Skip to main content Skip to search
28 Jun 2018
9 min 26 sec
Video Overview
Creators: 
Sherig Dentshog

This song Dungsampai khoray is a song sung in olden day, where it is one of the cultures to sing the song in Dungsam Pemagatshel. The song was flourished or spreaded in our contry in the year of 1755. Dungsam pai Khoray is sung by Ap Lepo of Nangkhor village under Pemagatshel District. Ap Lepo sings this song to preserve the old culture of their village and to let the young ones take interest in the old Khoray. Before in olden times the song Khoray was sung while our great grandparents go for trading with our neighboring country Tibet and India. In the olden time there was no road like as of now so they use to walk where ever they go. Therefore song is Khoray is sung mainly to get rid of fear while crossing those unstable bridge and dangerous cliffs

གདུང་བསམ་པའི་ཁོ་རེ་འདི་ ཧེ་མ་ལས་འཐེན་ཡོདཔ་ལས་ གདུང་བསམ་པད་མ་དགའ་ཚལ་ལུ་ ཁོ་རེ་འཐེན་ནི་འདི་ ལམ་སྲོལ་གཅིག་ཨིན་མས། གླུ་གཞས་འདི་འབྲུག་རྒྱལ་ཁབ་ནང་ སྤྱི་ལོ་༡༧༥༥་ལུ་དར་ནུག། གདུང་བསམ་པའི་ཁོ་རེ་འདི་ པད་མ་དགའ་ཚལ་གཡུས་ནང་སྐོར་ལས་ཨཔ་ལེ་པོ་གིས་འཐེན་ནུག  ཨཔ་ལེ་པོ་གི་ཁོ་རེ་འདི་ ལམ་སྲོལ་རྒྱུན་སྐྱོང་འབད་ནིའི་དོན་ལུ་དང་ ན་གཞོན་ཚུ་ཁོ་རེ་ལུ་སྤྲོ་བ་བསྐྱོད་བཅུག་ནིའི་དོན་ལུ་ འཐེནམ་ཨིན་མས། ཧེ་མ་འབད་བ་ཅིན་གླུ་གཞས་ཁོ་རེ་འདི་ ང་བཅས་རའི་ཁྱིམ་ཚང་རྒྱལ་ཁབ་བོད་དང་རྒྱ་གར་ལུ་ ཚོང་འབྲེལ་འཐབ་པར་འགྱོ་བའི་སྐབས་འཐེནམ་ཨིན་མས། ཧེ་མ་འབྲུག་རྒྱལ་ཁབ་ལུ་ ད་རེས་ནངས་པར་བཟུམ་ འཁོར་ལམ་མེདཔ་ལས་ ག་ཏེ་འགྱོ་རུང་རྐང་འགྲུལ་འབད་དེ་ འགྱོ་དགོཔ་ལས་གླུ་གཞས་ཁོ་རེ་འདི་ ཉེན་ཁ་ཅན་གི་ཟམ་པ་དང་བྱག་གཟར་དྲགས་ཚུ་ བརྒལ་བའི་སྐབས་ འདྲོག་ནི་གསང་ནིའི་དོན་ལུ་འཐེནམ་ཨིན་མས།

Transcript search
No results found for this search
0 of 0
  • གླེ་པོ་
