང་ཉི་མ་བདུན་ལ་འདུག་ཏུ་བཅུག་ནས།
- ཉི་མ་བདུན་ལ་སྟོན་མོ་བྱས་ནས་སོང་།
- དེ་ནས་ཁོ་སོང་ནས་མཚོ་ཞིག་ལ་ཐུག
- མཚོ་ཞིག་ལ་ཐུག་པ་རེད།
- མཚོ་དེར་ཐུག་ནས་ཁོ་ཡིས་གསོལ་བ་བཏབ།
- མཁའ་འགྲོ་མའི་ཡུལ་ལ་གསོལ་བ་འདེབས།
- ལྷ་ཡུལ་ལ་གསོལ་བ་བཏབ་ནས།
- ང་མཚོ་འདིའི་ཕ་རོལ་ལ་འཕེན་དགོས་ཟེར་ནས།
- དེ་ནས་གསོལ་བ་ཞིག་བཏབ་པས།
- ཁོ་རྒོད་ཐང་དཀར་ཞིག་འཕུར་ནས་ཡོང་སྟེ།
- ཁོ་གཤོག་ཐོག་ལ་བླངས་ནས་ཆུ་ཡི་ཕ་རོལ་ལ་འཕངས།
- མཚོ་དེའི་ཕ་རོལ་ལ་འཕངས།
- དེ་ནས་ཁོ་སོང་ནས་མཁར་ཞིག་གི་འདབས་ན།
- གསེར་ནག་གི་སླེ་བོ་ཞིག་གི་ནང་ན།
- བུ་མོ་ཞིག་གི་རོ་དང་བུ་མོ་ཞིག་གི་མགོ།
- གསེར་ནག་གི་གདེན་གྱི་སྟེང་ལ་མགོ་བཞག་ནས།
- རྩིབ་ན་ཤོ་རྡེའུ་དཀར་ནག་གཉིས་ཡོད།
- དེ་ནས་མྱུར་དུ་འདི་ཅི་ཡིན་འདོད་ནས།
- བུ་མོའི་མགོ་ཕྱིར་མགོར་སྦྱར་ནས།
- ཤོ་རྡེའུ་དཀར་པོས་གཅིག་བསྣུན་པས་བུ་མོ་ལངས་པ་རེད།
- དེ་ནས་འདི་ཅི་ཡིན་ནི་རེད།
- ང་མེ་ཏོག་ཀུ་ཤ་སྣ་ཡི་རྗེས་ལ་ཡོང་བ་ཡིན།
- ཁྱོས་ང་མེ་ཏོག་ཀུ་ཤ་སྣ་གང་ན་ཡོད་པ་བཤད་ན་ཨེ་ཆོག
- མེ་ཏོག་ཀུ་ཤ་སྣ་ཟེར་བ་གཞན་པ་ཞིག་ཡོད་ནི་མ་རེད།
- མེ་ཏོག་ཀུ་ཤ་སྣ་ང་ཡིན་ནི་རེད།
- ང་སྲིན་པོའི་ལག་ལ།
- ང་འདི་ལྟར་ཆུ་ཁ་ཞིག་ལ་ཁྲུས་བྱེད་སྤྱད་ཡི་ཆུ་ཡི་རྗེས་ལ་ཡོང་བས།
- ང་འདི་ལྟར་ལྷ་ཡུལ་ནས།
- ཁྲུས་བྱེད་སྤྱད་ཀྱི་ཆུའི་རྗེས་ལ་ཡོང་བས།
- ང་སྲིན་པོའི་ལག་ལ་ཤོར་ནས།
- སྲིན་པོས་ང་བཟུང་ནས་བཙོན་ཚགས་ཏག་ཏག་བྱས་ནས་བསྡད་ཡོད།
- ཁྱོད་འདུག་མི་ཉན།
- ཁྱོད་ཀྱང་འདིའི་རང་བཞིན་ཡིན་ནི་རེད་ཟེར།
- དེ་ན་ང་ཁྱོད་ཀྱི་རྗེས་ལ་ཡོང་ནི་ཡིན།
- ངེད་གཉིས་འབྲོ་ཟེར་ནས།
- ཡ་ཟེར་ནས་གསེར་ནག་གི་སླེ་བོ་འཁུར་ནས།
