Video Overview
Lumo Tsering from Chuma village in Repgong tells the story of how one queen's three sons survived in spite of many attempts to harm them.
འདིར་རྒྱལ་བོའི་བཙུན་མོ་ཞིག་ལ་བུ་བུ་མོ་གསུམ་འཁྲུངས་པ་ལ་གཞན་གྱིས་གནོད་བྱས་ཏེ་ཆུའི་ནང་དུ་བསྐུར་ཡང་། མཇུག་མཐར་ཕྱིར་ཕོ་བྲང་དུ་ལོག་པ་བཤད་ཡོད།
བརྙན་ཐུང་འདིར་གཏམ་རྒྱུད་འདི་འདྲ་ཞིག་བརྗོད་ཡོད་དེ། སྔོན་རྒྱལ་པོའི་བཙུན་མོ་ཞིག་ལ་སྲས་གསུམ་འཁྲུངས་པ་ལས་གཅིག་ནི་གསེར་གྱི་སྲས་དང་གཅིག་ནི་དངུལ་གྱི་སྲས་ཞིག ཡང་གཅིག་དུང་ཀྱི་བུ་མོ་བཅས་ཡིན་ལ། འོན་ཀྱང་སྐབས་དེར་རྒྱལ་པོ་མཚམས་ལ་བསྡད་ཡོད་པས་བཙུན་མོ་གཞན་པ་གཉིས་ཀྱིས་ཕྲག་དོག་གི་དབང་གིས་སྲས་གསུམ་པོ་ཆུའི་ནང་དུ་བསྐུར། དེ་ནས་རི་ཁྲོད་པ་ཞིག་གིས་རྙེད་ནས་གཉོར་སྐྱོང་བྱས་པ་དང་། ནར་སོན་རྗེས་བྱ་མཐེ་བོང་ཟེར་བའི་འགྲོ་བ་རིག་དྲུག་གི་སྡུག་བསྔལ་སེལ་ཐུབ་པའི་བྱ་ཞིག་ཡོད་པ་བཙལ་ནས། དེས་ཁོ་ཚོ་ལ་ལམ་སྟོན་བྱས་ནས་ཕྱིར་རང་གི་རྒྱལ་སར་ཕེབས་པ་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་ལོ།
这段故事三个王子的命运。他们在刚生下来的时候就被别人所害,装在缸里扔进河里。幸好有一位修行者捡到。长大后一只神鸟帮助他们找到了家。
这段故事讲了国王的一位妃子生了三个儿女,而且非凡。当时王国正在别处修行,国王的其他妃子因为嫉妒,把刚生下的三位王子装在坛子里扔进了河里。他们被一位修行者捡到并抚养他们长大。当修行者去世后让他们去寻找一只神奇的鸟,它能消除众生的哀痛。他们越过千山万水终于找到了神鸟,并帮助他们找到了自己的家。
- Repgong
- ས་ཆ་ཞིག་ན་ཨ་ཁུ་རྒྱལ་བོ་ཞིག་ཡོད།
- དེར་བཙུན་མོ་མང་པོ་ཞིག་ཡོད།
- དེའི་འཁོར་འབངས་ཀྱི་གྲལ་ན།
- རྒད་པོ་རྒན་མོ་གཉིས་ལ་བུ་མོ་ཡག་པོ་གསུམ་ཡོད།
- བུ་མོ་གསུམ་པོ་དེའི་ནང་གི་ཆེ་བ་དེས།
