Video Overview
Kato Kyi from Sonak village in Tsekhok tells the story of how a couple getting a divorce decided to divide their goats.
འདིར་བཟའ་ཟླ་གཉིས་ལ་ར་མ་འགའ་ཡོད་པ་དང་། བཟའ་ཐོར་བྱུང་སྐབས་ར་མ་བགོ་བྱ་རྒྱག་སྐབས་ཀྱི་དགོད་སྤྲོ་བའི་གཏམ་རྒྱུད་བརྗོད་ཡོད།
བརྙན་ཐུང་འདིའི་ནང་གི་བཟའ་ཟླ་གཉིས་ལ་ར་མ་འགའ་ཡོད་པ་དང་། བཟའ་ཐོར་བྱུང་སྐབས་ར་མ་རྣམས་བགོ་བྱ་རྒྱག་དགོས་ཟེར་ནས། ལུང་པ་ཞིག་གི་ནང་དུ་དེད་ནས་ཉིན་ཁར་སོང་བའི་ར་མ་རྣམས་ཆུང་མའི་ཡིན་པ་དང་། སྲིབ་ཕྱོགས་སུ་སོང་བའི་ར་མ་རྣམས་སྐྱེས་པའི་ཡིན་ཞེས་བཤད། ཉིན་ཁར་ར་མ་གཅིག་ཀྱང་མ་སོང་བས་ཆུང་མས་རེའུ་ཕྲུག་གཅིག་འཛིན་སྐབས་དེའི་རྔ་མ་བཅད། ལམ་བར་དུ་རེའུ་ཕྲུག་གི་རྔ་མས་ཨ་མ་ཞེས་ཁ་གྲགས་བྱུང་དང་ཨ་མ་ལ་སེམས་གསོ་བྱས་ཏེ་འུ་གཉིས་ཀྱི་ཁ་ངས་གསོ་ཐུབ་ནི་རེད་ཟེར། དངོས་ནས་ཀྱང་རེའུ་ཕྲུག་གི་རྔ་མ་ནི་སྤྱང་དྲུང་འཛོམས་པ་ཞིག་ཡིན་པས་ཁོ་གཉིས་ཀྱི་ཁ་ཟས་གྲྭ་སྒྲིག་བྱེད་ཐུབ་སོང་། འོན་ཀྱང་རེ་ཞིག་ཨ་མས་སེམས་ཆུང་མ་བྱས་པར་རྔ་མ་སླ་ངའི་ནང་དུ་བཙོས་པས་མོ་ལ་མཐའ་མར་གཅིག་ཀྱང་མེད་པར་གྱུར་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
这段视频讲述了有一对夫妇有一群羊,当他们离婚的时候分羊的幽默故事。
这段视频讲述了一对夫妇有一群羊,当离婚的时候他们是这样分羊的。把羊群赶到山谷理,走到阳面的是妻子的,而走到阴面的是丈夫的。最后一只羊都没走到阳面。妻子想抓住一只小羊羔的时候不小心拔了它的尾巴。在路上小羊羔尾巴却开腔了,还喊了一声妈妈,告诉妈妈它能养得起他们母子俩,确实小羊羔的尾巴特别聪明,用各种方法可以找到食物。但是不幸的是当有一次妈妈煮肉的不小心把小羊羔的尾巴也一起煮了,最后她什么也没有了。
- རྒན་རྒོན་གཉིས་ཡོད་ནི་རེད།
- རྒན་རྒོན་གཉིས་ཡོད་ནི་རེད།
- རྒན་རྒོན་གཉིས་ལ་ར་མ་མང་པོ་ཞིག་ཡོད།
- ཁོ་གཉིས་མ་འགྲིག་ནི་རེད།
- མ་འགྲིག་པར་གཉིས་ཀྱིས་ར་མ་བགོ་ཟེར།
- ཡ་ཟེར་ནས་རྒད་པོ་ཡིས་ངེད་གཉིས་ཀྱིས་ར་མ་ལུང་བ་གན་ན་བརྒྱག
- ཉིན་ན་འགྲོ་བ་གཅིག་གི་ཡིན།
- སྲིབ་ལ་འགྲོ་བ་གཅིག་གི་ཡིན་ཟེར།
- ཡ་ཟེར་ནས་ཁྱོད་སྲིབ་ལ་འགྲོ་ནི་དགོས་སམ།
- ཉིན་ན་འགྲོ་ནི་དགོས་ཟེར།