- ཤོ་རྡེའུ་དཀར་ནག་གཉིས་ནང་ལ་བཞག་ནས་ཁྱེར་ནས་ཁོ་གཉིས་བྲོས།
- བྲོས་ནས་མཚོ་ཁ་ལ་ཐོན་དུས་སྲིན་པོས་ཤེས་སོང་།
- སྲིན་པོ་ཚང་མ་ཁོ་ཡི་རྗེས་ལ་ཕྱོགས་ནས་ཡོང་དུས།
- ཁོ་ཡིས་ལྷ་ཡུལ་ལ་གསོལ་བ་བཏབ།
- མཁའ་འགྲོ་མ་ལ་གསོལ་བ་བཏབ།
- ཀླུ་ཡུལ་ལ་གསོལ་བ་བཏབ།
- དེ་ནས་ཁོ་ཡིས་ངེད་གཉིས།
- ཕ་རོལ་ལ་ངེད་གཉིས་འཕེན་དགོས་ཟེར་ནས་གསོལ་བ་བཏབ་པས།
- ཡང་རྒོད་ཐང་དཀར་འཕུར་ནས་ཡོང་སྟེ།
- ཁོ་གཉིས་གཤོག་ཐོག་ལ་བླངས་ནས་ཕར་ལ་འཕུར་སོང་།
- མཚོ་དེའི་ཕ་རོལ་ལ་འཕངས་བ་ཡིན།
- དེ་ནས་སྲིན་པོ་ཚང་མ་མཚོ་དེར་ཐོགས་ནས།
- ཁོ་གཉིས་ཀྱིས་རྗེས་ལ་ཡོང་མ་ཐུབ་པ་ཡིན།
- ཕ་རོལ་ཚུལ་རོལ་ནས་སྡོང་བོ་རྩད་རྫོགས་བྱས་ནས་མཚོ་ནང་ལ་འཕངས།
- དེ་ནས་ཁོ་གཉིས་ཤོར་སོང་།
- དེ་ནས་ཡོང་བས་ཤིང་གི་རྒྱལ་བོ་ཚང་ལ་ཐུག
- ཤིང་གི་རྒྱལ་བོ་ཚང་ལ་ཐུག་ནས།
- དེ་ནས་མེ་ཏོག་ཀུ་ཤ་ཁྱེར་ནས་ཡོང་ཡོད་ཟེར་ནས་དགའ།
- ཤིང་མོ་མཚོ་བྱིན་ནས་ཤིང་སྣེ་ཏོ་གང་བྱིན་ནས་ཡོང་དུ་བཅུག
- དེ་ནས་ཡོང་ནས་ཆུའི་རྒྱལ་བོ་ཚང་ལ་ཐུག
- ཆུའི་རྒྱལ་བོ་ཚང་ལ་ཐུག་ནས།
- ཆུ་མོ་མཚོ་བྱིན་པ་དང་ཆུ་དམ་བུ་གང་བྱིན་ནས་ཡོང་།
- དེ་ནས་ཡོང་བས་ས་ཡི་རྒྱལ་བོ་ཚང་ལ་ཐུག
- ས་སྣེ་ཏོ་གང་དང་ས་མོ་མཚོ་བྱིན་ནས་ཡོང་།
- དེ་ནས་ལྷ་མོ་གསུམ་ནས་བཞི་ཁྲིད་ནས།
- དེ་གསུམ་པོ་ཁྲིད་ནས་ཡོང་།
- དེ་ནས་ཡོང་དུས་ཁོ་ཚོས་ལམ་ནས།
- རྒྱལ་བོ་ཚང་ལ་ང་ཚོའི་རྫུན་བཤད་དགོས་རྒྱུ་རེད་ཟེར་ནས།
- མེ་ཏོག་པདྨ་ཞིག་བབས་ནས།
- མེ་ཏོག་པདྨ་ཞིག་ཁྱེར་ནས།
- ཁོ་ཚོས་ལམ་ནས་དེ་འདྲ་ཞིག་བཙལ་ནས་དེ་འདྲ་ཞིག་ཁྱེར་ནས།
- འདི་འདྲ་ཞིག་ཁྱེར་ནས་སོང་སྟེ་མེ་ཏོག་པདྨ་ཞིག་གིས།