- ང་ཨ་ཁུ་རྒྱལ་བོ་ཚང་གི་མནའ་མ་བྱེད་ཐུབ་ན།
- ནས་འགྱིག་ཤུབས་བཀང་གིས།
- བཙུན་མོ་བརྒྱ་དང་བརྒྱད་ལ་ཟ་མ་ལས་ཐུབ་གི
- དེ་འདྲ་ཞིག་ཡིན་ན་བཟང་གི
- ངས་ཨ་ཁུ་རྒྱལ་བོ་ལ་ཡར་ཞུ་བྱེད་ཟེར།
- ཨ་ཕ་དེ་ཡིས།
- དེ་ནས་བུ་མོ་བར་མོ་ཡིས།
- ང་ཨ་ཁུ་རྒྱལ་བོ་ཚང་གི་བཙུན་མོ་བརྒྱ་དང་བརྒྱད་པོ་ཡི་གྲལ་ལ་ཆུད་བཏང་ན།
- ངས་ནོམ་པ་ཁག་དབང་མ་ཞིག་གིས།
- བཙུན་མོ་བརྒྱ་དང་བརྒྱད་ལ་གོན་པ་བཟོ་ཐུབ་གི
- དེ་འདྲ་ཞིག་ཡིན་ན་བཟང་གི
- ངས་ཨ་ཁུ་རྒྱལ་བོ་ལ་ཡར་ཞུ་བྱེད་ཟེར།
- བུ་མོ་ཆུང་བ་ཡིས་ང་བཙུན་མོ་བརྒྱ་དང་བརྒྱད་ཀྱི་ནང་ལ་ཆུད་བཏང་ན།
- ངས་སྐྱེས་ཐེངས་གཅིག་ལ་བུ་མོ་གསུམ་སྐྱེས་ཐུབ་གི
- དེ་འདྲ་ཞིག་ཡིན་ན་ངས་ཨ་ཁུ་རྒྱལ་བོ་ལ་ཡར་ཞུ་བྱེད།
- ཨ་ཁུ་རྒྱལ་བོ་ཡིས་ཁྱོད་ཀྱི་བུ་མོ་ཚོ།
- ཡར་ལ་ཞུས་པས་དེ་འདྲ་ཡིན་ན་བཟང་གི
- ངའི་བཙུན་མོ་བརྒྱ་དང་བརྒྱད་ཀྱི་གྲལ་ལ་བླངས་བ་ཡིན་ཟེར།
- བླངས་བ་ཡིན།
- བུ་མོ་ཆེ་བས་ནས་འགྱིག་ཤུབས་བཀང་གིས་ཟ་མ་བཟོ་མ་ཐུབ།
- བུ་མོ་བར་མོ་ཡིས་ནོམ་པ་ཁགག་དབང་མ་ཡིས་གོན་པ་བཟོ་མ་ཐུབ།
- དེ་ནས་བུ་མོ་ཆུང་བས་ཉིན་ཞིག་ལ།
- ཉིན་ཞིག་ཨ་ཁུ་རྒྱལ་བོ་འཚམ་ལ་འདུག་ཏུ་སོང་།
- འཚམ་ན་འདུག་ཏུ་སོང་དུས་བུ་མོས་བྱིས་པ་སྐྱེ་ལ་ཉེ།
- བུ་མོ་ཆུང་བོ་དེར།
- ཨ་ཅེ་གཉིས་ཀ་རྩིབ་ལ་ཡོང་ནས།
- བྱིས་པ་སྐྱེས་པའི་ཉིན་མོ་ལ།
- ཉིན་ཞིག་ཉི་མ་སྐར་མ་བཟང་བ་ཞིག་ལ་བྱིས་པ་སྐྱེས་བ་ཡིན།
- གསེར་གྱི་བུ་ཞིག་དང་དངུལ་གྱི་བུ་ཞིག་དང་དུང་གི་བུ་མོ་ཞིག
- བྱིས་པ་གསུམ་སྐྱེས་པ་ཡིན།
- བྱིས་པ་གསུམ་པོར་ཨ་ཅེ་གཉིས་ཀྱིས་ཕྲག་དོག་བྱས་ནས།
