Skip to main content Skip to search
01 Sep 2018
2 min 41 sec
Video Overview
Creators: 
Sherig Dentshog

Jamtsho from Tshelinggor village in Zobel Gewog sings a Khoray song. It is a folk song unique to Dungsam in Pemagatshel. The song is in Tshanglakha. This Khoray song is sung during the departure of family members, friends and relatives.

 

པདྨ་དགའ་ཚལ་རྫོང་ཁག་ བཟོ་སྦལ་རྒེད་འོག་ ཚེ་གླིང་སྒོར་གཡུས་ཚན་ལས་རྒྱ་མཚོ་གིས་ ཁོ་རེའི་གླུ་གཞས་ཅིག་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ པདྨ་དགའ་ཚལ་གདུང་བསམ་ཁ་ཐུག་ལུ་ གཞན་དང་མ་འདྲ་བའི་ངག་རྒྱུན་གྱི་སྲོལ་ཅིག་ཨིན་མས། ཁོ་རེའི་གླུ་གཞས་འདི་ པདྨ་དགའ་ཚལ་རྫོང་ཁག་ནང་ ཁྱབ་ཆེཝ་སྦེ་འཐེན་ནི་ཡོདཔ་ད་ དེ་ཡང་ མང་ཤོས་ཅིག་ ཤར་ཕྱོགས་པའི་ཁ་སྐད་ ཚངས་ལའི་ཁ་ནང་སྦེ་འཐེནམ་ཨིན་མས། རྒྱ་མཚོ་གིས་འཐེན་མི་ཁོ་རེ་འདི་ནང་ ང་བཅས་ར་འཇིག་རྟེན་མི་ཡུལ་ནང་ སྐྱེས་ཞིནམ་ལས་ཤི་ནི་གི་རང་བཞིན་ཅིག་ཨིན་ཏེ་འབད་རུང་ སེམས་ཁ་ལས་བརྗེད་དེ་ ཟ་ནི་དང་འཐུང་ནི་གི་མནོ་བསམ་རྐྱངམ་ཅིག་བཏང་སྟེ་ ཡེངས་འགྱོ་དོ་ཡོདཔ་ལས་ ཤི་ནི་ཨིནམ་སེམས་ཁར་དྲན་ཏེ་ མ་ཎི་བགྱང་དགོ་པའི་བསྐུལ་མ་བཟུམ་ཅིག་སྦེ་འཐེནམ་ཨིན་མས།

Transcript search
No results found for this search
0 of 0
  • རྒྱ་མཚོ་ Jamtsho
    ཐི་ནོང་ཐ་གོ་འཛོམས་མཁན་ས་ཁོ་རེད། །ཐེང་ཏ་སྙན་གསོན་གནང་ཤོ་ས་ཁོ་རེད། ། ད་རེས་ནཱ་ལུ་འཛོམས་མི་ས་ཁོ་རེད། །ཚུར་ལྟ་སྙན་གསོན་གནང་ད་ས་ཁོ་རེད། །
    Everyone gathered here today, Khoray! Please listen to me, Khoray!
  • རྒྱ་མཚོ་ Jamtsho
    ཤི་ལེ་སེམས་ལ་མ་ལ་ས་ཁོ་རེད། །ཟཱན་ཇམ་ཆོ་ལེ་སེམས་ཤི་ས་ཁོ་རེད། ། ཤི་ནི་སེམས་འདིན་མིན་འདུག་ས་ཁོ་རེད། །ཟ་འཐུང་སྡོད་ནི་སེམས་རྐྱངམ་ཅིག་ས་ཁོ་རེད། །
    We dont have the thought of dying, Khoray! The only thought is to eat and drink. Khoray!
  • རྒྱ་མཚོ་ Jamtsho
    ཁ་གིས་མ་ཎི་གྲངས་ཤོག་ས་ཁོ་རེད། །བསམ་པ་བཟང་པོ་མི་ཉི་ས་ཁོ་རེད། ། ཁ་གིས་མ་ཎི་གྱངས་ད་ས་ཁོ་རེད། །བསམ་པ་བཟང་པོ་བསྐྱེད་དེ་ས་ཁོ་རེད། །
    Recite prayer [Mani] with your month, Khoray! Always have a positive mind, Khoray!
  • རྒྱ་མཚོ་ Jamtsho
    ཐི་ནོང་འཛོམས་མ་མ་ཚད་ས་ཁོ་རེད། །ཡང་ཡང་འཛོམས་མེ་སྨོན་ལམ་ས་ཁོ་རེད། ། ད་རེས་འཛོམས་པ་མ་ཚད་ས་ཁོ་རེད། །ཡང་ཡང་འཛོམས་པའི་སྨོན་ལམ་ས་ཁོ་རེད།། ལགས་སོ་ལགས།། །།
    Not only we have gathered today, Khoray! [I] Pray that we meet again and again, Khoray! All right.