- རྒྱལ་བོ་ཚང་གི་མགོ་གཡོག་ཟེར་ནས།
- མེ་ཏོག་པདྨ་ཞིག་བལ་ཏེ་ཁྱེར་ནས་ཡོང་།
- རྒྱལ་བོ་ཚང་ལ་བྱིན།
- མེ་ཏོག་ཀུ་ཤ་སྣ་ཁྱེར་ནས་ཡོང་ཡོད་ཟེར་ནས།
- མེ་ཏོག་པདྨ་ཁྱེར་ནས་སོང་སྟེ་བྱིན།
- དེ་ནས་བློན་པོ་ཚོས་རྒན་མོའི་བུ་ངར་བ་ཞིག་རེད།
- ང་ཚོའི་མགོར་ཤོར་རྒྱུ་རེད་འདོད་ནས།
- རྒྱལ་བོ་ལ་བཤད།
- རྒྱལ་བོ་ལ་རྒན་མོའི་བུ་དེ་ངར་བ་ཞིག་རེད།
- མེ་ཏོག་འདིི་གཉིས་འཇོག་ས།
- ལྷ་ཁང་ཡ་མཚན་ཞིག་ལས་དགོས།
- དགུ་ཐོག་ཡོད་པ།
- ཁང་བའི་ཀླད་ན་མཚོ་འཁྱིལ་ཡོད་པ།
- མཚོ་ཡི་ཁ་ན་སྡོང་བོ་སྣ་མ་སྣ་ཚོགས་སྐྱེས་ནས།
- དེའི་མགོ་ན་བྱ་བྱིའུ་སྣ་མ་སྣ་ཚོགས་ཡོད་པ།
- དེ་འདྲ་ཞིག་ལས་དགོས་ཟེར།
- དེ་འདྲ་ཞིག་ནུབ་མོ་གཅིག་གི་ནང་ལ།
- ལས་དགོས་ཟེར་ན་ཡང་ལས་ཐུབ་རྒྱུ་རེད་ཟེར།
- རྒྱལ་བོ་ཡིས་ཡང་བདེན་གི་འདོད་ནས།
- རྒན་མོའི་བུ་བོས་ནས།
- ཁྱོས་ནུབ་གཅིག་གི་ནང་ལ།
- དེ་འདྲའི་ལྷ་ཁང་ཡག་པོ་ཞིག་བཞེངས་ནས།
- དགུ་ཐོག་ཅན་ཞིག་བཞེངས་ནས།
- དེའི་ནང་ན་བྱ་བྱིའུ་སྣ་མ་སྣ་ཚོགས་གྲགས་པ།
- དེ་འདྲ་ཞིག་ཁྱོས་བཞེངས་དགོས་ཟེར།
- དེ་ནས་ངས་དེ་འདྲ་ཞིག་ཅི་ལྟར་བཞེངས་འདོད་ནས།
- ཕྱིར་ཡོང་ནས་རྒྱལ་བོས་འདི་ཟེར་ཞེས་བཤད།
- འདི་ལྟར་ལྷ་ཁང་འདི་འདྲ་ཞིག་བཞེངས་དགོས་ཟེར།
- ལྷ་མོ་ཚོས་དེ་སླ་མོ་རེད།
- ལྷ་མོ་གཅིག་སྟེ་ས་མོ་མཚོ་སྔོན་ན་སོང་ནས།
- ས་སྣེ་ཏོ་གང་བོ་ལས་སའི་ས་དེར་གཏོར་ནས།
- འདི་ནངས་མོར་ཁང་བ་དགུ་ཐོག་ལས་དགོས་པའི།
- གྱང་བཟང་བོ་ཞིག་ཏུ་གྱུར་བའི་སྨོན་ལམ་ཟེར།
- དེ་ནས་ཤིང་མོ་མཚོ་སོང་ནས་ཤིང་སྣེ་ཏོ་གང་གཏོར་ནས།
- འདི་ནངས་མོར་ཁང་བ་དགུ་ཐོག་ཅན།
- ཀླད་ན་མཚོ་ཡི་ཁ་ན་སྡོང་བོ་སྣ་མ་སྣ་ཚོགས་སྐྱེས་ཡོད་པ།