- རྫ་མ་ཞིག་གི་ནང་དུ་བཅུག་ནས་ཁ་གྲོད་པུ་ཞིག་གིས་བཅད་དེ་རྫ་མ་ཆུ་ལ་བསྐུར།
- ཨ་ཅེ་ངས་ཅི་ཞིག་སྐྱེས་པ་རེད།
- ངའི་བྱིས་པ་ཚོ་གང་ན་ཡོད་ཟེར་བས།
- ཁྱོད་ཀྱིས་བྱིས་པ་གསེར་གྱི་བུ་དང་དངུལ་ཀྱི་བུ།
- དུང་གི་བུ་མོ་ཞིག་སྐྱེས་ཐུབ་བམ།
- ཁྱོད་ཀྱིས་བྱིས་པ་ཁྱི་ཕྲུག་གསུམ་སྐྱེས་ཡོད་གི
- འདི་རེད་ཟེར་ནས་སྔོན་ལ་ཁྱི་ཕྲུག་གསུམ་གཡུགས།
- མོ་ཡིས་སེམས་འཁུར་བྱས་ནས་མིག་ཆུ་བཞུར།
- ཨ་ཁུ་རྒྱལ་བོ་ལ་ཡི་གེ་སྐུར་ནས།
- ཁྱོད་ཀྱི་བཙུན་མོ་ཆུང་བས་ཁྱི་ཕྲུག་གསུམ་སྐྱེས་ཡོད་གི་ཟེར།
- དེ་ལྟར་ཡི་གེ་བསྐུར་བ་ཡིན།
- ཨ་ཁུ་རྒྱལ་བོ་ཡིས་ཁྱི་ཕྲུག་གསུམ་སྐྱེས་ཡོད་ན་ཡང་།
- ང་ཡོང་རག་བར་དུ་བསྐྱུར་ནས་ཞོག་ཟེར་ནས་དེ་ལྟར་ཡི་གེ་བསྐུར།
- ཨ་ཁུ་རྒྱལ་བོ་འཚམ་ནས་མ་འབུད་རག་བར་དུ།
- ཁོ་ཚོས་བུ་མོ་ཁྱེར་ནས་སོང་སྟེ།
- སྐེ་ལ་ལྕགས་ཐག་ཅིག་བཏགས་ནས།
- ཁྱི་འདོག་ས་ནས་བཏགས།
- སྔོན་ན་ཁྱི་ཕྲུག་ཚོ་བཞག་ནས།
- མོ་ལ་ཁྱི་རྐོ་ནང་ལ་ཟས་འཕྲོ་འཐུང་འཕྲོ་བླུད་ནས་བསྡད།
- མོ་ཡི་གསེར་གྱི་བུ་དང་དངུལ་གྱི་བུ་དང་དུང་གི་བུ་མོ་ཚོ།
- ཆུ་ལ་བསྐུར་བས།
- བྲག་ལ་ཐུག་ལ་གཡས་ལ་སྐོར་བདང་རྡོ་ལ་ཐུག་ལ་གཡོན་ལ་སྐོར་ནས།
- རྫ་མ་ཡི་ནང་ནས་ཧབ་ཆ་རྒྱབ།
- ཉིན་ཞིག་ཨ་ལགས་རི་ཁྲོད་པ་ངར་བ་ཞིག་འཚམ་ནས་བུད་དེ།
- ཁྲུས་བྱེད་པའམ་ཆུ་དེའི་ནང་ལ་ཁྲུས་བྱས་ནས་རིལ་བུ་ཕབ་ནས་བསྡད་དུས།
- རྫ་མ་ཞིག་ཆུས་འཁུར་ནས་ཡོང་།
- ཨ་ལགས་རི་ཁྲོད་པ་ཡིས་གཟིགས་དུས།
- རྫ་མ་དེ་བྲག་ལ་ཐུག་ན་གཡས་སྐོར་ནས།
- རྡོ་ལ་ཐུག་ན་གཡོན་སྐོར་ནས་ཧབ་ཆ་རྒྱབ་ནས་ཡོང་བ་ཡིན།
- གན་ཡ་མཚན་ཞིག་རེད་ཟེར་ནས།
- ཨ་ལེགས་རི་ཁྲོད་པ་ཡིས་མྱུར་དུ་རྫ་མ་བཟུང་ནས་ཁ་ཕྱེ་དུས།