- རྒན་མོ་ཡིས་ཉིན་ན་འགྲོ་རྒྱུ་རེད་བསམ་ནས།
- ར་མ་ཚང་མ་ཉིན་ན་འགྲོ་རྒྱུ་རེད་འདོད་ནས།
- ང་ཉིན་ན་འགྲོ་མཁན་དགོས་ཟེར།
- ཁོ་གཉིས་ཀྱིས་ལུང་བ་ནང་ལ་བརྒྱབ།
- ར་མ་ཚང་མ་སྲིབ་ལ་བུད་སོང་།
- ཉིན་ལ་གཅིག་ཀྱང་མ་སོང་།
- རྒན་མོ་ཡིས་ང་ར་ཕྲུག་གཅིག་གི་ཁ་བསོད་མེད་དམ་ཞེས།
- རྒྱུགས་ནས་སོང་ཏེ་ར་ཕྲུག་ཅིག་གི་རྔ་མ་ལ་འཇུས་ནས།
- རྔ་མ་ཆད་ནས་ལག་ཏུ་ལྷུང་སོང་།
- དེ་ནས་ར་ཕྲུག་གི་རྔ་མ་གཅིག་པོ་ལག་ཏུ་བཟུང་ནས།
- རྒན་མོ་ངུ་ཞོར་དུ་བུད་སོང་།
- སོང་ནས་ར་ཕྲུག་གི་རྔ་མས་ལམ་ནས་ཁ་གྲགས་པ་རེད།
- ཨ་མ་ཁྱེད་མ་ངུ་དང་ངེད་གཉིས་ཀྱིས་ཁ་ངས་སོས་ནི་རེད་ཟེར།
- ཁྱོས་ཅི་ཞིག་སོས་རྒྱུ་ཟེར་ནས།
- ལག་ཏུ་བཟུང་ནས་སོང།
- བྲག་ཁུང་ཞིག་གི་ནང་ལ་སོང་ནས་ཁོ་གཉིས་བསྡད།
- བསྡད་དུས་ཁོ་གཉིས་ཀྱི་སྒོ་ནས།
- ཕྱི་དྲོ་ཞིག་ལ་མིི་གཉིས་འགྲོ་བཞིན་ཡོད།
- ཨ་རོད་གཉིས་ཀ་ཁྱོད་གཉིས་གང་ལ་འགྲོ་བ་ཡིན་ཟེར།
- ངེད་གཉིས་བརྐུས་ལ་འགྲོ་བཞིན་ཡོད་ཟེར།
- ང་ཡང་ཁྲིད་ཟེར་ནས་ཡ་ཟེར།
- ར་ཕྲུག་རྔ་མ་ཡང་ཁྲིད་ནས་ཁོ་ཚོ་བརྐུས་ལ་སོང་།
- སོང་ནས་ཕྱུག་པོ་ཚང་ཞིག་གི་འདབ་ལ་སོང་ནས།
- ར་ཕྲུག་གི་རྔ་མ་ཡི་ཕུག་ཅིག་ནས་ཁྱེད་གཉིས་འདི་ནས་སྡོད།
- ང་འགྲོ་དང་གན་ཚང་ནས་གཡག་ཅིག་ཁྲིད་ནས་ཡོང་ཟེར།
- ང་རིག་ནི་མ་རེད་ཆུང་ནི་རེད།
- ཁྱེད་གཉིས་སོང་ན་ཤེས་འགྲོ་ནི་རེད།
- ཁོ་གཉིས་འདུག་ཏུ་བཅུག་ནས།
- ར་ཕྲུག་རྔ་མ་སོང་ནས་ས་རུབ་མ་ཐག་ཏུ།
- གཡག་ཅིག་ཁྲིད་ནས་ཡོང་སྟེ།
- ཁོ་གཉིས་ཀྱི་ལག་ལ་བཞག
- དེ་ནས་ཁོ་ཚོས་བཤའ་ཟེར་དུས་གྲི་མེད།
- ང་ཕྱིར་འགྲོ་ལ་གྲི་ཁྱེར་ཡོང་ཟེར།
- སོང་ནས་ཁོ་ཚང་ལ་བྱིས་པ་མང་པོ་ཡོད།
- བྱིས་པ་ཚོའི་གསེང་ནས་བསྡད་དེ།
- ཨ་མ་ངེད་ཚང་གི་གྲི་གང་ན་ཡོད་ཟེར།
- ཨ་མས་བྱིས་པ་ཞིག་གིས་བཤད་ན་འདོད་དེ།
- གྲི་གཞོང་བོ་ནང་ན་ཡོད།
- ཤ་གཞོང་ནང་ན་ཡོད།
- དེ་ནས་བལྟས་པས་གཤོང་བ་ཞིག་ཡོད་ནི་རེད།
- དེའི་ནང་ན་གྲི་ཞིག་ཡོད་པ་རེད།
- ཁོ་ཡིས་དེ་ཁྱེར་ནས་ཡོང་བས།
- རྐུན་མ་གཉིས་ཀྱིས་ལག་ལ་བཞག་པ་རེད།
