Skip to main content Skip to search
20 Jun 2018
2 min 19 sec
Video Overview
Creators: 
Duptho, Sonam Chophel

83-year-old Naku from Phongmey, Trashigang sings an old local song entitled Dungsampi Khoray. This local song is said to be from the seventeenth or eighteenth century, but there is not yet any corroborating evidence from that time. This song was sung when people took trips to trade. It is believed that the song eased the mood of exhausted business men. They sung this song when they took rest during their trip. It is also said that people expressed their inner feelings through this song. Not all people know this song, due to its complex melody and lyrics. There is no accompanying dance with this song.

 

བཀྲིས་སྒང་རྫོང་ཁག  ་ཕོངས་མེད་རྒེད་འོག་ ལས་འབད་མི་ སྐྱེས་ལོ་ ༨༣་ལང་མི་ ཨ་རྒས་གནག་ཀུ་གི་ གཡུས་ཁའི་ ཞབས་ཁྲ་སྙིངམ་ གདུང་བསམ་པའི་ཁོ་རེ་ ཟེར་མི་འདི་ འཐེན་ནུག། ཞབས་ཁྲ་འདི་ཡང་ དུས་རབས་༡༧་དང་༡༨་ནང་ལུ་ འབྱུང་ཡོདཔ་ལས་ སྤྱི་ཚེས་འདི་ གརྟེན་འཁེལ་དང་ ཁེས་ལེན་ཚུ་ ག་ནི་ཡང་ མེདཔ་ཨིན་མས། ཞབས་ཁྲ་དེ་ཡང་ ཧེ་མ་ མི་ཚུ་ ཚོང་འབྲེལ་ འཐབ་བ་འགྱོ་བའི་སྐབས་ འཐེན་དོ་ ཡོདཔ་ཨིན་མས། དེ་ཡང་ ཚོང་འབྲེལ་པ་ ཚུ་ འུ་སྡུག་བའི་ ཚོར་ཉམས་ཚུ་ བདེ་དྲགས་བཟོཝ་ཨིན་ ཟེར་བའི་ ཡིད་ཆེས་བསྐྱེདཔ་ཨིན་མས། དེ་འབདཝ་ལས་ ཁོང་གི་ ཞབས་ཁྲ་འདི་ ཚོང་འབྲོལ་འཐབ་ཏེ་ ལོག་འོང་བའི་ ལམ་ཁར་ ངལ་འཚོའི་སྐབས་ འཐེན་དོ་ ཡོདཔ་ཨིན་མས། དེ་མ་ཚད ་ཞབས་ཁྲ་ འཐེན་པའི་སྐབས་ མི་རང་རང་སོ་སོའི་ ནང་གི་ ཚོར་སྣང་ཐོག་ལས་ བཤདཔ་ལས་ བརྟེན་ ་མི་ག་ར་གིས་ ཞབས་ཁྲ་འདི་གི་ གདངས་དང་ ཚིག་ཚུ་ མི་ཤེས་དོ་ ཡོདཔ་མས། ཞབས་ཁྲ་འདི་ ངག་ཐོག་ལས་ མ་གཏོགས་ ཡིག་ཐོག་དང་གོ་རིམ་འབད་ འགྲུབ་སྟེ་ མེདཔ་ཨིན།

Transcript search
No results found for this search
0 of 0
  • ནག་ཀུ་ Naku
    གདུང་བསམ་བདེ་བའི་ཐང་ག་ས་ལ་ཁོ་རེད། །ཆེ་ནང་རི་གོ་འཛོམས་མ་ས་ཁོ་རེད་དག་ནི། ། གདུང་བསམ་བདེ་བའི་ཐང་ལུ་ས་ཁོ་རེད། །ཆེ་ནང་རི་ལུ་འཛོམས་ཆི་ས་ཁོ་རེད་ཟེར། །
  • ནག་ཀུ་ Naku
    གདུང་བསམ་ཆེ་ནང་རི་ག་ས་ལ་ཁོ་རེད། །ང་ད་ཟེ་ལུང་སམ་ཕྲཱ་ཁའི་ཕ་བ་ས། ། གདུང་བསམ་ཆེ་ནང་རི་ལུ་ས་ཁོ་རེད། །ཉ་ཆུང་རྡོ་གསུམ་གྱི་འོག་ལས་འབག་འོང་ཡི་ས། །
  • ནག་ཀུ་ Naku
    ཨེའི་ ང་ད་ཟ་ལ་སྡིག་པ་ཨོ་ཕི་ཉི་? དག་ཉི་ཡེག་ཆོ་བ་ཨོ་ཉ་ཨ་བི་གིས་ ཉི་སྲོག་ཅ་ཀ་སྡིག་པ་ཧང་མང་ཕེ་ཡ་དག་པ། ཨེའི་ ཉ་ཆུང་འདི་སྡིག་པ་འོང་སྨོ? ཟེར་སླབ་དེས་ཨ་ནཱི་ཨང་རྒས་ཀྱིས་ ཏེ་སྲོག་ཡོདཔ་ལས་སྡིག་པ་ག་ཅི་མི་འོང་ནི་ཟེར་སླབ་ཅི།
  • ནག་ཀུ་ Naku
    གདུང་བསམ་ཆེ་ནང་རི་ག་ས་ལ་ཁོ་རེད། །ལེ་སེ་རོང་སམ་ལུས་པ་ས་ཁོ་རེད། ། གདུང་བསམ་ཆེ་ནང་རི་ལུ་ས་ཁོ་རེད། །ངང་ལག་དོས་གསུམ་ལུས་སོ་ཡི་ས་ཁོ་རེད། །
  • ནག་ཀུ་ Naku
    གདུང་བསམ་ཆེ་ནང་འཛོམས་མོ་ས་ཁོ་རེད། །མི་འཛམ་འཛོམས་ཁེ་དག་ནི་ས། ། གདུང་བསམ་ཆེ་ནང་འཛོམས་མོ་ས་ཁོ་རེད། །མི་འཛམ་འཛོམས་གེ་ཟེར་ས། །
  • ནག་ཀུ་ Naku
    གདུང་བསམ་ཕ་ཇོ་རྩེ་གོ་ས་ལ་ཁོ་རེད། །བྷ་ཀྲོ་ཀཝ་ཀཝ་ཀི་ཀི་ས་ཁོ་རེད།། །། གདུང་བསམ་ཕ་ཇོ་རྩེ་ལུ་ས་ཁོ་རེད། །བྷ་ཀྲོ་ཀཝ་ཀཝ་ཀི་ཀི་ས་ཁོ་རེད།། །།