- དུང་གི་བུ་མོ་ཞིག་དང་གསེར་གྱི་བུ་ཞིག
- དངུལ་གྱི་བུ་ཞིག་བཅས་ཡོད།
- འདི་ང་གནམ་གྱིས་གནང་བ་ཡིན་ཟེར་ནས།
- ཨ་ལགས་རི་ཁྲོད་པ་ཡིས་དེ་ཚོ་ཁྲིད་ནས་ཡོང་སྟེ།
- དེ་ཚོ་གཉོར་ནས་རྩམ་པ་འཆང་ཏིའུ་རེ་བྱིན་ནས།
- དེ་ཚོ་གཉོར་ནས་དེ་ཚོ་ནར་སོན།
- ནར་སོན་དུས་ཨ་ལེགས་རི་ཁྲོད་པ་ལོ་ལོན་ནས།
- དགོང་ལོ་མཐོ་བ་རེད།
- ཨ་ལགས་ཁྱོད་ཤི་སོང་ན་ང་ཚོས་ཅི་བྱེད་ཟེར་ནས།
- འདི་ལྟར་བཤད་པས།
- ས་ཆ་ཞིག་བཤད་ནས་ས་ཆ་དེར་སོང་ན།
- བྲག་སྒོ་ཞིག་ཡོད།
- སྒོ་དེ་ཕྱེ་ནས་སོང་ན་གསེར་སྒོ་དངུལ་སྒོ་དུང་སྒོ་ཡོད།
- དེར་སོང་ན་ཁང་བ་ཞིག་གི་གསེར་གྱི་ཀ་བ་ཞིག་གི་སྟེང་ན།
- གསེར་གྱི་ཁུས་ལུ་ཞིག་གི་སྟེང་ན་བྱ་མཐེ་བོང་ཙམ་ཞིག་ཡོད།
- དེ་ཁྲིད་ནས་ཡོང་སྟེ་དེར་སྐྱིད་སྡུག་ཐམས་ཅད་ཤོད་དང་།
- དེས་མ་སེམས་ཅན་ཐམས་ཅད།
- འགྲོ་བ་རིགས་དྲུག་ཐམས་ཅད་ཀྱི་སྡུག་བསྔལ་སེལ་ཐུབ།
- དེ་ཁྱོད་ཚོས་ཡིན་ན་མིན་ན་གདན་འདྲེན་བྱེད་ཐུབ་དགོས་ཟེར་ནས།
- ཨ་ལགས་རི་ཁྲོད་པ་དེ་ཞིང་བཞེས་སོང་།
- བྱ་མཐེ་བོང་ཟེར་བ་དེའི་རྗེས་ལ་སོང་དང་།
- མི་རྟ་ཐམས་ཅད་ལུང་བ་ཞིག་ཡོད་ནི་རེད།
- ལུང་བ་དེའི་ནང་ནས་ཕ་རོལ་ལ་འགྲོ་མ་ཐུབ་པར།
- བགེགས་བར་ཆད་ཀྱིས་ཐམས་ཅད་ཤི་སོང་།
- ཉིན་ཞིག་གསེར་གྱི་བུ་དང་དངུལ་གྱི་བུ་དེ་གཉིས་སོང་ནས།
- དེ་གཉིས་ཀྱང་ཕྱིར་ཡོང་མེད་པར་ཤི་སོང་།
- བུ་མོ་ལམ་ན་ཆས་ནས།
- དུང་གི་བུ་མོ་ལམ་ན་ཆས་ནས།
- ཨ་ལགས་རི་ཁྲོད་པ་ཡིས་བཤད་པ་ལྟར།
- མ་སྐྲག་མ་འཇིག་པར་ལུང་བ་དེའི་ནང་ན།
- མི་རོ་རྟ་རོ་བརྩིགས་ནས་བཞག་ཡོད།
- མོ་དེ་ནས་མ་སྐྲག་མ་འཇིག་པར་གསོལ་བ་བཏབ་ནས།