- ཁང་བ་དགུ་ཐོག་ཅན།
- ནང་ལ་གསེར་ཚོན་བཏང་ཡོད་པ།
- དེ་འདྲའི་ཁང་བ་བཟང་བོ་ཞིག་ཏུ་གྱུར་བའི་སྨོན་ལམ་ཟེར།
- དེ་ཟེར་ནས་ཤིང་སྣེ་ཏོ་གང་གཡུགས།
- དེ་ནས་ཆུ་མོ་མཚོ་སོང་ནས་ཆུ་དམ་བུ་གང་གཏོར་ཏེ།
- འདི་ལྷ་ཁང་གིས་ནང་ལ་མཚོ་ཞིག་དཀྱིལ་ཡོད་པ།
- མཚོ་དེའི་ཁ་ན་སྡོང་བོ་སྣ་མ་སྣ་ཚོགས་སྐྱེས་ཡོད་པ།
- དེའི་ཁ་ན་བྱ་བྱིའུ་སྣ་མ་སྣ་ཚོགས་གྲགས་པ།
- དེ་འདྲ་ཞིག་ཏུ་གྱུར་བའི་སྨོན་ལམ་ཟེར་ནས།
- ལྷ་མོ་གསུམ་པོ་སོང་ནས་སྨོན་ལམ་རྒྱབ་ནས་ཡོང་།
- དེ་ལྟར་ཡོང་ནས་ནངས་མོར་བལྟས་དུས།
- རྒྱལ་བོ་ཚང་གི་རེ་བ་ལྟར་འགྲུབ་ཡོད།
- ཡང་རེ་བ་ལྟར་དུ་འགྲུབ་ཡོད།
- དེ་ནས་རྒྱལ་བོ་ཚང་ལ་ལས་ཡོད་ཟེར།
- དེ་ནས་བསྡད་དུས་ཡང་བློན་པོ་ཚོས།
- རྒན་མོའི་བུ་དེ་ལ་བཀོལ་པ་ཡོད་རྒྱུ་མ་རེད།
- ཡང་རྒྱལ་བོ་ལ་བཤད་དགོས་ཟེར་ནས།
- རྒྱལ་བོ་ལ་རྒན་མོའི་བུ་ཡིས།
- ཁྱོས་ཨ་ཕའི་ཕྲེང་བ་རྒན་མོའི་བུ་ཡིས་ཨ་ཕས་ཚེ་ཕྱི་མར་ཁྱེར་སོང་བ་རེད།
- བོ་གན་གིས་དེ་ཁྱེར་རུ་ཡོང་རྒྱུ་ན།
- ཁྱེར་ཤོག་ཟེར་རྒྱུ་ན་ཁྱེར་ནས་ཡོང་ཐུབ་རྒྱུ་རེད་ཟེར།
- ཚེ་ཕྱི་མ་སོང་ནས་ཁྱོད་ཀྱི་ཕྲེང་བ་ཁྱེར་ཡོང་ཐུབ་རྒྱུ་རེད།
- གསེར་ནག་གི་ཕྲེང་བ།
- རྒན་མོའི་བུ་ཡི་ཨ་ཕས་ཚེ་ཕྱི་མ་ཁྱེར་སོང་བ་རེད།
- དེ་ཁྱེར་ཤོག་ཟེར་རྒྱུ་ན་ཁྱེར་ཡོང་ཐུབ་རྒྱུ་རེད་ཟེར།
- དེ་ནས་ཡང་རྒན་མོའི་བུ་ལ།
- རྒྱལ་བོ་ཡིས་ངེས་པར་དུ་ཁོའི་མདུན་ན་ཤོག་ཟེར།
- ཡང་བོས་པ་རེད།
- དེ་ནས་སོང་དུས་ཡང་ཁྱོས་ངེས་པར་དུ།
- ཨ་ཕའི་ཕྲེང་བ་ཁྱོད་ཀྱི་ཨ་ཕས་ཚེ་ཕྱི་མར་ཁྱེར་སོང་བ་རེད།
- ཁྱོད་ངེས་པར་དུ་སོང་ནས་ཕྲེང་བ་ཁྱེར་ཡོང་དགོས་ཟེར།
- དེ་ནས་ཡང་བཀའ་བབས་པ་རེད།
- ཡང་འགྲོ་དགོས་བྱུང་།
