Skip to main content Skip to search
21 Jun 2018
2 min 51 sec
Video Overview
Creators: 
Duptho, Sonam Chophel

Lobzang Dorji, from Radhi Gewog, Trashigang, sings a Khoray song for cow herders. Lobzang says that this song is sung when they go with their cows, and he used to sing it often because he was a cow herder. He says that this Khoray song is sung when people or villagers approach them for dairy products. If people act harshly and rough, cow herders reply to them harshly in the form of a Khoray song, and they don’t give them the dairy products. Therefore, a Khoray song is a means of conversation between the cow herder and the villagers. It is also one of the means to overcome boredom for a cow herder when he is herding his cows.

 

བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས ནོར་རྫིཔ་གི་དོན་ལུ་ ཞབས་ཁྲ་ཁོ་རེས་ ཟེར་མི་འདི་འཐེན་འདི་ཡོདཔ་ཨིན། བློ་བཟང་གིས་སླབ་མི་ནང་ འ་ནི་ཞབས་ཁྲ་འདི་ ནོར་འཚོ་བའི་སྐབས་འཐེན་དོ་ཡོདཔ་དང་ སྔོན་མ་ཁོ་ ནོར་རྫིཔ་སྦེ་སྡོདཔ་ད་ ཁོ་གིས་ཡང་ ཞབས་ཁྲ་འདི་ ཚར་ལེས་ཤ་ཅིག་རང་ འཐེན་ཡི་ཟེར་ཨིན་མས། ད་རུང་ཁོ་གིས་སླབ་མི་ནང་ གཡུས་ཁའི་མི་ཚུ་ དར་ཚི་དང་ ཨོམ་ མར་ ལ་སོགས་པ་ཚུ་ ལན་པར་འོངམ་ད་ ཞབས་ཁྲ་འདི་ འཐེན་བྱིན་དོ་ཡོདཔ་ཨིན་མས། གལ་སྲིད་ མི་ཚུ་གིས་ བྱ་སྤྱོད་རྩུབ་དྲགས་སྦེ་བཏོན་པ་ཅིན་ ཁོང་གིས་ཡང་ ཁོ་རེས་ཟེར་བའི་ཞབས་ཁྲའི་ཐོག་ལས་ ཚིག་རྩུབ་དྲགས་ ལག་ལན་འཐབ་སྟེ་ ལེན་རྐྱབ་དོ་ཡོདཔ་ཨིན་མས། དེ་ལས་ དར་ཚི་དང་ ཨོམ་ མར་ ལ་སོགས་པ་ཚུ་ མ་བྱིན་པར་ ལོག་བཏང་དོ་ཡོདཔ་ཨིན་མས། དེ་འབདཝ་ལས་ ཁོ་རེས་ཟེར་མི་ཞབས་ཁྲ་འདི་ ནོར་རྫིཔ་དང་ གཡོས་ཁའི་མི་ཚུ་གིས་བར་ནང་ བརྒྱུད་འབྲེལ་འབད་ནིའི་ ཐབས་ལམ་ཅིག་ཨིནམ་མ་ཚད་ ནོར་རྫིཔ་ཚུ་ ནོར་འཚོ་སྡོད་ཕའི་སྐབས་ དབངམ་ངལ་སྡོདཔ་ད་ ཞབས་ཁྲ་འདི་འཐནམ་ཨིན་མས། 

 