- ཨ་ལགས་རི་ཁྲོད་པ་ལ་གསོལ་བ་བཏབ་ནས།
- དཀོན་མཆོག་ལ་སྐྱབས་འཇུག་ཞུས་ནས་སོང་བས།
- མ་སྐྲག་པར་སོང་བས་མོ་བགེགས་བར་ཆད་དེ་ལས་ཐར་སོང་།
- ཐར་ནས་ལུང་བ་དེའི་ཕ་རོལ་ལ་སོང་བས།
- སོང་བས་བྲག་གི་སྒོ་ཞིག་ཡོད།
- བྲག་སྒོ་དེ་ཕྱེ་ནས་སོང་བས་གསེར་གྱི་སྒོ་ཞིག
- དངུལ་གྱི་སྒོ་ཞིག་དང་དུང་གི་སྒོ་ཞིག
- དེ་ལྟར་སོང་བས་གསེར་གྱི་ཀ་བ་ཞིག་གི་སྟེང་ན།
- གསེར་གྱི་ཁུས་ལུ་ཞིག་གི་སྟེང་ན།
- བྱ་མཐེ་བོང་འདྲ་བ་ཞིག་ཡོད་གི
- དེར་ཕྲག་གསུམ་འཚལ་ནས་སྐྱིད་སྡུག་ཐམས་ཅད་བཤད་ནས།
- མ་གྱུར་སེམས་ཅན་ཐམས་ཅད་འགྲོ་བ་རིགས་དྲུག་གི་དོན་དུ།
- ཁྱོད་ཕེབས་དགོས་ཟེར།
- འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སེལ་བའི་ཆེད་དུ།
- ཁྱོད་ཕེབས་དགོས་ཟེར་ནས་སྐྱབས་འཇུག་ཞུས།
- བྱ་མཐེ་བོང་དེ་མོའི་ཕྲག་པར་བབས།
- མོ་ཡིས་བྱ་མཐེ་བོང་དེ་ཁྲིད་ནས།
- ལུང་བ་དེའི་ཁ་ལ་སོང་ནས།
- བྱ་མཐེ་བོང་དེ་ལུང་བའི་ཕ་རོལ་ལ་སོང་ནས་གཤོག་པ་ཡིས་ལྷབ་ལྷབ་འགའ་བྱས།
- ཚུལ་རོལ་ལ་ཡོང་ནས་གཤོག་པ་ཡིས་ལྷབ་ལྷབ་འགའ་བྱས།
- མི་རོ་རྟ་རོ་ཚང་མ་ཤི་ནས་ལོ་མང་པོ་འགོར་མེད་པ།
- ཟླ་འགའ་རེ་དང་ལོ་གཅིག་རེ་གཉིས་རེ་ལས་འགོར་ཡོད་པ་ཚང་མ།
- མི་རོ་རྟ་རོ་ཚང་མ་ལངས་ནས་འགྲོ་ཐུབ།
- བྱ་མཐེ་བོང་གི་བྱིན་རླབས་ཀྱིས།
- ལོ་མང་པོ་འགོར་ནས་རུལ་ནས་བསྡད་ཡོད་པ་རྣམས།
- རུས་པ་ལངས་ནས་སྐྱབས་འཇུག་ཞུས་ནས།
- བྱིན་རླབས་ཀྱིས་ཡར་ལ་ལངས་ན་ཟེར་བས།
- ཕྱིར་ལོག་ནས་བུད་སོང་།
- ལོག་ནས་ཤི་ནས་ཟླ་བ་འགའ་དང་ལོ་གཅིག་རེ་འགོར་མེད་པ་རྣམས།
- ཚང་མ་གསོན་ནས་ཡོང་ཐུབ་པ་རེད།
- བྱ་མཐེ་བོང་གི་བྱིན་རླབས་ཀྱིས།