- དེ་ནས་ཡོང་སྟེ་དེ་ལྟར་བཤད་ཟེར།
- དེ་ནས་ཡང་ལྷ་མོ་ཚོར་དེ་ལྟར་བཤད།
- དེ་ནས་སོང་སྟེ་རྒྱལ་བོ་ཚང་ལ།
- ངེད་ཚང་གི་བུ་དེ་རིང་།
- རྒྱལ་བོའི་ཕྲེང་བ་ཡི་རྗེས་ལ་ཚེ་ཕྱི་མར་འགྲོ་དགོས།
- གསེར་ནག་གི་སླེ་བོ་དང་གསེར་ནག་གི་སྡེར་མ་དང་།
- ཤོ་རྡེའུ་དཀར་ནག་གཉིས་ལ་སོགས་པ་རྒྱལ་བོ་ཚང་གི་རིག་ས་ལ་སོང་ནས།
- རྒྱལ་བོ་དང་བློན་པོ་ཐམས་ཅད།
- བཙུན་མོ་ཚང་མ་འཚོགས་དང་།
- དེ་རིང་ངེད་ཚང་གི་བུ་རྒྱལ་བོའི་ཕྲེང་བ་ཡི་རྗེས་ལ་འགྲོ་བ་ཡིན་ཟེར།
- གསེར་ནག་གི་སླེ་བོ་ནང་ནས་བུ་ལངས་སུ་བཅུག་ནས།
- ཤོ་རྡེའུ་ནག་པོ་ཞིག་གིས།
- བུའི་སྐེ་ལ་བསྣུན་ནས་བུའི་མགོ་བླངས་ནས།
- གསེར་ནག་གི་གདན་གྱི་ཁུག་ལ་བཞག་ནས།
- རིག་ས་ནས་དེ་ལྟར་བྱས་ཏེ།
- ངེད་ཚང་གི་བུ་ཚེ་ཕྱི་མར་བུད་སོང་ཟེར།
- དེ་ནས་འཁུར་ནས་ཡུལ་ལ་ཡོང་།
- བུའི་སྐེ་ལ་ཕྱིར་ཤོ་རྡེའུ་དཀར་པོས་བསྣུན་ན་དབུགས་ཕྱིར་ཐོན་པ་རེད།
- དེ་ནས་ཉི་མ་བདུན་ན་ཡུལ་ནས་ཁ་རོག་གེར་བསྡད་དེ།
- ཉི་མ་བདུན་གྱི་རྗེས་ནས་ཤོ་རྡེའུ་ནག་པོས་བསྣུན་ནས།
- བུའི་མགོ་བླངས་ཏེ་གསེར་ནག་གི་གདན་ཁུག་ལ་བཞག་སྟེ།
- གསེར་ནག་གི་སླེ་བོ་ནང་ལ་བུ་འཁུར་ནས།
- དེ་རིང་ངེད་ཚང་གི་བུ་ཚེ་ཕྱི་མ་ནས་ཕྱིར་ཡོང་དགོས་ཟེར་ནས།
- ལྷ་མོ་མེ་ཏོག་ཀུ་ཤ་སྣ་ཡིས།
- ཁྱོས་རྒྱལ་བོ་ལ་བཤད་རྒྱུ་ནི།
- ངའི་ཨ་ཕས་ཁྱོད་ཀྱི་ཕྲེང་བ་ཁྱེར་སོང་བ་བདེན་གི
- ངའི་ཨ་ཕའི་ལག་ན་ཡོད་མོད།
- ངའི་ལག་ལ་མི་འཇོག་གི
- བློན་པོ་དང་རྒྱལ་བོ་ཁྱོད་ཚོ་ཤོག་དང་ཁ་བརྡ་བྱེད།
- ངས་རྒྱལ་བོའི་ལག་ལ་འཇོག་རྒྱུ་ཟེར།
- ཁྱོད་ཚོ་ཤོག་ཟེར།
- དེ་ནས་ཡ་ཟེར།
- ཤོ་རྡེའུ་ནག་པོ་ཡིས་བསྣུན་ནས་མགོ་བླངས་ཏེ།