    Lepo: ལགས་སོ་ བཀའ་དྲིན་ཆེ། ད་ ང་བཅས་ར་ནཱ་ གདུང་བསམ་པ་གི་ དང་ཕུ་ཕམ་ཚུ་གིས་ གདུང་བསམ་པའི་ཁོ་རེད་ཟེར་ གླུ་གཞས་འཐེན་ནི་གི་ལུགས་སྲོལ་སྡོད་ཡི་ཟེར་ཞུ་ནི་ལགས།
  • གླེ་པོ་
    Lepo: དེ་འབདཝ་ད་ལུ་ ད་ ད་རེས་ནངས་པའི་དུས་ཚོད་ཀྱི་གནས་སྟངས་དང་ཁྲིལཝ་ད་ལུ་ ཏེ་དང་ཕུ་གི་ཁོ་རེད་གླུ་གཞས་ཚུ་ ཏེ་ཡལ་སུ་ཡལ་སུ་སྦེ་ ཏེ་སྤྲོ་བ་བསྐྱེད་དེ་བདག་འཛིན་ཐབ་སྟེ་ དང་ཕུ་ཕམ་ཚུ་གིས་འཐེན་མི་ཚུ་ གནམ་མེད་ས་མེད་ཅིག་མི་མཐོང་པས་ ཟེར་ཞུ་ནི།
  • གླེ་པོ་
    Lepo: ཨིན་རུང་ ང་ཡང་ ལོ་ན་ཚོད་རྒས་འགྱོ་ ཧེ་མའི་ ང་བཅས་བ་སྦོམ་ ཨང་རྒས་ཨ་རྒས་ཚུ་ རང་གི་ཕོ་རྒནམོ་དང་ཨ་ཞིམ་ཚུ་གིས་ དང་ཕུ་ང་བཅས་རའི་གདུང་བསམ་པའི་གླུ་གཞས་ངོ་མ་འདི་རང་ ཏེ་ཁོ་རེད་གླུ་གཞས་འདི་ཨིན་ཟེར་ སླབ་སྲོལ་འདུག དེ་འབད་ནི་འདི་གིས་ ང་གིས་ཡང་འཐེན་ལྟ་ཡི་ཟེར་ཞུ་ནི།
  • གླེ་པོ་
    Lepo: ཏེ་ད་ ད་ལྟོ་ལོག་འཐེན་བལྟཝ་ད་ ག་དེ་སྦེ་ཚགས་ཁར་ཚུད་འོང་ག་ ཏེ་ཨིན་རུང་ དང་ཕུ་གི་གླུ་གཞས་ཅིག་འབད་ནི་དེ་གིས་ ཏེ་ང་གིས་སྤྲོ་བ་གི་ཐོག་ལས་འབད་དེ་ མ་འོངས་པ་ ང་བཅས་རའི་ཨ་ལོ་ཚུ་ཡང་ ཏེ་ང་བཅས་ར་གདུང་བསམ་པའི་གླུ་གཞས་ཁོ་རེད་ཟེར་མི་འདི་ ཏེ་གདངས་འབད་རུང་ ཚིག་འབད་རུང་ཡང་ འ་ནཱི་བཟུམ་ཅིག་སྡོད་སྡོདཔ་འདྲས་ ཟེར་སླབ་ནི་གི་ ཏེ་ཤུལ་ལས་ བཤུས་ཅིག་ལུས་བཅུག་ཟེར་ ང་གིས་ད་ལྟོ་ གཅིག་ཕུལ་བལྟ་གེ་ཟེར་ཞུ་ནི། ཨིན་རུང་ གོ་ཆོདཔ་ཅིག་འོང་ག་མི་འོང་ག་ ག་ར་ཐུགས་རྗེ་མ་གནང་ཟེར་ཞུ་ནི་ལགས།
  • གླེ་པོ་
    Lepo: རྒྱ་གར་པདྨའི་ཐང་ཏེ་ས་ཁོ་རེད། །མ་གཱོད་ནེ་བུ་མཐོང་ལ་ས་ཁོ་རེད། །ཉ་མོ་ཨོ་ལོང་ཇི་ཏེ་ས་ཁོ་རེད། །གར་འཆམ་ཕེ་ལོ་མཐོང་ལ་ས་ཁོ་རེད། ། རྒྱ་གར་པདྨའི་ཐང་འདི་ས་ཁོ་རེད། །མ་ལྟ་རུང་མཐོང་མས་ས་ཁོ་རེད། །ཉ་མོ་ཨོ་ལོང་ཇི་འདི་ས་ཁོ་རེད། །གར་འཆམ་རྐྱབ་ས་མཐོང་མས་ས་ཁོ་རེད། །
  • གླེ་པོ་
    Lepo: གོང་ལམ་ར་གའི་སྡེགས་པ་ས་ཁོ་རེད། །ར་སྡེངས་ར་གའི་བཙུགས་ཅ་ས་ཁོ་རེད། །བྱ་འོ་མབ་ཀ་སྟབས་ཀྱིས་ས་ཁོ་རེད། །རེ་བོ་མ་ལ་དག་ཉི་ས་ཁོ་རེད། ། འགྱེན་ལམ་རྩཝ་ལས་བཙུགསཔ་ད་ས་ཁོ་རེད། །རྩ་བ་མཇུག་ལས་བཙུགསཔ་ཨིན་ས་ཁོ་རེད། །ཁེ་ཀོ་མེད་པའི་སྟབས་ཀྱི་ས་ཁོ་རེད། །འབད་རང་མི་ཚུགས་པས་ས་ཁོ་རེད། །
  • གླེ་པོ་