Transcript search
No results found for this search
0 of 0
  • བློ་བཟང་རྡོ་རྗེ་ Lobzang Dorji
    ལགས་སོ་ཏེ་ ཧེ་མ་ ང་བཅས་ར་ ནོར་རྫིཔ་ད་ ང་བཅས་ར་ དལ་འབྱོར་མི་ལུས་ཐོབ་མི་ཅིགཔ་ག་ར་ ཟ་ནི་འཐུང་ནི་ས་ལུ་བསྟེན་དགོཔ་ སྒོ་ནོར་སེམས་ཅན་ལུ་བསྟེན་དགོཔ་ ནོར་ལྟ་དགོཔ་ ཏེ་འ་ནཱི་བཟུམ་སྦེ་ ཧེ་མའི་ལུང་བསྟན་འ་ནཱི་བཟུམ་ཡོད་པ་ ཕམ་ཚུ་གིས་ ཟ་ནི་འཐུང་ནིའི་ལུང་བསྟན་འ་ནཱི་བཟུམ་བསྟན་བཞགཔ་ལས་ཏེ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ནོར་རྫིཔ་སྦེ་སྡོད་པའི་བསྒང་འཐེན་པའི་གླུ་གཞས་ཨིན་མས། ང་བཅས་ཡང་ནོར་རྫིཔ་སྦེ་སྡོད་པའི་བསྒང་ལུ་ ཨ་ཙི་རེ་ ཏེ་འ་ནཱི་བཟུམ་དགོད་བྲོ་དོན་བདེན་རང་འབད་དེ་ ཨ་ཙི་རེ་འཐེན་པའི་དཔྱད་རིག་བཟུམ་ཅིག་འདུག་ ཏེ་ད་ ཧེ་མ་ ཧ་ལམ་རྒས་པའི་ ཨ་ཞང་ནོར་རྫིཔ་ཟེར་འབོ་བའི་ཚུལ་ཨིན་མས། ཏེ་ད་ ག་དེ་སྦེ་འཐེན་དེས་ཟེར་བ་ཅིན་ ད་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཕར་གྱི་མི་ ཨོམ་དང་དརཝ་འདི་ ནོར་རྫིཔ་ལུ་རྐྱངམ་ཅིག་འོང་ ཏེ་ཨོམ་དང་དརཝ་མེད་མི་ཚུ་གིས་ ཏེ་ཨ་ཞང་ནོར་རྫིཔ་ལས་ལྷང་འཐུང་ནི་གི་ ཏེ་ད་ བློ་ཚིག་ས་ཀྲག་སླབ་པ་ཅིན་ ཨོམ་དང་དརཝ་ལྷངམ་ད་མི་བྱིན་ཏེ་ ཁོ་ལུ་གླུ་གཞས་ཀྱི་ཚིག་ནང་བསྒྱུར་ཏེ་སླབ་པའི་ལུགས་སྲོལ་ཅིག་འདུག་ལགས། ག་དེ་སྦེ་འཐེན་ཏེ་འདུག་ཟེར་བ་ཅིན།
  • བློ་བཟང་རྡོ་རྗེ་ Lobzang Dorji
    རྒྱ་ཚ་མིན་གེ་བུ་གདོང་རྒྱན་ས་ཁོ་རེད། །ཨ་ཞང་ནན་ག་གསོལ་བམ་ས་ཁོ་རེད། ། རྒྱ་མིན་ལས་ཡང་གདོང་རྒྱན་ས་ཁོ་རེད། །ཨ་ཞང་ཁྱོད་ཀྱི་གསོལ་བམ་ས་ཁོ་རེད། ། ཟེར་འཐེནམ་ད་ ཨིན་ས་ཨིན་བུམོ་ ཨོམ་དང་དརཝ་རེ་འབག་སྦེ་འཐུངས་ཤིག་ ཟེརཝ་མས་ལོ། ཏེ་དེ་ལས་ དོ་རུང་འཐེན་ནུག ཨོམ་དང་དརཝ་ཚུ་འབག་སྟེ་འཐུངས་ཞིནམ་ལས་ དེ་འ་ནཱ་ལས་ལོག་སྟེ་ བཀའ་དྲིན་དགའ་ཚོར་གྱི་གླུ་གཞས་འཐེན་བྱིན་བྱིནམ་གྱི་ཚུལ་ཨིན་མས་ དེ་འབདཝ་ད་ ཨ་ཙི་ཅིག་ ག་དེ་སྦེ་འགྱོ་ཡི་ག་མ་ཤེས་ དེ་སྦེ་འཐེན་ནུག
  • བློ་བཟང་རྡོ་རྗེ་ Lobzang Dorji
    རྒྱ་བ་གེ་བུ་ཏུང་ཀུ་རུང་ས་ཁོ་རེད། །ཨ་ཞང་ནན་ག་མེ་ཝག་ཙ་ས་ཁོ་རེད། ། རྒྱ་བ་ལས་ཡང་ཏུང་ཀུ་རུང་ས་ཁོ་རེད། །ཨ་ཞང་ཁྱོད་ཀྱི་ཨམ་སྲུ་ས་ཁོ་རེད། ། ཟེར་འཐེནམ་ད་ མཇེ་བལྡག་ ད་ཅི་ང་གི་ཨོམ་དང་དརཝ་ལོག་འབག་ཤོག་ ཟེར་སླབ་དེས་ལོ་དེ་ལས་ ཨེ་ཧི་་་ ཨ་ནཱིམ་ཅིག་ཤེས་ལགས་ང་གིས་ ཨེ་ཧི་ཧི་ཧི་ཧ་ཧ་ཧ།། །།