- དེ་ནས་གསེར་གྱི་བུ་དང་དངུལ་གྱི་བུ་གཉིས་ཡར་ལ་ལངས་ནས།
- དུང་གི་བུ་མོ་དང་ཁོ་ཚོས་ཁྲིད་ནས།
- ཁོ་ཚོ་ཨ་ལགས་རི་ཁྲོད་པ་ཡི་འཚམ་ཁང་ནང་ལ་ཡོང་ནས།
- ཁོ་ཚོ་དེ་ལྟར་བསྡད།
- བྱིས་པ་གསུམ་གྱིས་བྱ་མཐེ་བོང་ཞུས་པ་ཡིན་ཟེར་ནས།
- ས་ཆ་ཡུལ་ཕྱོགས་དེར་གྲགས་སོང་བ་རེད།
- ཨ་ཁུ་རྒྱལ་བོ་ཚང་གིས་ཁོང་ཚང་གི་ཞུ་རྒྱུ།
- ཁོང་ཚང་གིས་དེ་ཚོར་ཁྲི་བརྒྱབ་ནས་དེ་ཚོ་ཞུ་རྒྱུ་ཟེར།
- ཨ་ཁུ་རྒྱལ་བོ་ཡིས་ཁྲི་ལྔ་བརྒྱབ་ནས།
- ཁྲི་གཅིག་གསེར་གྱི་བུ་དང་དངུལ་གྱི་བུ་དུང་གི་བུ་མོ།
- ཁྲི་གཅིག་བྱ་མཐེ་བོང་ལ་བརྒྱབ་ནས།
- ཁྲི་གཅིག་ཨ་ཁུ་རྒྱལ་བོ་ལ་བརྒྱབ་ནས།
- ཁྲི་ལྔ་བརྒྱབ་ནས་གྲྭ་སྒྲིག་བྱས་ནས་གསོལ་སྟོན་བཤམས།
- དེ་ལྟར་བསྡད་པས་བྱ་མཐེ་བོང་གིས།
- ཨ་ཁུ་རྒྱལ་བོ་ཚང་གིས་ཟས་སྣ་མ་སྣ་ཚོགས་སྒྲིག་ངེས།
- ཁྱོད་ཚོ་གཅིག་གིས་ཀྱང་མ་ཟ།
- དེ་ན་ཁྱི་འདོག་ས་ན་བུ་མོ་ཆུང་ཆུང་ཞིག་བཏགས་ཡོད།
- དེའི་སྔོན་ལ་ཧུབ་ལྷག་ཅིག་ཁྱེར་ནས་འགྲོ་བཞིན་ཡོད།
- དེ་གཅིག་གིས་ང་བླུད་དང་གཅིག་གིས་ང་བླུད་ཟེར་ན།
- ངས་ཁྱོད་ཚོའི་སྐྱིད་སྡུག་བཤད་ཟེར།
- དེ་ནས་ཁོ་ཚོ་དེ་ལྟར་རྒྱལ་བོ་ཚང་གིས།
- ཉིན་བཟང་སྐར་བཟང་ཞིག་ལ་ཁོ་ཚོ་ཡར་ལ་ཞུས་ནས།
- ཁོ་ཚོ་སོང་ནས་ཨ་ཁུ་རྒྱལ་བོ་ཚང་གི་ཁྲི་ཐོག་ནས་བཞུགས་ཏེ།
- གསོལ་སྟོན་བཤམས་ནས་སྟོན་མོ་བྱས་ཏེ།
- སྐྱིད་པོ་བདེ་མོ་བྱས་ནས་བསྡད་ཡོད་དུས།
- ཁོ་ཚོའི་ཨ་མ་ཁྱི་འདོག་ས་ནས་བཏགས་ཏེ།
- སྔོན་ན་ཁྱི་ཕྲུག་འགའ་བཏགས་ནས།
- ཁོ་ཚོའི་ཨ་མ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ནས་བསྡད་ཡོད།
- དེ་ནས་ཟས་སྣ་མ་སྣ་ཚོགས་སྒྲིག་ནས།
- གར་ཟོ་འདི་ཟོ་ཟེར་ནས་གསོལ་སྟོན་བཤམས་དུས།