    Lepo: ལ་ཆེན་ལ་རི་ཟོར་ཏེ་ས་ཁོ་རེད། །ངབ་ཀ་རེག་པ་མཐོང་ལ་ས་ཁོ་རེད། །གོམ་པང་སྤོ་ཉི་སྤོ་ཉི་ས་ཁོ་རེད། །ཨའི་ག་འོག་ཀ་ཚུད་པེ་ས་ཁོ་རེད། ། ལ་ཆེན་ལ་རི་སྤོག་ཏོ་འདི་ས་ཁོ་རེད། །གནམ་ཁར་རེག་རེགཔ་མཐོང་མས་ས་ཁོ་རེད། །གོམ་ཐེངས་སྤོ་ཡི་སྤོ་ཡི་ས་ཁོ་རེད། །ང་བཅས་འོག་ལུ་ཚུད་འོང་ས་ཁོ་རེད། །
  • གླེ་པོ་
    Lepo: གོང་མའི་གོང་ལམ་ད་ཟ་ས་ཁོ་རེད། །གོང་མའི་གོང་མའི་ག་ཏ་ས་ཁོ་རེད། །ཆུ་མེ་མ་བ་གོང་ལམ་ས་ཁོ་རེད། །ཨི་བིས་མིང་མ་ག་ཡ་ས་ཁོ་རེད། ། འཛེགས་ནི་གྱེན་ལམ་ཆུང་ཀུ་ས་ཁོ་རེད། །འཛེགས་ཅི་འཛེགས་ཅི་ཡར་ལྟ་ས་ཁོ་རེད། །རྫོགས་ནི་མེད་པའི་འགྱེན་ལམ་ས་ཁོ་རེད། །ག་གིས་བཏགས་བཏགསཔ་སྨོ་ས་ཁོ་རེད། །
  • གླེ་པོ་
    Lepo: ལ་ཆེན་ལ་རི་ཟོར་ག་ས་ཁོ་རེད། །ཤ་ཝ་ཕོ་མོ་ཉིག་ཙིང་ས་ཁོ་རེད། །གར་འཆམ་ཕེ་ལོ་མཐོང་ལ་ས་ཁོ་རེད། །ཁཱོད་ཀིན་ག་ཏ་གཱོད་ཅོ་ས་ཁོ་རེད། ། ལ་ཆེན་ལ་རི་སྤོག་ཏོ་ཁར་ས་ཁོ་རེད། །ཤ་ཝ་ཕོ་མོ་གཉིས་ས་ཁོ་རེད། །གར་འཆམ་རྐྱབ་ས་མཐོང་མས་ས་ཁོ་རེད། །སྐུདཔོ་ཡར་ལྟ་བལྟ་ས་ཁོ་རེད། །
  • གླེ་པོ་
    Lepo: ཆུ་མོ་སྦི་བརྐྱང་བརྐྱང་བརྐྱང་ཏེ་ཁོ་རེད། །ཉ་མོ་ཨོ་ལོང་ཇི་བག་ས་ཁོ་རེད། །གར་འཆམ་ཕེ་ལོ་མཐོང་ལ་ས་ཁོ་རེད། །མ་ཐང་དོང་ཏ་གཱོད་ཅོ་ས་ཁོ་རེད། ། ཆུ་མོ་རྐངམ་བརྐྱང་བརྐྱང་བརྐྱང་འདི་ཁོ་རེད། །ཉ་མོ་ཨོ་ལོང་ཇི་ཚུ་ས་ཁོ་རེད། །གར་འཆམ་རྐྱབ་ས་མཐོང་མས་ས་ཁོ་རེད། །མ་ཐང་མར་ལྟ་བལྟ་ས་ཁོ་རེད། །
  • གླེ་པོ་
    Lepo: འཐག་ཅུང་གོང་ལམ་ན་དང་ས་ཁོ་རེད། །ཆུམ་ནེ་ཆུམ་ཚོ་མ་ལ་ས་ཁོ་རེད། །ཁཱོད་ཀིན་དམ་ཚིག་ཆོ་ནེ་ས་ཁོ་རེད། །ལབ་ཀ་ཤོང་ཐུར་ཨོ་དོ་ས་ཁོ་རེད། ། འཐག་ཅུང་འགྱེན་ལམ་ངལ་འཚོ་ས་ཁོ་རེད། །རྫོགས་ནི་ཟེརཝ་ཡང་མིན་འདུག་ས་ཁོ་རེད། །སྐུདཔོ་དམ་ཚིག་ཡོད་ན་ས་ཁོ་རེད། །ལམ་ཁར་ཨ་ཙི་འོང་གནང་ས་ཁོ་རེད། །
  • གླེ་པོ་
    Lepo: དུས་ཚོད་གནམ་དང་བསྟུན་ཉི་ས་ཁོ་རེད། །ཤིང་མོ་ད་ཀ་ཐུང་གའི་ས་ཁོ་རེད། །བྱ་མོ་པིན་པའི་གཡུ་རུང་ས་ཁོ་རེད། །ནན་ཇིག་པ་རང་མ་ཕེན་ས་ཁོ་རེད། །ཁོ་རེད།། །། དུས་ཚོད་གནམ་དང་བསྟུན་ཏེ་ས་ཁོ་རེད། །ཤིང་མོ་ཞལ་ལག་རྩེ་ལས་ས་ཁོ་རེད། །བྱ་མོ་གསེརཔ་བྱི་རུ་ས་ཁོ་རེད། །ཁྱོད་སྐད་རྐྱབ་ད་མ་དགའ་ས་ཁོ་རེད། །ཁོ་རེད།། །།