- གསེར་ནག་གི་གདན་ཁུག་ལ་བཞག་སྟེ།
- གསེར་ནག་གི་སླེ་བོ་འཁུར་ནས།
- ཤོ་རྡེའུ་དཀར་ནག་གཉིས་ཁྱེར་ཏེ།
- དེ་རིང་རྒྱལ་བོ་ཚང་གི་བློན་པོ་དང་རྒྱལ་བོ་དང་བཙུན་མོ་ཚང་མ་འཚོགས་དང་།
- ངེད་ཚང་གི་བུ་ཚེ་ཕྱི་མ་ནས་ཕྱིར་ཡོང་དགོས་ཟེར།
- བུ་དེའི་མགོ་ཕྱིར་སྦྱར་ནས་ཤོ་རྡེའུ་དཀར་པོས་བསྣུན་པས།
- བུ་ལ་དབུགས་ཕྱིར་ཡོང་བ་ཡིན།
- བུ་བླངས་བ་ཡིན།
- དེ་ནས་བུ་དེས་རྒྱལ་བོ་ལ།
- ངའི་ཨ་ཕས་ཁྱོད་ཀྱི་གསེར་ནག་གི་ཕྲེང་བ་ཚེ་ཕྱི་མར་ཁྱེར་སོང་བ་བདེན་གི
- ངའི་ཨ་ཕའི་ལག་ན་ཡོད་གི
- རྒྱལ་བོ་ཁྱོད་ཤོག་ཟེར།
- བློན་པོ་ཚོ་དང་ཁྱོད་ཚོ་ཤོག་དང་ཁ་བརྡ་བྱས་ནས།
- ཁ་བརྡ་བྱས་ནས་རྒྱལ་བོའི་ལག་ལ་འཇོག་རྒྱུ་ཟེར།
- ངའི་ལག་ལ་མི་འཇོག་གི་ཟེར།
- དེ་ནས་ཡ་ཟེར།
- རྒྱལ་བོ་ཡིས་ཁོ་འགྲོ་བློན་པོ་ཚོ་དང་ཁོ་ཚོ་འགྲོ་ཟེར།
- ཚེ་ཕྱི་མར་འགྲོ་དགོས་ཟེར།
- ཁྱེད་ཚང་གི་ཤོ་རྡེའུ་དཀར་ནག་འདི་གཉིས་ཅི་ཡིན་ཟེར།
- ལྷ་མོ་སྟེ་མེ་ཏོག་ཀུ་ཤ་ཡིས་འདི་ང་ཚོས་བཅོས་པ་ཡིན་ཟེར།
- དེ་ནས་རྒྱལ་བོ་ཚང་གིས་ཤོ་རྡེའུ་དཀར་ནག་བཅོས་ཏེ།
- བཙུན་མོ་ཚང་མ་འཚོགས་ནས།
- རྒྱལ་བོའི་བཙུན་མོས་རྒྱལ་བོའི་སྐེ་ལ་བསྣུན་ནས།
- བློན་པོ་ཡི་བཙུན་མོ་རྣམས་ཀྱིས་ཀྱང་རང་གི་རྒད་པོའི་སྐེ་ལ་བསྣུན་ནས།
- མགོ་ལེན་རྒྱུ་ཟེར་དུས་མགོ་མ་ལོན་པ་རེད།
- ཤོ་རྡེའུ་དཀར་ནག་གིས་མ་ལོན་པ་རེད།
- དེ་ནས་གྲིས་བསྣུན་ནས་མགོ་བླངས་པ་རེད།
- ཉི་མ་བདུན་ན་བཞག་སྟེ།
- ཁོང་གི་བློན་པོ་དང་རྒྱལ་བོ་ཚང་མ།
- ཚེ་ཕྱི་མ་ནས་ཕྱིར་གསེར་ནག་གི་ཕྲེང་བ་ཁྱེར་ནས།
- ཕྱིར་ཡོང་དགོས་ཟེར་ནས།
- ཤོ་རྡེའུ་དཀར་བོས་བསྣུན་པ་དང་ནག་པོས་བསྣུན་རུང་།
- ཕྱིར་ཡོང་རྒྱུ་མ་བྱུང་།