- གཅིག་ཀྱང་མ་ཟས་བར་བསྡད།
- བུ་མོ་དེའི་སྔོན་ན།
- ཁྱི་འདོག་ས་ན་བཏགས་ཡོད་པའི་བུ་མོ་དེའི་སྔོན་ན།
- ཧུབ་ལྷག་དཀར་ཡོལ་གང་ཁྱེར་ནས་འགྲོ་དུས།
- གཅིག་གིས་ཨ་ཕ་ཧུབ་ལྷག་དེ་ང་བླུད་ཟེར།
- གཅིག་གིས་ཨ་ཕ་ཧུབ་ལྷག་དེ་ངས་འཐུང་རྒྱུ་ཟེར།
- ང་ལ་ཨ་ཕ་ཟེར་ནི་ཞིག་མེད།
- འདི་ཅི་ཞིག་ཡིན་ཟེར་ནས་བྱ་མཐེ་བོང་ལ་རྒྱུ་མཚན་དྲིས་པས།
- བྱ་མཐེ་བོང་གིས་བྱིས་པ་འདི་ཚོ་ཁྱོད་ཀྱི་བྱིས་པ་རེད།
- གསེར་གྱི་བུ་དང་དངུལ་གྱི་བུ་དང་དུང་གི་བུ་མོ།
- འདི་ཚོ་ཁྱོད་ཀྱི་སྲས་དང་སྲས་མོ་རེད།
- འདི་ལྟར་ཁྱོད་འཚམ་ན་བསྡད་ཡོད་དུས་འདི་ཚོ་འདི་ལྟར་བྱས།
- འདི་ཚོས་སེམས་ཅན་གྱི་སྐྱིད་སྡུག་གི་ཆེད་དུ་སྡུག་མྱངས་བ་ཡིན།
- འདི་ཚོའི་ཨ་མ་ཁྱི་འདོགས་ས་ན་བཏགས་ཡོད་པའི་བུ་མོ་གན་རེད།
- དེ་ལྟར་བཤད་པས།
- ཨ་ཁུ་རྒྱལ་བོ་ཐུགས་ཁྲོས་ནས་ཁྲི་ཐོག་ནས་ཡར་ལ་བཞེངས་ནས།
- དེ་ནས་འདི་སྒྲུབ་པ་དང་དོན་དག་ངན་པ་ལས་མཁན་སུ་ཡིན་ཟེར་དུས།
- མོའི་ཨ་ཅེ་གཉིས་ཀས་དོན་དག་དེ་ཚང་མ་ཁོ་གཉིས་ཀྱིས་སྒྲུབ་པ་རེད།
- དེ་ནས་ཨ་ཁུ་རྒྱལ་བོ་ཐུགས་ཁྲོས་ནས།
- ཁོ་གཉིས་ལྭ་ནག་རེ་གོན་ནས།
- བོང་ནག་རེ་ལ་ཞོན་ནས་རྒྱ་ཁོག་ཐུར་ལ་སྐོར་བ་ཡིན།
- ཁོ་གཉིས་རྒྱང་འཕེལ་ལ་བཏང་བ་ཡིན།
- དེ་ནས་བུ་མོ་དེ་མྱུར་དུ་ཡར་ལ་ལངས་ནས་ཁྲུས་བྱས།
- ཁྲུས་བྱས་ནས་རྒྱལ་བོ་ཡི་བཙུན་མོར་བརྐོས།
- བུ་གཉིས་ཏེ་གསེར་གྱི་བུ་དང་དངུལ་གྱི་བུ།
- དུང་གི་བུ་མོ་ཚོར་རྒྱལ་ས་བྱིན་ནས།
- མ་སེམས་ཅན་འགྲོ་བ་རིགས་དྲུག་ཐམས་ཅད།
- སྡུག་བསྔལ་ལས་ཐར་ཏེ།
- འཚོ་བ་སྐྱིད་པོ་རོལ་ནས་ཁོ་ཚོ་སྐྱིད་པོ་བདེ་མོ་བྱས་ནས་བསྡད།