- ཁོ་ཚོས་བཤས་ནས་ཤ་བགོ་ཟེར་དུས།
- ར་ཕྲུག་རྔ་མས་ང་ཤ་མི་དགོས།
- ང་སུག་པ་དང་ལྒང་བུ་གཉིས་ལས་མི་དགོས་ཟེར།
- ལྒང་བུ་དང་སུག་པ་གཉིས་ལས་མི་དགོས་ཟེར།
- ངས་ཐེག་ནི་མ་རེད།
- ཁྱོད་གཉིས་ཀྱིས་ཁྱེར་ནས་སོང་།
- ཁྱོས་བརྐུས་ནས་ཡོང་ཁྱོས་ཁྱེར་ནས་ཡོང་།
- ཁྱོད་མེད་ན་ངེད་གཉིས་ཀྱི་ལག་ལ་ཡོང་རྒྱུ་མ་རེད།
- བཤའ་སྤྱད་ཀྱི་གྲི་ཡང་མེད་ལ།
- ཁྱོད་མེད་ན་ང་ཚོས་བཤའ་ཡང་ཐུབ་རྒྱུ་མ་རེད།
- ཁྱོས་ཤ་མི་ཁྱེར་ལ།
- ང་མི་དགོས་ཟེར།
- ང་ལྒང་བུ་དང་སུག་པ་གཉིས་ལས་མི་དགོས་ཟེར།
- ཡ་ཟེར་ནས་ཁོ་གཉིས་ཀྱིས་ལྒང་བུ་དང་སུག་པ་ཁོའི་ལག་ལ་བཞག་ནས།
- ར་ཕྲུག་སྔ་མ་འགྲོ་རུ་བཅུག
- ཁོ་གཉིས་དགའ་ནས་འཕྲོད་སོང་ནི་རེད།
- ཁོས་མ་ཁྱེར་ན་ཤ་ངེད་གཉིས་ལ་ཐོབ་སོང་ཟེར་ནས།
- ཁོ་གཉིས་ཀྱིས་བཤས་ནས་བགོས་ཏེ་འཁུར།
- ཕྱིར་ར་ཕྲུག་རྔ་མ་བསྡད་སའི།
- མ་བུ་གཉིས་བསྡད་སའི་བྲག་ཁུང་གི་སྒོ་ནང་ནས་ཡོང་དུས།
- ར་ཕྲུག་རྔ་མ་ཡིས་ལྒང་བུ་ལ་དབུགས་བརྒྱབ་ནས།
- རྡོ་ཐོག་ལ་བཞག་སྟེ་ཁོ་གཉིས་སྒོ་ནང་ནས་འགྲོ་དུས།
- སུག་པ་ལྒང་བུ་ཐོག་ལ་བརྒྱབ་ནས་གས་པའི་བོའུ་སྐད་ཅིག་གྲགས།
- ཨ་ཁུ་ལོད་ལོད་ང་མིན་གན་གཉིས་རེད་ཟེར།
- ཁོ་གཉིས་ཀྱིས་རྒྱུ་བདག་ཐོན་ཟིན་བསམ་ནས།
- རྒྱབ་ཀྱི་ཤ་འཕངས་ནས་བྲོས་སོང་།
- ར་ཕྲུག་རྔ་མ་དང་ཨ་མ་གཉིས་ཀྱིས།
- ཤ་དེ་བྲག་ཁུང་ནང་དུ་བླངས་ནས།
- དེ་ཟས་ནས་ཁོ་གཉིས་འཕྲོད་སོང་བ་རེད།
- དེ་ནས་བསྡད་པ་རེད།
- ཉིན་ཞིག་ར་ཕྲུག་རྔ་མ་ཤ་ལེན་སྤྱད་ཀྱི་གྲུ་ག་ནས་རྙེད་སོང་བ་རེད།
- ཨ་མས་ནངས་མོར་ཤ་དྲོད་མོ་བྱེད་རྒྱུ་ཟེར་ནས།
- གཤོང་བ་སླ་ངའི་ནང་དུ་འཕངས་བ་རེད།
- མ་ཤེས་པ་རེད།
- མེ་བཞག་ནས་བར་ཞིག་ལ་ཨ་མ་ང་བསྲེག་བྱུང་།
- ཨ་མ་ང་ཚ་བྱུང་ཨ་མ་ང་བསྲེག་བྱུང་ཟེར།
- གན་གང་ན་གྲགས་གི་ཟེར་ནས།
- རྒན་མོ་ཡིས་སླ་ངའི་ནང་དུ་བལྟ་བའི་དུས་ཚོད་མ་བྱུང་།
- དེ་རྗེས་ཅི་ཡང་མ་གྲགས་པ་རེད།
- ཤ་དྲོས་ནས་བླངས་དུས་ར་ཕྲུག་རྔ་མ་བཙོས་ཡོད་པ་རེད།
- མོ་ལ་དེའི་ཁ་བསོད་ཡང་མེད་པ་རེད།